གཟིག་ཆེན་སུམ་གྲོལ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-18 08:38ལ་འགྲུབ།

གཟིག་ཆེན་སུམ་གྲོལ།

སྨན་འདི་ཁ་དོག་སྐྱ་བོ་ཅན། རོ་ཁ་བ། དྲི་ཞིམ་པ། ནུས་པ་བསིལ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་མ།
1 སྡེབ་ཁ། 

ཕུར་ནག30 སྟོང་ཟིལ30 གང་གཱ་ཆུང30སྦྱར། 

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་བ་ཞིག་ཡིན།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སྐྱ་བོ་ཅན། རོ་ཁ་བ། དྲི་ཞིམ་པ། ནུས་པ་བསིལ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། མཆེ་བའི་དུག་འཇོམས་གཟིག་ཆེན་སུམ་འགྲོལ་འདིས༎ ཁྱི་སྨྱོན་ནད་ལ་བདུད་རྩི་ཐེངས་སེལ་ཡིན་ཞེས་གསུངས་སོ༎ 

5 ཐུན་ཚད་དང་བསྟེན་ཐབས། 

སྨན་འདི་ཐེངས་རེར་ཁེ1ནས2རེ་དང་། ཉིན་རེར་ཐེངས2ནས3རེ་གུ་གུལ་གྱི་ཐང་གིས་ཕུལ་དགོས། 

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཕྱེ་མའི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

གཟིག་ཆེན་སུམ་གྲོལ། གསོ་རིག