འུ་སུ་དྲུག་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-19 08:23ལ་འགྲུབ།

འུ་སུ་དྲུག་པ།

སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་སྐྱུར་ལ་མངར་ཚ་ལྡན་པ། དྲི་ཞིམ་པ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་རིལ་གང་རུང་།
1 སྡེབ་ཁ། 

འུ་སུ30 སྟར་བུ20 ཤིང་མངར20 ཀྱི་ལྕེ20 པི་ལིང20 ཡ་བཀྴ20སྦྱར། 

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་བ་ཞིག་ཡིན། དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ན་ཡང་རུང་།

3 མདོག་དང་ངོ་བོ། 

སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་སྐྱུར་ལ་མངར་ཚ་ལྡན་པ། དྲི་ཞིམ་པ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། ཕྱེ་མ་ཆུ་ཁོལ་འཕུལ་བཏང་བས༎ སྦོ་འོར་གཟེར་དང་འཁྲུ་བ་སེལ༎ ཞེས་གསུངས་སོ༎

5 ཐུན་ཚད་དང་བསྟེན་ཐབས། 

སྨན་འདི་ཐེངས་རེར་ཁེ1ནས2རེ་དང་། ཉིན་རེར་ཐེངས2ནས3རེ་ཕུལ་དགོས། 

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

འུ་སུ་དྲུག་པ། གསོ་རིག