ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རྒན་པའི་ཁེ་དབང་འགན་སྲུང་བྱེད་པའི་སྐོར་གྱི་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-19 08:21ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རྒན་པའི་ཁེ་དབང་འགན་སྲུང་བྱེད་པའི་སྐོར་གྱི་བཅའ་ཁྲིམས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རྒན་པའི་ཁེ་དབང་འགན་སྲུང་བྱེད་པའི་སྐོར་གྱི་བཅའ་ཁྲིམས།
མི་རྒན་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་རྒན་པའི་ལས་དོན་འཕེལ་རྒྱས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱིས་རྒན་པར་བཀུར་སྐྱོང་བྱེད་པའི་སྤྱོད་བཟང་དར་སྤེལ་བྱེད་པ་བཅས་ཆེད་དུ། རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་གཏན་འབེབས་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国老年人权益保障法
རིགས་དབྱེ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
ཁྱབ་བསྒྲགས་དུས་ཚོད།
སྤྱི་ལོ1996ལོའི་ཟླ8པའི་ཚེས29ཉིན།
1 ལེའུ་དང་པོ། དང་པོ། སྤྱིའི་རྩ་དོན་སྐོར།

དོན་ཚན་དང་པོ། མི་རྒན་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་རྒན་པའི་ལས་དོན་འཕེལ་རྒྱས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱིས་རྒན་པར་བཀུར་སྐྱོང་བྱེད་པའི་སྤྱོད་བཟང་དར་སྤེལ་བྱེད་པ་བཅས་ཆེད་དུ། རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། བཅའ་ཁྲིམས་འདིའི་སྟེང་སྟོན་པའི་རྒན་པ་ནི་ལོ་ན་དྲུག་ཅུ་ཧྲིལ་བོ་ལོན་པའི་སྤྱི་དམངས་བསྟན་པ་ཡིན།

དོན་ཚན་གསུམ་པ། རྒྱལ་ཁབ་ཀྱིས་མི་རྒན་པར་ཁྲིམས་ལྟར་ལོངས་སྤྱོད་བྱེད་པའི་ཁེ་དབང་འགན་སྲུང་བྱས་ཡོད། མི་རྒན་པར་རྒྱལ་ཁབ་དང་སྤྱི་ཚོགས་སྟེང་ནས་དངོས་པོའི་རོགས་སྐྱོར་ཐོབ་པའི་ཁེ་དབང་དང་། སྤྱི་ཚོགས་ཞབས་འདེགས་དང་སྤྱི་ཚོགས་གཟིགས་སྐྱོང་ལོངས་སྤྱོད་བྱེད་པའི་ཁེ་དབང་ཡོད་ལ། སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་པར་ལོངས་སྤྱོད་པའི་ཁེ་དབང་ཀྱང་ཡོད། མི་རྒན་པར་སྣང་ཆུང་དང་བརྙས་བཅོས། མནར་གཅོད་བཅས་བྱེད་པའམ་ཡང་ན་གསོ་འགན་མི་འཁུར་བར་གཏན་འགོག་བྱེད་དགོས།

དོན་ཚན་བཞི་བ། མི་འབོར་བགྲེས་འགྱུར་ལ་ཧུར་བརྩོན་གྱིས་ཁ་གཏད་པ་ནི་རྒྱལ་ཁབ་ཀྱི་ཡུན་རིང་པོའི་འཐབ་ཇུས་ལས་འགན་ཞིག་རེད། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བྱེད་ཐབས་བཀོལ་ནས་མི་རྒན་པའི་ཁེ་དབང་འགན་སྲུང་བྱེད་པའི་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་གཏོང་དགོས་པ་དང་། མི་རྒན་པའི་འཚོ་བ་དང་བདེ་ཐང་། བདེ་འཇགས་བཅས་དང་དེ་མིན་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་པའི་ཆ་རྐྱེན་འགན་སྲུང་རིམ་བཞིན་ལེགས་བཅོས་བྱས་ཏེ། རྒས་ལ་འཚོ་རྟེན་ཡོད་པ་དང་རྒས་ཀྱང་སྨན་བཅོས་ཡོད་པ། རྒས་ཀྱང་ལས་སྙེགས་ཡོད་པ། རྒས་ཀྱང་སློབ་རྒྱུ་ཡོད་པ། རྒས་ཀྱང་སྐྱིད་ཡོད་པ་བཅས་མངོན་འགྱུར་བྱེད་དགོས།

དོན་ཚན་ལྔ་བ། རྒྱལ་ཁབ་ཀྱིས་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཏེ་མི་རྒན་པའི་འགན་སྲུང་ཆུ་ཚད་རིམ་བཞིན་མཐོར་འདེགས་སུ་གཏོང་དགོས། རྒྱལ་ཁབ་ཀྱིས་ཁྱིམ་སྡོད་རྨང་གཞི་དང་སྡེ་གླིང་རྒྱབ་རྟེན། ལས་ཁུངས་འདེགས་སྐྱོར་བཅས་ཡིན་པའི་སྤྱི་ཚོགས་རྒན་གསོའི་ཞབས་འདེགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱིས་མི་རྒན་པར་གཟིགས་སྐྱོང་བྱེད་པ་དར་སྤེལ་བྱེད་དགོས།

དོན་ཚན་དྲུག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒན་པའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ནང་འགོད་དགོས་པ་དང་། རྒན་པའི་ལས་དོན་གྲོན་དངུལ་དེ་ནོར་སྲིད་སྔོན་རྩིས་ཁྲོད་བཀོད་ནས་གཏན་འཇགས་ཀྱི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཛུགས་པ་མ་ཟད། ད་དུང་སྤྱི་ཚོགས་ཕྱོགས་གང་ཐད་ཀྱིས་མ་དངུལ་གཏོང་འཇོག་བྱེད་པར་སྐུལ་མ་བཏང་ནས། རྒནཔའི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་ལ་འཆམ་མཐུན་ངང་འཕེལ་བར་འཇུག་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་རྒན་པའི་ལས་དོན་འཕེལ་རྒྱས་འཆར་འགོད་གཏན་འབེབས་བྱས་ཡོད། རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་རྒན་པའི་ལས་དོན་འཕེལ་རྒྱས་འཆར་འགོད་གཞིར་བཟུང་ནས། རང་རེའི་སྲིད་འཛིན་མངའ་ཁོངས་ནང་གི་རྒན་པའི་ལས་དོན་འཕེལ་རྒྱས་འཆར་འགོད་དང་ལོ་འཁོར་འཆར་གཞི་གཏན་འབེབས་བྱེད་དགོས། རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་རྒནཔའི་བྱ་བར་འགན་ཁུར་བའི་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་རྩ་འཛུགས་དང་མཐུན་སྦྱོར། མཛུབ་སྟོན། ལྟ་སྐུལ་བཅས་བྱས་ནས་མི་རྒན་པའི་ཁེ་དབང་འགན་སྲུང་བྱ་བ་ལེགས་སྒྲུབ་བྱེད་དགོས།

