གསའ་བན་དེ།སྔ་མའི་པར་གཞི་དེ མགོན11  ནས 2022-05-16 09:42ལ་འགྲུབ།

གསའ་བན་དེ།

གསའ་བན་དེ།
གསའ་བན་དེ་ནི་མི་ཟ་མཁན་གྱི་གསའ་འདྲེ་ཞིག་སྟེ། རྒྱུན་པར་གསའ་དངོས་དང་འདྲ་བར་ཀོག་གིས་འགྲོ་བའི་གཅན་གཅན་ཞིག་གི་གཟུགས་སུ་ཡོད་ཀྱང་། སྐབས་འགར་རྔ་མ་མགོ་ལ་ཞྭ་ལྟར་དཀྲིས་ནས་ཀེག་གིས་ལངས་ན་ཝ་ཞྭ་གྱོན་པའི་མི་ཞིག་དང་འདྲ་བོ་ཡོད་པ་དང་། ཁོས་མི་སུ་ཞིག་གི་རྗེས་ལ་སྣོམ་ཙམ་བྱས་ན་མི་དེའི་མིང་ཤེས་ཐུབ་པར་མ་ཟད། ཁོས་གང་ཟ་འདོད་པའི་མི་དེའི་མིང་ནས་བོས་ཏེ་ང་ལ་སྒུགས་ཤིག་གམ་འདིར་ཤོག་ཅིག་འབོད་པ་རེད།
1 ​ངོ་སྤྲོད། 

གསའ་བན་དེ་ནི་མི་ཟ་མཁན་གྱི་གསའ་འདྲེ་ཞིག་སྟེ། རྒྱུན་པར་གསའ་དངོས་དང་འདྲ་བར་ཀོག་གིས་འགྲོ་བའི་གཅན་གཅན་ཞིག་གི་གཟུགས་སུ་ཡོད་ཀྱང་། སྐབས་འགར་རྔ་མ་མགོ་ལ་ཞྭ་ལྟར་དཀྲིས་ནས་ཀེག་གིས་ལངས་ན་ཝ་ཞྭ་གྱོན་པའི་མི་ཞིག་དང་འདྲ་བོ་ཡོད་པ་དང་། ཁོས་མི་སུ་ཞིག་གི་རྗེས་ལ་སྣོམ་ཙམ་བྱས་ན་མི་དེའི་མིང་ཤེས་ཐུབ་པར་མ་ཟད། ཁོས་གང་ཟ་འདོད་པའི་མི་དེའི་མིང་ནས་བོས་ཏེ་ང་ལ་སྒུགས་ཤིག་གམ་འདིར་ཤོག་ཅིག་འབོད་པ་རེད། གལ་ཏེ་མི་དེས་གསའ་བན་དེ་ཡིན་པ་ཤེས་པར་ངོ་ཤེས་ཀྱི་མི་ཞིག་དང་ནོར་ཏེ་གམ་ཏུ་བཅར་ན་གསའ་བན་དེས་བཟུང་ནས་ཟོས་འགྲོ་བ་རེད། གནའ་སྔ་མོར་རྐང་ཐང་གིས་དབུས་མཇལ་ལ་འགྲོ་མཁན་ཚོར་གསའ་བན་དེར་འཕྲད་རབས་ཀྱི་གཏམ་རྒྱུད་མང་པོ་ཡོད་ལ། གསའ་བན་དེའི་གཏམ་རྒྱུད་ནི་མདོ་དབུས་ཁམས་གསུམ་གྱི་ས་ཆ་མང་ཆེ་བར་ཡོད་པའི་ངག་རྒྱུན་ཞིག་རེད་དོ༎

བརྡ་འགྲེལ་གདོང་འཛར།

གསའ། གསའ་བན་དེ། ཤ་ཟ་མཁན། གསའ་འདྲེ།