འུ་སུ་བཞི་བ།སྔ་མའི་པར་གཞི་དེ འབྲོངDruglha ནས 2022-05-18 09:06ལ་འགྲུབ།
འུ་སུ50 གླ་སྒང50 སྒ་སྐྱ50 ལ་ཕུག་འབྲུ50སྦྱར།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་བ་ཞིག་ཡིན། དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ན་ཡང་རུང་།
སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་མངར་ལ་ཚ་བ། དྲི་ཞིམ་པ། ནུས་པ་དྲོ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། ཆ་མཉམ་ཞིབ་བཏགས་ཆུ་ཁོལ་ཚ་མོས་འཕུལ༎ ཐུན་ཚད་ཆེ་ཙམ་བཏང་ན་གྲང་རླུང་ནད༎ ཀུན་ལ་ཕན་པ་མྱོང་གྲུབ་ཁྱད་འཕགས་ཡིན་ཞེས་གསུངས་སོ༎
སྨན་འདི་ཐེངས་རེར་ཁེ1ནས2རེ་དང་། ཉིན་རེར་ཐེངས2ནས3རེ་ཕུལ་དགོས།
སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།