དོན་ཚན་བདུན་པ། མི་རྒན་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་ནི་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ཁུར་དགོས་པའི་ལས་འགན་རེད། རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་དོན་ལས་སྡེ་ཚན། རྩ་འཛུགས་གཞན་པ་བཅས་ཀྱིས་རང་རེའི་འགན་ཁུར་ལྟར་མི་རྒན་པའི་ཁེ་དབང་འགན་སྲུང་བྱ་བ་ལེགས་སྒྲུབ་བྱེད་དགོས། གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་ཁྲིམས་ལྟར་བཙུགས་པའི་མི་རྒན་པའི་རྩ་འཛུགས་ཀྱིས་མི་རྒན་པའི་རེ་འདོད་བཏོན་ནས་མི་རྒན་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་མི་རྒན་པར་ཞབས་འདེགས་ཞུ་དགོས། འོས་འགན་གྱིས་མི་རྒན་པར་ཞབས་འདེགས་ཞུ་བར་དར་སྤེལ་དང་བསྟོད་སྐུལ་བྱེད་དགོས།

ན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་མི་འབོར་བགྲེས་འགྱུར་འབྱུང་བ་རྒྱལ་ཁབ་ཀྱི་གནས་ཚུལ་ཡིན་པའི་སྐོར་གྱི་སློབ་གསོ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་མི་འབོར་བགྲེས་འགྱུར་ལ་ཁ་གཏད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱིས་སྒོ་ཀུན་ནས་རྒན་བཀུར་རྒན་གསོ། རྒན་རོགས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་ཁྱབ་སྤེལ་བྱས་ཏེ། མི་རྒན་པར་བརྩི་བཀུར་དང་སེམས་ཁུར། རོགས་རམ་བཅས་བྱེད་པའི་སྤྱི་ཚོགས་གོམས་སྲོལ་དར་དགོས། ན་གཞོན་རྩ་འཛུགས་དང་སློབ་གྲྭ། བུ་བཅོལ་ཁང་བཅས་ཀྱིས་ན་གཞོན་དང་བྱིས་པར་རྒན་བཀུར་དང་རྒན་གསོ། རྒན་རོགསབཅས་ཀྱི་ཀུན་སྤྱོད་སློབ་གསོ་དང་མི་རྒན་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་སློབ་གསོ་གཏོང་གཏོང་དགོས། རྒྱང་བསྒྲགས་དང་བརྙན་འཕྲིན། གློག་བརྙན། ཚགས་དེབ། དྲ་རྒྱ་སོགས་སྟེང་ནས་མི་རྒན་པའི་འཚོ་བ་མཚོན་དགོས་པ་དང་། མི་རྒན་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དྲིལ་བསྒྲགས་ཁྱབ་སྤེལ་བྱས་ནས་མི་རྒན་པར་ཞབས་འདེགས་ཞུ་དགོས།

དོན་ཚན་དགུ་བ། རྒྱལ་ཁབ་ཀྱིས་རྒན་པའི་ཚན་རིག་ཞིབ་འཇུག་ཐད་ལ་རྒྱབ་སྐྱོར་བྱས་ནས་མི་རྒན་པའི་གནས་ཚུལ་བསྡོམས་རྩིས་བརྟག་དཔྱད་དང་ཁྱབ་བསྒྲགས་ལམ་ལུགས་འཛུགས་དགོས།

དོན་ཚན་བཅུ་བ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མི་རྒན་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། མི་རྒན་པར་གུས་བཀུར་དང་གསོ་སྐྱོང་། རོགས་སྐྱོར་བཅས་བྱས་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པའི་རྩ་འཛུགས་དང་ཁྱིམ་ཚང་ངམ་ཡང་ན་མི་སྒེར། སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་ནས་བྱས་རྗེས་འབུར་ཐོན་བཞག་ཡོད་པའི་རྒན་པ་བཅས་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་གཟེངས་བསྟོད་བྱེད་པའམ་ཡང་ན་བྱ་དགའ་སྟེར་དགོས།

དོན་ཚན་བཅུ་གཅིག་པ། མི་རྒན་པས་སྒྲིག་བརྩི་ཁྲིམས་སྲུང་བྱས་ནས་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་འོས་འགན་ལག་བསྟར་ལེན་དགོས།

དོན་ཚན་བཅུ་གཉིས་པ། ལོ་རེའི་ལུགས་རྙིང་གི་ཟླ་དགུ་བའི་ཚེས་དགུ་ཉིན་རྒན་པའི་དུས་ཆེན་ཡིན།

2 ལེའུ་གཉིས་པ། ཁྱིམ་ཚང་གིས་འཚོ་སྐྱོང་དང་གསོ་སྐྱོང་བྱེད་པའི་སྐོར།

དོན་ཚན་བཅུ་གསུམ་པ། མི་རྒན་པ་ཁྱིམ་ནས་རྒན་གསོ་བྱེད་པ་རྨང་གཞི་བྱས་ནས་ཁྱིམ་མི་ཚང་མས་མི་རྒན་པར་གུས་བཀུར་དང་སེམས་ཁུར་བདག་སྐྱོང་བྱེད་དགོས།

དོན་ཚན་བཅུ་བཞི་བ། འཚོ་སྐྱོང་མཁན་གྱིས་མི་རྒན་པར་དཔལ་འབྱོར་ཐད་ནས་བསྙེན་བཀུར་དང་འཚོ་བའི་ཐད་ནས་སྙོར་སྐྱོང་། བསམ་པའི་ཐད་ནས་སེམས་གསོ་བཅས་བྱེད་པའི་འོས་འགན་ལག་ཏུ་བསྟར་ནས། མི་རྒན་པའི་དམིགས་བསལ་དགོས་མཁོར་གཟིགས་སྐྱོང་བྱེད་དགོས། འཚོ་སྐྱོང་མཁན་ནི་མི་རྒན་པའི་བུ་བུ་མོ་དང་དེ་མིན་གཞན་པའི་ཁྲིམས་ལྟར་འཚོ་སྐྱོང་གི་འོས་འགན་ཡོད་པའི་མི་བསྟན་པ་ཡིན། འཚོ་སྐྱོང་མཁན་གྱི་བཟའ་ཟླ་ཡིས་འཚོ་སྐྱོང་མཁན་ལ་རོགས་བྱས་ནས་འཚོ་སྐྱོང་གི་འོས་འགན་ཁུར་དགོས།

དོན་ཚན་བཅོ་ལྔ་བ། འཚོ་སྐྱོང་མཁན་གྱིས་ནད་བྱུང་རྒན་པར་དུས་ཐོག་ཏུ་སྨན་བཅོས་དང་བདག་སྐྱོང་བྱེད་ཐུབ་དགོས། དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་མི་རྒན་པར་སྨན་བཅོས་གྲོན་དངུལ་འདོན་སྤྲོད་བྱེད་དགོས། རང་འཚོ་ཟིན་མི་ཐུབ་པའི་རྒན་པར་འཚོ་སྐྱོང་མཁན་གྱིས་བདག་སྐྱོང་བྱེད་པའི་འགན་ཁུར་དགོས། རང་ཉིད་ཀྱིས་དངོས་སུ་བདག་སྐྱོང་བྱེད་མི་ཐུབ་ཚེ་རྒན་པའི་རེ་འདོད་ལྟར་མི་གཞན་པའམ་ཡང་ན་རྒན་གསོ་ལས་ཁུངས་མངག་བཅོལ་བྱས་ནས་བདག་སྐྱོང་བྱེད་པར་འཇུག་ཆོག

