ཟུར་ལུགས་རྒྱམ་ཚྭ་བཞི་བ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-17 08:44ལ་འགྲུབ།

ཟུར་ལུགས་རྒྱམ་ཚྭ་བཞི་བ།

སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་ལན་ཚ་བ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་རིལ་གང་རུང་།
1 སྡེབ་ཁ། 

རྒྱམ་ཚྭ15 ཨ་རུ་ར15 གསེར་གྱི་མེ་ཏོག15 པི་པི་ལིང15སྦྱར། 

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་སོ་སྨན་ཕྱེ་མའི་སྦྱོར་བ་ཞིག་ཡིན། དེང་སང་གི་ཚད་གཞི་ལྟར་རིལ་བུ་ཡང་བཟོས་ཆོག

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་ལན་ཚ་བ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། མ་ཞུས་རྒྱུ་བྱས་སྒྲེག་སྐྱུགས་དང་༎ ཟས་མི་འཇུ་བ་སེལ་བར་བྱེད་ཅེས་གསུངས་སོ༎

5 ཐུན་ཚད་དང་བསྟེན་ཐབས། 

སྨན་འདི་ཐེངས་རེར་ཁེ1རེ་དང་། ཉིན་རེར་ཐེངས2ནས3རེ་ཕུལ་དགོས།   

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

གསོ་རིག སྨན་རྫས།