དོ་དམ་ཆ་འཕྲིན་རྒྱུད་ཁོངས་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བའི་རིག་ཚན་གསར་བ་ཞིག་ཡིན། རྩིས་འཁོར་ལག་རྩལ་དང་བརྡ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས་མུ་མཐུད་དུ་གསར་སྒྱུར་བྱེད་བཞིན་ཡོད།
དུས་རབས20པར་གོ་ལ་ཧྲིལ་པོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་དཔལ་འབྱོར་རིག་པ་མཁས་ཅན་མང་པོ་ཞིག་གིས་དོ་དམ་གྱི་རིགས་པའི་གཞུང་ལུགས་གསར་པ་བཏོན་ཡོད། དུས་རབས20པའི་ལོ་རབས50པར། ཞི་མེང་གིས་དོ་དམ་བྱེད་རྒྱུ་དེ་ཆ་འཕྲིན་དང་ཐབས་ཇུས་ལ་བརྟེན་དགོས་པའི་བསམ་བློ་བཏོན། སྐབས་དེའི་ཝེ་ན་ཡིས་ཚོད་འཛིན་སྨྲ་བ་སྤེལ་ཞིང་། ཁོས་བསམ་པར་དོ་དམ་ནི་བརྒྱུད་རིམ་ཞིག་ཡིན་པར་འདོད། སྤྱི་ལོ1958ལོར་ཀའེ་ཨེར་གྱིས“དོ་དམ་གྱིས་མ་གནས་ཅུང་དམའ་བའི་ཐོག་ནས་དུས་ཐོག་ཏུ་གནད་ལ་འཁེལ་བའི་ཆ་འཕྲིན་ཐོབ་སྟེ་ཚོད་འཛིན་ཅུང་ཡག་པོ་བྱ་རྒྱུ”ཅེས་བྲིས་ཡོད། སྐབས་འདིར། རྩིས་འཁོར་གྱིས་རྩིས་གཉེར་བྱ་བར་བཀོལ་འགོ་བརྩམས་ཏེ། གཞི་གྲངས་ཐག་གཅོད་ཅེས་པའི་ཐ་སྙད་བྱུང་བ་རེད།
སྤྱི་ལོ1985ལོར་དོ་དམ་ཆ་འཕྲིན་མ་ལག་གསར་གཏོད་བྱེད་མཁན་མིན་ཉི་སུའུ་ཏ་སློབ་ཆེན་གྱི་དོ་དམ་རིག་པའི་དགེ་རྒན་ཆེ་མོ་བGordon B.Davisཡིས་དོ་དམ་ཆ་འཕྲིན་མ་ལག་ལ་ཅུང་ཆ་ཚང་བའི་མཚན་ཉིད་བཞག་པ་སྟེ།“དོ་དམ་ཆ་འཕྲིན་མ་ལག་ནི་རྩིས་འཁོར་གྱི་མཉེན་ཆས་ཐོན་ཁུངས་བེད་སྤྱད་ནས་ལག་ཤེས་ལས་ཀ་བྱེད་པ་དང་། དབྱེ་ཞིབ་དང་། འཆར་གཞི། ཚོད་འཛིན། ཐབས་ཇུས་དཔེ་དབྱིབས་བཅས་དང་དེ་བཞིན་གྲངས་གཞིའི་མཛོད་ཀྱི་མི་དང་འཕྲུལ་འཁོར་མ་ལག་ཅིག་ཡིན།
ཞིབ་འཇུག་དང་ལག་ལེན་འབོར་ཆེན་གྱི་ཐོག་ནས་གསལ་བཤད་བྱས་དོན། རང་རྒྱལ་དུ་དོ་དམ་གྱི་ཆ་འཕྲིན་མ་ལག་བེད་སྤྱོད་བྱེད་པར་རྒྱལ་ཕམ་ཇི་ཡོང་ནི་ལག་རྩལ་དང་། མ་དངུལ། འཕྲིན་སྦྲེལ་དྲ་བའི་མ་ལགཉེར་སྤྱོད་མཉེན་ཆས། མཉེན་ཆས་བཅས་ལག་ལེན་བསྟར་མིན་ལ་རག་