དོན་ཚན་བཅུ་དྲུག་པ། འཚོ་སྐྱོང་མཁན་གྱིས་མི་རྒན་པའི་སྡོད་ཁང་འོས་འཚམ་གྱིས་བཀོད་སྒྲིག་བྱེད་པ་ལས། བཙན་ཤེད་ཀྱིས་མི་རྒན་པ་འདུག་པར་འཇུག་པའམ་ཡང་ན་ཁང་ཞན་ནང་དུ་འདུག་པར་འཇུག་པ་བཅས་བྱེད་མི་ཆོག རྒན་པ་རང་ལ་ཡོད་པའམ་ཡང་ན་བོགས་ལེན་ཁང་པ་བུ་བུ་མོའམ་གཉེན་འཁོར་གྱིས་བཙན་འཛིན་བྱེད་མི་ཆོག་པ་དང་། རང་དགར་གྱིས་ཐོན་དབང་འབྲེལ་བའམ་བོགས་མར་གཏོང་ལེན་གྱི་འབྲེལ་བ་སྒྱུར་མི་ཆོག འཚོ་སྐྱོང་མཁན་གྱིས་རྒན་པ་རང་ལ་ཡོད་པའི་ཁང་པར་བདག་གཅེས་ཉམས་གསོ་བྱེད་པའི་འོས་འགན་ཡོད།

དོན་ཚན་བཅུ་བདུན་པ། འཚོ་སྐྱོང་མཁན་གྱིས་རྒན་པས་འགན་གཙང་ལེན་བྱས་ཡོད་པའི་ས་ཞིང་རྨོ་འདེབས་བྱེད་པའམ་ཡང་ན་མི་གཞན་པ་མངག་བཅོལ་བྱས་ནས་རྨོ་འདེབས་བྱེད་པར་འཇུག་པ་དང་། རྒན་པའི་ནགས་སྡོང་དང་ཕྱུགས་ཟོག་སོགས་ལ་བདག་སྐྱོང་བྱེད་པའམ་ཡང་ན་མི་གཞན་པར་བཅོལ་ནས་བདག་སྐྱོང་བྱེད་པར་འཇུག་པ་དང་ཡོང་སྒོ་རྒན་པར་དབང་དགོས།

དོན་ཚན་བཅོ་བརྒྱད་པ། ཁྱིམ་ཚང་གི་བཟའ་མི་ཚང་མས་རྒན་པའི་བསམ་པའི་དགོས་མཁོ་ལ་སེམས་ཁུར་བྱེད་དགོས་པ་ལས་སྣང་ཆུང་དང་སྣང་མེད་དུ་སྐྱུར་མི་རུང་། རྒན་པ་དང་བྲལ་ནས་བསྡད་ཡོད་པའི་ཁྱིམ་ཚང་གི་བཟའ་མི་ཚང་མས་དུས་རྒྱུན་དུ་བདེ་འདྲི་བྱེད་པར་འགྲོ་དགོས། མི་སྤྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་འཚོ་སྐྱོང་མཁན་གྱི་འཁོར་ཞག་གུང་སེང་གི་ཁེ་དབང་འགན་སྲུང་བྱེད་ཐུབ་དགོས།

དོན་ཚན་བཅུ་དགུ་བ། འཚོ་སྐྱོང་མཁན་གྱིས་ཤུལ་འཛིན་དབང་ཆ་སྐྱུར་བའམ་ཡང་ན་རྒྱུ་རྐྱེན་གཞན་པར་བརྟེན་ནས་འཚོ་སྐྱོང་འོས་འགན་ལག་བསྟར་མི་ལེན་མི་ཆོག འཚོ་སྐྱོང་མཁན་གྱིས་འཚོ་སྐྱོང་གི་འོས་འགན་ལག་ལེན་མི་བྱས་ན། འཚོ་སྐྱོང་མཁན་གྱིས་རྒན་པར་འཚོ་སྐྱོང་གྲོན་དངུལ་སྟེར་དགོས་པའི་རེ་བ་འདོན་པའི་དབང་ཡོད། འཚོ་སྐྱོང་མཁན་གྱིས་རྒན་པར་ཤུགས་ཀྱིས་མི་ཐེག་པའི་ངལ་རྩོལ་སྒྲུབ་པའི་རེ་བ་འདོན་མི་ཆོག

དོན་ཚན་ཉི་ཤུ་བ། རྒན་པ་འཐད་པ་བྱུང་བ་བརྒྱུད་ནས་འཚོ་སྐྱོང་མཁན་བར་ལ་འཚོ་སྐྱོང་བྱེད་པའི་གྲོས་མཐུན་ཡི་གེ་འགོད་ཆོག འཚོ་སྐྱོང་བྱེད་པའི་གྲོས་མཐུན་ཡི་གེའི་ནང་དོན་དེ་བཅའ་ཁྲིམས་ཀྱི་གཏན་ཁེལ་དང་རྒན་པའི་རེ་འདོན་དང་འགལ་མི་ཆོག གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་མི་རྒན་པའི་རྩ་འཛུགས་བཅས་དང་ཡང་ན་འཚོ་སྐྱོང་མཁན་གནས་པའི་ལས་ཁུངས་ཀྱིས་གྲོས་མཐུན་ཡི་གེ་ལྟར་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་དགོས།

དོན་ཚན་ཉེར་གཅིག་པ། རྒན་པའི་གཉེར་སྒྲིག་རང་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱས་ཡོད། བུ་བུ་མོའམ་ཡང་ན་གཉེན་འཁོར་རྣམས་ཀྱིས་རྒན་པའི་གཉེན་ཐོར་བ་དང་ཡང་སྐྱར་གཉེར་སྒྲིག་པ། གཉེན་སྒྲིག་པའི་རྗེས་ཀྱི་འཚོ་བ་བཅས་ལ་ཐེ་གཏོགས་བྱེད་མི་ཆོག འཚོ་སྐྱོང་མཁན་གྱི་འཚོ་སྐྱོང་འོས་འགན་དེ་རྒན་པ་གཉེར་སྒྲིག་པའི་འབྲེལ་བ་འགྱུར་ལྡོག་བྱུང་བར་བརྟེན་ནས་འགྱུར་མི་རུང་།

དོན་ཚན་ཉེར་གཉིས་པ། རྒན་པ་རང་གི་རྒྱུ་ནོར་ཐད་ལ་བཅའ་ཁྲིམས་ལྟར་འཛིན་པ་དང་བཀོལ་སྤྱོད། ཡོང་འབབ་ལེན་པ། ཐག་གཅོད་བྱེད་པ་བཅས་ཀྱི་ཁེ་དབང་ཡོད། བུ་བུ་མོའམ་ཡང་ན་གཉེན་འཁོར་རྣམས་ཀྱིས་ཐེ་གཏོགས་བྱེད་མི་ཆོག རྒན་པའི་རྒྱུ་ནོར་རྐུ་ཁྱེར་དང་གཡོ་ལེན། བཙནལེན་སོགས་ཀྱི་བྱེད་ཐབས་སྤྱད་ནས་གནོད་སྐྱེལ་མི་ཆོག རྒན་པར་བཅའ་ཁྲིམས་ལྟར་ཕ་མ་དང་བཟའ་ཟླ། བུ་བུ་མོའམ་ཡང་ན་གཉེན་འཁོར་བཅས་ཀྱི་རྒྱུ་དངོས་ཤུལ་འཛིན་བྱེད་པའི་དབང་ཡོད་ལ། སྟེར་བ་ལེན་པའི་དབང་ཡང་ཡོད། རྒན་པས་ཤུལ་འཛིན་བྱེད་པའམ་ཡང་ན་སྟེར་བ་ལེན་པའི་རྒྱུ་ནོར་དེ་བུ་བུ་མོའམ་ཡང་ན་གཉེར་འཁོར་རྣམས་ཀྱིས་བཙན་འཛིན་དང་འཕྲོག་ལེན། བརྒྱུད་སྤོ། སྐུང་བ། གཏོར་བརླག་བཅས་བྱེད་མི་ཆོག རྒན་པས་ཁ་ཆེམས་བཞག་ནས་རྒྱུ་ནོར་ཐག་གཅོད་བྱེད་དུས་བཅའ་ཁྲིམས་ལྟར་བཟའ་ཟླ་རྒན་པར་དགོས་ངེས་ཀྱི་སྐལ་གྲངས་འཇོག་དགོས།

