ཟི་ར་ལྔ་བ།(༢)སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-16 08:36ལ་འགྲུབ།

ཟི་ར་ལྔ་བ།(༢)

སྨན་འདི་ཁ་དོག་ལྗང་སྐྱ་ཅན། རོ་ཅུང་ཚ་བ་དང་ལན་ཚ་བ། དྲི་ཅུང་ཞིམ་པའམ་དཀུ་བ། ནུས་པ་དྲོ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་མ།
1 སྡེབ་ཁ། 

ཟི་ར་དཀར་པོ20 བཅའ་སྒ25 ཤིང་ཀུན15 བྱི་ཏང་ག20 རྒྱ་ཚྭ20 སྦྲང་དང་སྦྱར། 

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་སོ་སྨན་ཕྱེ་མའི་སྦྱོར་བ་ཞིག་ཡིན།

3 མདོག་དང་ངོ་བོ། 

སྨན་འདི་ཁ་དོག་ལྗང་སྐྱ་ཅན། རོ་ཅུང་ཚ་བ་དང་ལན་ཚ་བ། དྲི་ཅུང་ཞིམ་པའམ་དཀུ་བ། ནུས་པ་དྲོ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། སྲིན་འཇོམས་ཡུན་བསྟེན་སོ་ཡི་བཅུད་ལེན་འགྱུར་གསུངས།

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཁེ1རེ་དང་། ཉིན་རེར་ཐེངས1རེ་སོ་སྟེང་འཇོག་པ་ཏེ་སོ་བར་དུ་འཛིན་དགོས། 

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་སོ་སྨན་ཕྱེ་མའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།

བརྡ་འགྲེལ་གདོང་འཛར།

གསོ་རིག སྨན་རྫས།