ཟུག་རྔུ་བཅད་འབྱིན་གྲུས་ཆོགསྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-17 08:44ལ་འགྲུབ།

ཟུག་རྔུ་བཅད་འབྱིན་གྲུས་ཆོག

སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་ཅུང་ཚ་བ། ནུས་པ་དྲོ་བ། བཟི་ཅན་གྱི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྗས།
རྣམ་པ།
ཕྱེ་མ།
1 སྡེབ་ཁ།

ར་དུག30 ཐང་ཕྲོམ་དཀར་པོ20 རེ་ལྕག20 ཤོག་ཤིང20 གླ་རྩི10 ཨ་རུ20སྦྱར། 

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་སོ་སྨན་ཕྱེ་མའི་སྦྱོར་བ་ཞིག་ཡིན།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་ཅུང་ཚ་བ། ནུས་པ་དྲོ་བ། བཟི་ཅན་གྱི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། རྐང་ལག་གཟེར་སྐྲངས་སྐམ་ཟུག་ཆེ་བ་ལ༎ ཆུར་སྦྱངས་སྔགས་བཏབ་ན་སར་ཡང་ཡང་བཀྲུ༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཁེ1ནས2རེ་དང་། ཉིན་རེར་ཐེངས3ནས4རེ་བར་ཆུས་སྦངས་ནས་གསང་སྔགས་ཀྱིས་རླབ་ནས་ན་སར་བཀྲུ་དགོས།   

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་བཀྲུ་སྨན་ཕྱེ་མའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།