དོན་ཚན་ཉེར་གསུམ་པ། རྒན་པ་དང་བཟའ་ཟླ་བར་ནས་ཕན་ཚུན་གསོ་སྐྱོང་བྱེད་པའི་འོས་འགན་ཡོད། གཅེན་པོ་དང་གཅེན་མོས་གསོ་སྐྱོང་བྱས་པའི་ནུ་བོ་དང་ནུ་མོའི་ན་སོ་སོན་རྗེས་འགན་ཁུར་བའི་ནུས་པ་ཡོད་ཚེ། འཚོ་སྐྱོང་མཁན་མེད་པའི་གཅེན་པོ་དང་གཅེན་མོ་གསོ་སྐྱོང་བྱེད་པའི་འགན་ཁུར་དགོས།

དོན་ཚན་ཉེར་བཞི་བ། འཚོ་སྐྱོང་མཁན་དང་གསོ་སྐྱོང་མཁན་གྱིས་འཚོ་སྐྱོང་དང་གསོ་སྐྱོང་འོས་འགན་མི་ཁུར་ཚེ། གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་མི་རྒན་པ་རྩ་འཛུགས་དང་ཡང་ན་འཚོ་སྐྱོང་མཁན་དང་གསོ་སྐྱོང་མཁན་གནས་པའི་ལས་ཁུངས་ཀྱིས་ལྟ་སྐུལ་བྱས་ནས་ལག་བསྟར་ལེན་པར་འཇུག་དགོས།

དོན་ཚན་ཉེར་ལྔ་བ། མི་རྒན་པར་ཁྱིམ་ཚང་གི་དྲག་སྤྱོད་གཏན་འགོག་བྱེད་དགོས།

དོན་ཚན་ཉེར་དྲུག་པ། ཆ་ཚང་བའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་པའི་རྒན་པས་གཉེར་འཁོར་དང་རང་ལ་འབྲེལ་བ་དམ་ཟབ་ཡིན་པ། ལྟ་སྐྱོང་གི་འགན་ཁུར་འདོད་པའི་མི་སྒེར་དང་རྩ་འཛུགས་ཁྲོད་ནས་རང་ལ་ལྟ་སྐྱོང་བྱེད་མཁན་གཏན་ཁེལ་བྱེད་ཆོག ལྟ་སྐྱོང་མཁན་གྱིས་རྒན་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཡང་ན་ཤས་ཙམ་ཤོར་ཡོད་དུས་བཅའ་ཁྲིམས་ལྟར་ལྟ་སྐྱོང་གི་འགན་ཁུར་དགོས། རྒན་པས་ལྟ་སྐྱོང་མཁན་གཏན་འཁེལ་བྱེད་མེད་ན་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཡང་ན་ཤས་ཙམ་ཤོར་ཡོད་དུས་འབྲེལ་ཡོད་བཅའ་ཁྲིམས་ལྟར་ལྟ་སྐྱོང་མཁན་གཏན་འཁེལ་བྱེད་དགོས།

དོན་ཚན་ཉེར་བདུན་པ། རྒྱལ་ཁབ་ཀྱིས་ཁྱིམ་ཚང་གིས་རྒན་པ་གསོ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འདོན་པ་འཐུས་ཚང་དུ་གཏོང་བ་དང་། ཁྱིམ་ཚང་གི་བཟའ་མི་ཚང་མ་རྒན་པ་དང་མཉམ་དུ་འཚོ་བ་རོལ་བའམ་ཡང་ན་ཐག་ཉེ་ས་ནས་སྡོད་པར་བསྟོད་སྐུལ་བྱེད་པ་དང་། རྒན་པའི་བཟའ་ཟླ་དང་ཡང་ན་འཚོ་སྐྱོང་མཁན་དང་མཉམ་དུ་གནས་སྤོ་བར་ཆ་རྐྱེན་འདོན་སྤྲོད་བྱེད་དགོས་པ་དང་། ཁྱིམ་ཚང་གི་བཟའ་མི་ཚང་མས་རྒན་པར་ལྟ་སྐྱོང་བྱེད་པར་རོགས་སྐྱོར་འདོན་སྤྲོད་བྱེད་དགོས།

3 ལེའུ་གསུམ་པ། སྤྱི་ཚོགས་ཀྱི་འགན་སྲུང་སྐོར།

དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ཀྱིས་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་བརྒྱུད་ནས་མི་རྒན་པའི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་དགོས།

དོན་ཚན་ཉེར་དགུ་བ། རྒྱལ་ཁབ་ཀྱིས་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་བརྒྱུད་ནས་མི་རྒན་པའི་གཞི་རྩའི་སྨན་བཅོས་དགོས་མཁོ་འགན་སྲུང་བྱེད་དགོས། མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་པའི་མི་རྒན་པ་དང་། ཡོང་སྒོ་དམའ་བའི་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་གི་མི་རྒན་པ་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་ཁྲོད་ཞུགས་པ་དང་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་རང་གིས་སྤྲོད་དགོས་པའི་གྲོན་དངུལ་ཆ་ཤས་དེར་སྲིད་གཞུང་གིས་ཁ་གསབ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་སྨན་བཅོས་འགན་བཅོལ་བྱེད་ཐབས་གཏན་འབེབས་བྱེད་དུས་མི་རྒན་པར་གཟིགས་སྐྱོང་གནང་དགོས།

དོན་ཚན་སུམ་བཅུ་བ། རྒྱལ་ཁབ་ཀྱིས་ཡུན་རིང་བོར་བདག་སྐྱོང་འགན་སྲུང་བྱ་བ་རིམ་བཞིན་ཁྱབ་སྤེལ་བྱས་ནས་མི་རྒན་པའི་བདག་སྐྱོང་དགོས་མཁོ་འགན་སྲུང་བྱེད་དགོས། འཚོ་བ་ཡུན་རིང་བོར་རང་འཚོ་ཟིན་མི་ཐུབ་པ་དང་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་མི་རྒན་པ་ལ། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དེའི་ནུས་ཤོར་ཚད་སོགས་གནས་ཚུལ་ལ་དམིགས་ཏེ་བདག་སྐྱོང་གི་ཁ་གསབ་སྟེར་དགོས།

