ཟླ་ཤེལ་ཆུང་ངུ་།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-18 08:31ལ་འགྲུབ།

ཟླ་ཤེལ་ཆུང་ངུ་།

སྨན་འདི་ཁ་དོག་སྨུག་ནག་ཅན། རོ་བསྐ་བ། ནུས་པ་བསིལ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
རིལ་བུ།
1 སྡེབ་ཁ། 

ཅོང་ཞི10 ལྕགས་ཕྱེ10 གཉེན་པོ་གསུམ5རེས་སྦྱར། 

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པ་འདམ་འཐག་བྱ། ལག་ལེན་མན་ངག་གནས་དང་ལྡན་པ་ཡིས། རིལ་བུ་ཁེ1ཙམ་དུ་དྲིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན།

3 མདོག་དང་ངོ་བོ། 

སྨན་འདི་ཁ་དོག་སྨུག་ནག་ཅན། རོ་བསྐ་བ། ནུས་པ་བསིལ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། སྦྱར་བ་ཟླ་ཤེལ་ཆུང་ངུ་སྟེ༎ བད་སྨུག་གཡུལ་ལས་རྒྱལ་བར་འགྱུར་ཞེས་གསུངས་སོ༎ 

5 ཐུན་ཚད་དང་བསྟེན་ཐབས། 

སྨན་འདི་ཐེངས་རེར་རིལ་བུ1རེ་དང་། ཉིན་རེར་ཐེངས1ནས2རེ་ཕུལ་དགོས། 

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་རིལ་བུའི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

ཟླ་ཤེལ་ཆུང་ངུ་། གསོ་རིག