གཟེར་འཇོམས་དྲག་པོ་དགུ་སྦྱོར།སྔ་མའི་པར་གཞི་དེ འབྲོངDruglha ནས 2022-05-18 08:39ལ་འགྲུབ།
གུ་གུལ20 ཆུ་རྩ30 ཐར་ནུ54 དུར་བྱིད60 གི་ཧང12 གླ་རྩི4 བཙན་དུག30ཤ་ཆེན21 ཤུ་དག9སྦྱར།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྨན་གྱི་སྦྱོར་བ་ཞིག་ཡིན། དེང་སང་གི་ཚད་གཞི་ལྟར་རིལ་བུ་ཡང་བཟོས་ཆོག
སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་བསྐ་ལ་ཅུང་ཚ་བ། ནུས་པ་རྩུབ་པ། བཟི་ཡོད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། གཟེར་སྨན་དགུ་བ་ཞེས་བྱ་གཉན་གཟེར་འཇོམས་ཞེས་གསུངས་སོ༎
སྨན་འདི་ཐེངས་རེར་ཁེ1རེ་དང་། ཉིན་རེར་ཐེངས2ནས3རེ་ཕུལ་དགོས།
སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།