དོན་ཚན་སོ་གཅིག་པ། རྒྱལ་ཁབ་ཀྱིས་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་རྒན་པའི་གཞི་རྩའི་འཚོ་བ་དང་སྨན་བཅོས། སྡོད་གནས་བཅས་ཀྱི་ཐད་ནས་རོགས་སྐྱོབ་བྱེད་དགོས། རྒན་པར་ངལ་རྩོལ་ནུས་པ་མེད་པ་དང་འཚོ་བའི་ཡོང་ཁུངས་མེད་པ། འཚོ་སྐྱོང་མཁན་མེད་པའམ་ཡང་ན་འཚོ་སྐྱོང་མཁན་ལ་འཚོ་སྐྱོང་བྱེད་པའི་ནུས་པ་མེད་ཚེ། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་གཏན་ཁེལ་ལྟར་འཚོ་སྐྱོང་དང་སྐྱོབ་རོགས་བྱེད་དགོས། འཁྱམས་སློང་དང་གསོ་འགན་མི་འཁུར་བ་སོགས་མྱངས་བའི་འཚོ་བའི་རྒྱབ་བརྟེན་མེད་པའི་རྒན་པར་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་གཏན་ཁེལ་ལྟར་རོགས་སྐྱོབ་བྱེད་དགོས།

དོན་ཚན་སོ་གཉིས་པ། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་གླ་ཁེའི་སྡོད་ཁང་དང་སྤྱི་པའི་བོགས་གཏོང་སྡོད་ཁང་སོགས་སྡོད་ཁང་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་པའམ་ཁང་ཉེན་དང་ཁང་རྙིང་སྒྱུར་བཀོད་བྱེད་དུས་ཆ་རྐྱེན་དང་མཐུན་པའི་རྒན་པར་དམིགས་བསལ་བཀར་ནས་གཟིགས་སྐྱོང་གནང་དགོས།

དོན་ཚན་སོ་གསུམ་པ། རྒྱལ་ཁབ་ཀྱིས་མི་རྒན་པའི་ཕན་བདེ་ལམ་ལུགས་འཛུགས་པ་དང་འཐུས་ཚང་གཏོང་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་དང་མི་རྒན་པའི་དགོས་མཁོ་དངོས་ལ་བསྟུན་ནས་རྒན་པའི་སྤྱི་ཚོགས་ཕན་བདེ་ཇེ་མང་དུ་གཏོང་དགོས། ས་གནས་ཀྱིས་ལོ་ཧྲིལ་བོ་ཡན་ཆད་ཀྱི་ཡོང་སྒོ་དམའ་བའི་ལོ་ན་བགྲེས་པའི་ཕོགས་སྣོན་ལམ་ལུགས་འཛུགས་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་དགོས། རྒྱལ་ཁབ་ཀྱིས་འཆར་ལྡན་བུ་སྐྱེ་ལག་བསྟར་ལེན་པའི་ཁྱིམ་ཚང་གི་རྒན་པར་རོགས་སྐྱོར་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་གཏོང་དགོས། ཞིང་སྡེ་ཡིས་འགན་གཙང་ལེན་བྱེད་མེད་པའི་ཐུན་མོང་ལ་དབང་བའི་ས་ཞིང་དང་རི་ནགས། ཆུ་ཁ། གྲམ་པ་སོགས་ཀྱི་ཆ་ཤས་རྒན་གསོ་རྟེན་གཞི་བྱས་ཏེ་ཡོང་འབབ་དེས་རྒན་པར་གསོ་སྐྱོང་བྱེད་དགོས།

དོན་ཚན་སོ་བཞི་བ། མི་རྒན་པས་ཁྲིམས་ལྟར་ལོངས་སྤྱོད་བྱེད་པའི་རྒན་གསོ་དངུལ་དང་སྨན་བཅོས་ཐོབ་ཐང་། ཐོབ་ཐང་གཞན་པ་བཅས་འགན་སྲུང་བྱེད་ཐུབ་དགོས། འབྲེལ་ཡོད་ལས་ཁུངས་ཀྱིས་ངེས་པར་དུས་ཐོག་ཏུ་འདང་ངེས་སྤྲོད་དགོས་པ་ལས་འཕྲི་འཐེན་དང་ནར་འགྱངས་། གཞན་སྤྱོད་བཅས་བྱེད་མི་ཆོག རྒྱལ་ཁབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་ལས་བཟོ་པའི་ཟླ་ཕོགས་སྤར་བ། དངོས་གོང་འཕར་བ་སོགས་གནས་ཚུལ་ལ་དམིགས་ཏེ། རྒན་གསོའི་འགན་སྲུང་ཆུ་ཚད་འོས་འཚམ་གྱིས་ཇེ་མཐོར་གཏོང་གཏོང་དགོས།

དོན་ཚན་སོ་ལྔ་བ། བྱམས་སྙིང་རྗེ་རྩ་འཛུགས་དང་དེ་མིན་རྩ་འཛུགས་གཞན་པ་དང་མི་སྒེར་གྱིས་མི་རྒན་པར་དངོས་པོའི་རོགས་རམ་བྱེད་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་དགོས།

དོན་ཚན་སོ་དྲུག་པ། མི་རྒན་པས་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས། རྒན་གསོ་ལས་ཁུངས་སོགས་རྩ་འཛུགས་སམ་ཡང་ན་མི་སྒེར་བཅས་ལ་ཤུལ་བཞག་རྒྱུ་དངོས་སྤྲོད་པའི་ཁ་ཆེམས་གྲོས་མཐུན་ཡི་གེ་འགོད་ཆོག གསོ་སྐྱོང་འོས་འགན་ཁུར་བའི་རྩ་འཛུགས་དང་མི་སྒེར་གྱིས་ཤུལ་བཞག་རྒྱུ་དངོས་སྤྲོད་པའི་ཁ་ཆེམས་གྲོས་མཐུན་ཡི་གེ་ལྟར། རྒན་པ་འཚོ་བཞུགས་སྐབས་གསོ་སྐྱོང་བྱེད་པ་དང་འདས་ན་སྐུ་ཕུང་དུར་འཇུག་བྱེད་པའི་འོས་འགན་ཁུར་དགོས་པ་དང་ཤུལ་བཞག་རྒྱུ་དངོས་སྤྲད་པའི་ཁེ་དབང་ལོངས་སྤྱོད་བྱེད་ཆོག

4 ལེའུ་བཞི་བ། སྤྱི་ཚོགས་ཀྱིས་ཞབས་འདེགས་ཞུ་བའི་སྐོར།

དོན་ཚན་སོ་བདུན་པ། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བྱེད་ཐབས་བཀོལ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་གླིང་གི་རྒན་གསོའི་ཞབས་འདེགས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཆེད་ལས་ཞབས་འདེགས་ལས་ཁུངས་དང་གཞན་པའི་རྩ་འཛུགས་དང་མི་སྒེར་གྱིས་ཁྱིམ་སྡོད་རྒན་པར་འཚོ་སྐྱོང་དང་འཕྲལ་མྱུར་རོགས་སྐྱོབ། སྨན་བཅོས་བདག་སྐྱོང་། སེམས་གསོ། སེམས་ཁམས་འདྲི་རྟོག་སོགས་རྣམ་པ་སྣ་ཚོགས་ཀྱི་ཞབས་འདེགས་འདོན་སྤྲོད་བྱེད་པར་བསྟོད་སྐུལ་དང་རོགས་སྐྱོར་བྱེད་དགོས། དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་རྒན་པར་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རིམ་བཞིན་རྒན་གསོའི་ཞབས་འདེགས་ཁ་གསབ་སྟེར་དགོས།