ལས་པ་མ་ཡིན་པར། ད་དུང་ཁེ་ལས་ཀྱི་དོ་དམ་རྨང་གཞི་དང་རིག་གནས་ཀྱི་རྨང་གཞི་ལ་སོགས་པའི་མཉེན་པའི་ཁོར་ཡུག་ལ་རག་ལས་པ་མ་ཟད། མཉེན་པའི་ཁོར་ཡུག་དེ་དག་གིས་ཀྱང་ནུས་པ་སྔར་ལས་གལ་ཆེན་འདོན་བཞིན་ཡོད། དོ་དམ་ཆ་འཕྲིན་མ་ལག་ནི་མི་ཞིག་གི་འཕྲུལ་ཆས་དོ་དམ་མ་ལག་ཡིན་པ་དང་། དོ་དམ་ཆ་འཕྲིན་མ་ལག་ནི་ཆ་འཕྲིན་འཁོར་རྒྱུག་བདེ་བླག་དང་དོ་དམ་ཚད་ལྡན་གྱི་ཁེ་ལས་ཁྲོད་ད་གཟོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ།
རྒྱུད་ཁོངས་འཆར་འགོད་དུས་རིམ་གྱི་ལས་འགན་ནི། སྔོན་གྱི་མ་ལག་ལ་ཐོག་མའི་བརྟག་དཔྱད་བྱས་པའི་རྨང་གཞིའི་སྟེང་དུ་མ་ལག་གསར་བ་གསར་སྤེལ་བྱེད་པའི་བླང་བྱ་བཏོན་ཏེ། དགོས་མཁོ་དང་སྒྲུབ་ཐུབ་ཚོད་ལ་གཞིགས་ནས་མ་ལག་གསར་བ་འདོན་སྤྲོད་བྱེད་པའི་སྤྱིའི་ཇུས་གཞི་བཏོན་པ་མ་ཟད། ཇུས་གཞི་འདི་དག་ལག་བསྟར་བྱེད་ཐུབ་མིན་ལ་དབྱེ་ཞིབ་བྱས་ཏེ། མ་ལག་གསར་འབྱེད་འཆར་གཞི་དང་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་སྙན་ཞུ་ཡིག་ཆ་གཉིས་བྱུང་བ་རེད།
རྒྱུད་ཁོངས་དབྱེ་ཞིབ་དུས་རིམ་གྱི་ལས་འགན་ནི་རྒྱུད་ཁོངས་གསར་སྤེལ་འཆར་གཞིའི་གཏན་འཁེལ་གྱི་ཁྱབ་ཁོངས་ལྟར། ད་ལྟ་སྤྱོད་བཞིན་པའི་རྒྱུད་ཁོངས་ལ་བརྟག་དཔྱད་ཞིབ་མོ་བྱས་ཏེ། ད་སྤྱོད་རྒྱུད་ཁོངས་ཀྱི་ལས་སྒོའི་བརྒྱུད་རིམ་བརྗོད་པ་དང་། ད་སྤྱོད་རྒྱུད་ཁོངས་ཀྱི་བཀག་རྒྱའི་རང་བཞིན་དང་མི་འདང་བའི་ཆ་བསྟན་པ་དང་། མ་ལག་གསར་བའི་གཞི་རྩའི་དམིགས་འབེན་དང་གཏན་ཚིགས་དཔེ་དབྱིབས་གཏན་ལ་ཕབ་པ་རེད། དུས་རིམ་འདིར་གཏན་ཚིགས་ཇུས་འགོད་དུས་རིམ་ཡང་ཟེར།
རྒྱུད་ཁོངས་འཁོར་སྐྱོད་བྱས་རྗེས། རྒྱུན་པར་སྲུང་སྐྱོང་བྱས་ཏེ། རྒྱུད་ཁོངས་འཁོར་སྐྱོད་གནས་ཚུལ་ཟིན་ཐོར་འགོད་པ་དང་། གོ་རིམ་ངེས་ཅན་ཞིག་ལ་གཞིགས་ནས་མ་ལག་ལ་དགོས་ངེས་ཀྱི་བཟོ་བཅོས་བརྒྱབ་སྟེ། མ་ལག་གི་ལས་ཀའི་སྤུས་ཚད་དང་དཔལ་འབྱོར་ཕན་འབྲས་ལ་གདེང་འཇོག་བྱ་དགོས།