ཟི་ར་ལྔ་བ།(༡)སྔ་མའི་པར་གཞི་དེ འབྲོངDruglha ནས 2022-05-16 09:06ལ་འགྲུབ།
ཟི་ར་དཀར་པོ15 ཟི་ར་ནག་པོ15 གོ་སྙོད15 པི་པི་ལིང15 སུག་སྨེལ15སྦྱར།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་བ་ཞིག་ཡིན།
སྨན་འདི་ཁ་དོག་ལྗང་སྨུག་ཅན། རོ་ཅུང་ཚ་བ། དྲི་ཞིམ་པ། ནུས་པ་དྲོ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། རླུང་གིས་གཉིད་མེད་གྱུར་པ་ཁུག་པར་གསུངས།
སྨན་འདི་ཐེངས་རེར་ཁེ1ནས2རེ་དང་། ཉིན་རེར་ཐེངས1ནས2རེ་འོ་མས་འཕུལ་དགོས།
སྨན་འདི་ནི་ཕྱེ་མའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།