དོན་ཚན་སོ་བརྒྱད་པ། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་བཅས་ཀྱིས་རྒན་གསོའི་ཞབས་འདེགས་སྒྲིག་བཀོད་དེ་གྲོང་ཁྱེར་དང་གྲོང་གསེབ་གྱི་སྡེ་གླིང་གི་ཆ་ཚང་སྡེབ་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་ནང་འགོད་དགོས་པ་དང་། མི་རྒན་པར་མཁོ་བའི་འཚོ་བའི་ཞབས་འདེགས་དང་རིག་གནས་ལུས་རྩལ་བྱ་འགུལ། ཉིན་དཀར་བདག་སྐྱོང་། ནད་གཡོག བདེ་སོས་སོགས་ཞབས་འདེགས་སྒྲིག་བཀོད་དང་དྲ་ཚིགས་བཙུགས་ཏེ་ཐག་ཉེ་སའི་རྒན་པར་ཞབས་འདེགས་ཞུ་དགོས། ཁྱིམ་མཚེས་བར་གྱི་ཕན་ཚུན་རོགས་རམ་བྱེད་པའི་སྲོལ་རྒྱུན་དར་སྤེལ་བྱེད་པ་དང་། ཁྱིམ་མཚེས་བར་ནས་དཀའ་ཁག་ཡོད་པའི་རྒན་པར་སེམས་ཁུར་དང་རོགས་རམ་བྱེད་པ་དར་སྤེལ་བྱེད་དགོས། བྱམས་སྙིང་རྗེ་རྩ་འཛུགས་དང་དང་བླངས་པས་རྒན་པར་ཞབས་འདེགས་ཞུ་བར་བསྟོད་སྐུལ་དང་མི་རྒན་པས་ཕན་ཚུན་ཞབས་འདེགས་ཞུ་བར་དར་སྤེལ་བྱེད་དགོས།

དོན་ཚན་སོ་དགུ་བ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་མི་རྒན་པར་ཞབས་འདེགས་ཞུ་བའི་དགོས་མཁོ་གཞིར་བཟུང་སྟེ། རྒན་གསོའི་ཞབས་འདེགས་ཐད་ཀྱི་གཏོང་འཇོག་རིམ་བཞིན་ཇེ་མཐོར་གཏོང་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ནོར་སྲིད་དང་ཁྲལ་གྲོན། ས་ཞིང་། དངུལ་ལོར་སོགས་ཐད་ལ་བྱེད་ཐབས་བཀོལ་ནས། ཁེ་དོན་ལས་སྡེ་ཚན་དང་སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་རྒན་གསོ་དང་ཉིན་དཀར་བདག་སྐྱོང་། རིག་གནས་ལུས་རྩལ་བྱ་འགུལ་སོགས་སྒྲིག་བཀོད་གསར་སྐྲུན་དང་འཁོར་སྐྱོད་ཚོང་གཉེར་བྱེད་པར་བསྟོད་སྐུལ་དང་རོགས་སྐྱོར་བྱེད་དགོས།

དོན་ཚན་བཞི་བཅུ་བ། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མི་རྒན་པའི་འབོར་གྲངས་བསྡུར་ཚད་དང་ཁྱབ་པའི་གནས་ཚུལ་ལྟར། རྒན་གསོའི་ཞབས་འདེགས་སྒྲིག་བཀོད་འཛུགས་སྐྲུན་དེ་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་ས་ཞིང་བེད་སྤྱོད་ཀྱི་སྤྱི་ཡོངས་འཆར་འགོད་ནང་འགོད་དགོས་པ་དང་། རྒན་གསོའི་ཞབས་འདེགས་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་དང་མཁོ་བའི་དངོས་རྫས་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། ཕན་ཁེ་ལེན་པ་མིན་པའི་རྒན་གསོའི་ཞབས་འདེགས་སྒྲིག་བཀོད་ཐད་སྤྱོད་པའི་ས་ཞིང་དེ་བཅའ་ཁྲིམས་ལྟར་རྒྱལ་དབང་གཏོང་སྤྲོད་ས་ཞིང་ངམ་ཡང་ན་ཞིང་པ་ཐུན་མོང་ལ་དབང་བའི་ས་ཞིང་བཀོལ་སྤྱོད་བྱེད་ཆོག རྒན་གསོའི་ཞབས་འདེགས་སྒྲིག་བཀོད་ཐད་སྤྱོད་པའི་ས་ཞིང་དེ་ཁྲིམས་བཀོད་གོ་རིམ་མ་བརྒྱུད་ཚེ་སྤྱོད་ཡུལ་སྒྱུར་མི་ཆོག

དོན་ཚན་ཞེ་གཅིག་པ། སྲིད་གཞུང་གིས་མ་དངུལ་བཏང་ནས་གསར་སྐྲུན་བྱས་པའི་རྒན་གསོ་ལས་ཁུངས་ཀྱིས་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་གྲོགས་མེད་ཁེར་རྐྱང་དང་ནུས་ཤོར། ལོ་ན་བགྲེས་པ་སོགས་རྒན་པའི་ཞབས་འདེགས་དགོས་མཁོ་དམིགས་བསལ་གྱིས་འགན་སྲུང་བྱེད་དགོས།

དོན་ཚན་ཞེ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རྒན་གསོའི་ཞབས་འདེགས་སྒྲིག་བཀོད་འཛུགས་སྐྲུན་དང་རྒན་གསོའི་ཞབས་འདེགས་སྤུས་ཚད། རྒན་གསོའི་ཞབས་འདེགས་ལས་རིགས་སོགས་ཀྱི་ཚད་གཞི་གཏན་འབེབས་བྱས་ཏེ། རྒན་གསོ་ལས་ཁུངས་ཀྱི་རིགས་འབྱེད་དོ་དམ་དང་རྒན་གསོའི་ཞབས་འདེགས་གདེང་འཇོག་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒན་གསོའི་ཞབས་འདེགས་གྲོན་དངུལ་བསྡུ་བའི་ལས་གཞི་དང་ཚད་གཞི་ཚད་ལྡན་དུ་གཏོང་བ་དང་། ལྟ་སྐུལ་དང་དོ་དམ་བྱེད་པར་ཤུགས་སྣོན་གཏོང་དགོས།

དོན་ཚན་ཞེ་གསུམ་པ། རྒན་གསོ་ལས་ཁུངས་འཛུགས་པར་གཤམ་གྱི་ཆ་རྐྱེན་དང་མཐུན་དགོས་པ་སྟེ།

(གཅིག) རང་གི་མིང་དང་སྡོད་གནས། སྒྲིག་སྲོལ།

(གཉིས) ཞབས་འདེགས་ནང་དོན་དང་གཞི་ཁྱོན་དང་མཐུན་པའི་མ་དངུལ་ཡོད་དགོས། 

(གསུམ) འབྲེལ་ཡོད་ཐོབ་ཐང་ཆ་རྐྱེན་དང་མཐུན་པའི་དོ་དམ་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ། ཞབས་འདེགས་མི་སྣ་བཅས་འཛོམས་དགོས།

(བཞི) གཞི་རྩའི་འཚོ་བའི་ཁང་པ་དང་སྒྲིག་བཀོད་སྒྲིག་ཆས། བྱ་འགུལ་སྤེལ་ཡུལ་བཅས་ཡོད་དགོས།

(ལྔ) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་ཁེལ་བྱས་ཡོད་པའི་ཆ་རྐྱེན་གཞན་པ་བཅས་སོ།

དོན་ཚན་ཞེ་བཞི་བ། རྒན་གསོ་ལས་ཁུངས་འཛུགས་ན་རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་ལ་སྲིད་འཛིན་ཆོག་འཐུས་ཀྱི་རེ་འདུན་ཞུ་དགོས། ཆོག་འཐུས་བཀོད་རྗེས་བཅའ་ཁྲིམས་ལྟར་དེ་དང་བསྟུན་པའི་ཐོ་འགོད་སྒྲུབ་དགོས། རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་རྒན་གསོ་ལས་ཁུངས་ཀྱི་མཛུབ་སྟོན་དང་ལྟ་སྐུལ། དོ་དམ་བཅས་ཀྱི་འགན་ཁུར་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གཞན་པས་ལས་འགན་ལྟར་ལས་བགོས་བྱས་ནས་རྒན་གསོ་ལས་ཁུངས་ཀྱི་ལྟ་སྐུལ་ལག་བསྟར་ལེན་དགོས།

དོན་ཚན་ཞེ་ལྔ་བ། རྒན་གསོ་ལས་ཁུངས་གཞན་སྒྱུར་དང་མཚམས་འཇོག་བྱས་ན། སྡུད་ལེན་བྱས་ཡོད་པའི་རྒན་པར་བཀོད་སྒྲིག་ལེགས་པོ་བྱེད་དགོས་པ་ལས་ད་དུང་གཏན་ཁེལ་ལྟར་འབྲེལ་ཡོད་སྡེ་ཁག་ལ་སོང་ནས་འགྲོ་ལུགས་སྒྲུབ་དགོས། འབྲེལ་ཡོད་སྡེ་ཁག་གིས་རྒན་གསོ་ལས་ཁུངས་ཀྱིས་རྒན་པར་བཀོད་སྒྲིག་འོས་འཚམ་བྱེད་པར་རོགས་རམ་བྱེད་དགོས།

དོན་ཚན་ཞེ་དྲུག་པ། རྒྱལ་ཁབ་ཀྱིས་རྒན་གསོའི་ཞབས་འདེགས་ཤེས་ལྡན་པ་སྐྱེད་སྲིང་དང་བཀོལ་སྤྱོད། གདེང་འཇོག སྐུལ་མ་གཏོང་བ་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་གཏོང་བ། ལས་སྤྱོད་བཅའ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ། ལས་ཞུགས་ངལ་རྩོལ་པའི་ཀླ་ཕོགས་འོས་མཐུན་གྱིས་འཕར་བར་སྐུལ་སྤེལ་གཏོང་བ། ཆེད་བསྐོས་ལས་འགན་དང་ཞོར་འཛིན་ལས་འགན། དང་བླངས་པ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྒན་གསོའི་ཞབས་འདེགས་དཔུང་སྡེ་སྤེལ་དགོས།རྒྱལ་ཁབ་ཀྱིས་མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ། ལས་རིགས་གསོ་སྦྱོང་ལས་ཁུངས་བཅས་ལ་འབྲེལ་ཡོད་ཆེད་ལས་སམ་ཡང་ན་གསོ་སྦྱོང་ལས་གཞི་སྒྲིག་འཛུགས་བྱེད་པར་བསྟོད་སྐུལ་བྱས་ནས། རྒན་གསོའི་ཞབས་འདེགས་ཆེད་ལས་ཤེས་ལྡན་པ་སྐྱེད་སྲིང་བྱེད་དགོས།

དོན་ཚན་ཞེ་བདུན་པ། རྒན་གསོ་ལས་ཁུངས་ཀྱིས་ཞབས་འདེགས་དང་ལེན་བྱས་པའི་རྒན་པའམ་ཡང་ན་ལས་ཚབ་པ་གཞན་པར་ཞབས་འདེགས་གྲོས་མཐུན་ཡི་གེ་བཀོད་ནས། ཕན་ཚུན་གྱི་ཁེ་དབང་དང་འོས་འགན་གསལ་ཐག་གཅོད་དགོས། རྒན་གསོ་ལས་ཁུངས་དང་དེའི་ལས་བྱེད་མི་སྣ་ཡིས་བྱེད་སྟངས་གང་སྤྱད་ནས་མི་རྒན་པའི་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག

དོན་ཚན་ཞེ་བརྒྱད་པ། རྒན་གསོ་ལས་ཁུངས་ཀྱིས་འགན་ཁུར་འགན་བཅོལ་ཞུ་བར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་དང་། འགན་བཅོལ་ཀུང་ཟིས་འགན་ཁུར་འགན་བཅོལ་གྱི་འགན་གཙང་ལེན་བྱེད་པར་བསྟོད་སྐུལ་བྱེད་དགོས།

དོན་ཚན་ཞེ་དགུ་བ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མི་རྒན་པའི་སྨན་བཅོས་འཕྲོད་བསྟེན་ཞབས་འདེགས་དེ་གྲོང་ཁྱེར་དང་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ཞབས་འདེགས་འཆར་འགོད་ནང་འགོད་དགོས་པ་དང་། མི་རྒན་པའི་ལས་ཁམས་བདེ་ཐང་དོ་དམ་དང་རྒྱུན་མཐོང་ནད་སྔོན་འགོག་བྱེད་པ་སོགས་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་འདེགས་ལས་གཞིའི་ཁྲོད་འགོད་དགོས། མི་རྒན་པར་ལུས་ཁམས་བདེ་སྲུང་དང་བདག་སྐྱོང་། ཚེ་འདས་ཁར་གཟིགས་སྐྱོང་སོགས་ཞབས་འདེགས་འདོན་སྤྲོད་བྱེད་པར་བསྟོད་སྐུལ་བྱེད་དགོས། སྨན་བཅོས་ལས་ཁུངས་ཀྱིས་རྒན་ནད་ལ་དམིགས་ནས་ཆེད་ཚན་ནམ་ཡང་ན་སྒོ་བསྟེན་སྨན་བཅོས་ཁང་འཛུགས་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་རྒན་པའི་ལུས་ཁམས་བདེ་ཐང་ཞབས་འདེགས་དང་ནད་འགོག་བཅོས་བྱ་བ་ཁྱབ་སྤེལ་བྱེད་དགོས།

དོན་ཚན་ལྔ་བཅུ་པ། རྒྱལ་ཁབ་ཀྱིས་བྱེད་ཐབས་བཀོལ་ནས་རྒན་པའི་གསོ་རིག་ལ་ཞིབ་འཇུག་དང་ཤེས་ལྡན་པ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་གཏོང་བ་དང་། མི་རྒན་པའི་ནད་འགོག་བཅོས་དང་སྨན་བཅོས། ཚན་ཞིབ་ཆུ་ཚད་བཅས་མཐོར་འདེགས་སུ་བཏང་ནས། རྒན་པའི་ནད་གཞི་སྔ་མོ་ནས་ཤེས་པ་དང་ནད་དཔྱད། སྨན་བཅོས་བྱེད་པར་སྐུལ་སྤེལ་བྱེད་དགོས། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བྱེད་ཐབས་བཀོལ་ནས་རྣམ་པ་སྣ་ཚོགས་ཀྱི་ལུས་ཁམས་བདེ་ཐང་གི་སློབ་གསོ་ཁྱབ་སྤེལ་བྱེད་པ་དང་། རྒན་པའི་བདེ་སྲུང་ཤེས་བྱ་ཁྱབ་གདལ་བཏང་ནས་རྒན་པའི་རང་ཉིད་ཀྱི་ལས་ཁམས་བདེ་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།

དོན་ཚན་ང་གཅིག་པ། རྒྱལ་ཁབ་ཀྱིས་བྱེད་ཐབས་བཀོལ་ནས་རྒན་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་རྒན་པའི་ཐོན་ལས་དེ་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་བཞིན་པའི་ལས་རིགས་དཀར་ཆག་ཁྲོད་འགོད་དགོས། ཁེ་ལས་ཀྱིས་མི་རྒན་པའི་དགོས་མཁོ་སྤྱོད་རྫས་གསར་སྤེལ་དང་ཐོན་སྐྱེད། བདག་གཉེར་དང་འབྲེལ་ཡོད་ཞབས་འདེགས་འདོན་སྤྲོད་བྱེད་པར་རོགས་སྐྱོར་དང་སྣེ་ཁྲིད་བྱེད་དགོས།

5 ལེའུ་ལྔ་བ། སྤྱི་ཚོགས་ཀྱིས་གཟིགས་སྐྱོང་བྱེད་པའི་སྐོར།

དོན་ཚན་ང་གཉིས་པ། རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་མི་རྒན་པའི་དམིགས་བསལ་དགོས་མཁོ་གཞིར་བཟུང་ནས། མི་རྒན་པར་གཟིགས་སྐྱོང་བྱེད་པའི་བྱེད་ཐབས་གཏན་འབེབས་བྱས་པ་དང་། གཟིགས་སྐྱོང་བྱེད་པའི་ཆུ་ཚད་རིམ་བཞིན་མཐོར་འདེགས་སུ་གཏོང་དགོས། རང་རེའི་སྲིད་སྲིད་མངའ་ཁུལ་དུ་རྒྱུན་སྡོད་བྱེད་པའི་ཕྱི་འོངས་རྒན་པར་གཟིགས་སྐྱོང་འདྲ་མཉམ་བྱེད་དགོས།

དོན་ཚན་ང་གསུམ་པ། མི་རྒན་པས་དུས་ཐོག་དང་སྟབས་བདེ་ངང་རྒན་གསོ་དངུལ་ལེན་པ་དང་སྨན་བཅོས་གྲོན་དངུལ་བསྡོམས་རྩིས་རྒྱག་པ། དངོས་པོའི་རོགས་རམ་གཞན་དག་ལོངས་སྤྱོད་བྱེད་པ་བཅས་ཐད་ལ་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཆ་རྐྱེན་འདོན་སྤྲོད་བྱེད་དགོས།

དོན་ཚན་ང་བཞི་བ། ཁང་དབང་གི་འབྲེལ་བ་སྒྱུར་བ་དང་ཁྱིམ་ཐོ་གནས་སྤོ་བ་སོགས་རྒན་པའི་ཁེ་དབང་ལ་འབྲེལ་བ་ཡོད་པའི་དོན་དག་སྒྲུབ་དུས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རྒན་པའི་རེ་འདོད་ངོ་མ་ཡིན་མིན་ལ་འདྲི་རྟོག་བྱེད་དགོས་པ་མ་ཟད། ད་དུང་བཅའ་ཁྲིམས་ལྟར་དམིགས་སུ་བཀར་ནས་སྒྲུབ་དགོས།

དོན་ཚན་ང་ལྔ་བ། རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་རྐྱེན་གྱིས་གཏུག་བཤེར་རྒྱག་པའི་གྲོན་དངུལ་སྤྲོད་པར་དཀའ་ཁག་ཡོད་ཚེ་དལ་སྤྲོད་དང་ཉུང་སྤྲོད། མ་སྤྲད་ནའང་ཆོག ཁྲིམས་རྩོད་པའི་རོགས་རམ་ཐོབ་དགོས་མོད་། ཡིན་ནའང་ཁྲིམས་རྩོད་པའི་གྲོན་དངུལ་སྤྲོད་མི་ཐུབ་ཚེ། ཁྲིམས་ལུགས་ཀྱི་རོགས་འདེགས་ཐོབ་ཆོག ཁྲིམས་རྩོད་པའི་ལས་བཀོད་ཁང་དང་གཞུང་དཔང་ཁང་། གཞི་རིམ་བཅའ་ཁྲིམས་ཞབས་འདེགས་ཁང་། བཅའ་ཁྲིམས་ཞབས་འདེགས་ལས་ཁུངས་གཞན་པ་བཅས་ཀྱིས་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་རྒན་པར་གླ་ཡོན་མི་དགོས་པའམ་ཡང་ན་གཟིགས་སྐྱོང་ཞབས་འདེགས་འདོན་སྤྲོད་བྱེད་དགོས།

དོན་ཚན་ང་དྲུག་པ། སྨན་བཅོས་ལས་ཁུངས་ཀྱིས་མི་རྒན་པས་སྨན་པ་བསྟེན་པར་སྟབས་བདེ་དང་དམིགས་སུ་བཀར་ནས་རོགས་སྐྱོར་བྱེད་དགོས། ཆ་རྐྱེན་ལྡན་པའི་ས་ཁུལ་དུ་མི་རྒན་པར་ཁྱིམ་ཚང་ནད་ཁྲི་འཛུགས་པ་དང་། སྐོར་སྐྱོད་སྨན་བཅོས་དང་ནད་གཡོག བདེ་སོས། གླ་ཡོན་མི་དགོས་པར་ལུས་པོར་ཞིབ་བཤེར་བྱེད་པ་སོགས་ཀྱི་ཞབས་འདེགས་ཁྱབ་སྤེལ་བྱེད་དགོས། མི་རྒན་པར་སྨན་ཡོན་མི་དགོས་པར་སྨན་བཅོས་བྱེད་པ་དར་སྤེལ་བྱེད་དགོས།

དོན་ཚན་ང་བདུན་པ། མི་རྒན་པའི་རྒྱུན་ལྡན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡིན་པའི་ཞབས་འདེགས་ལས་རིགས་ཀྱིས་མི་རྒན་པར་དམིགས་བསལ་དང་གཟིགས་སྐྱོང་གི་ཞབས་འདེགས་འདོན་སྤྲོད་བྱེད་དགོས།གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དང་གཞུང་ལམ། ལྕགས་ལམ། ཆུ་ལམ། མཁའ་སྐྱོད་འགྲུལ་སྐྱེལ་བཅས་ཀྱིས་མི་རྒན་པར་དམིགས་བསལ་དང་གཟིགས་སྐྱོང་འདོན་སྤྲོད་བྱེད་དགོས།

དོན་ཚན་ང་བརྒྱད་པ། དངོས་མང་བཤམས་སྟོན་ཁང་དང་མཛེས་རྩལ་ཁང་། ཚན་རྩལ་ཁང་། དྲན་གསོ་ཁང་། སྤྱི་པའི་དཔེ་མཛོད་ཁང་། རིག་གནས་ཁང་། གློག་བརྙན་ཟློས་གར་ཁང་། ལུས་རྩལ་ཁང་། སྤྱི་གླིང་། གནས་སྐོར་མཛེས་ལྗོངས་ཡོད་ས་སོགས་ཀྱིས་གླ་ཡོན་མི་དགོས་པའམ་ཡང་ན་གཟིགས་སྐྱོང་སྒོས་སྒོ་འབྱེད་དགོས།

དོན་ཚན་ང་དགུ་བ། ཞིང་སྡེའི་མི་རྒན་པས་སྤྱི་ཕན་ལས་དོན་སྤེལ་བར་ངལ་རྩོལ་བྱེད་པའི་འོས་འགན་འཁུར་མི་དགོས།

དཔྱད་གཞིའི་ཡིག་ཆ།