ཟི་ར་གསུམ་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-16 09:07ལ་འགྲུབ།

ཟི་ར་གསུམ་པ།

སྨན་འདི་ཁ་དོག་ལྗང་སྨུག་ཅན། རོ་ཅུང་ཚ་བ། དྲི་ཞིམ་པ། ནུས་པ་དྲོ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
ཐང་སྨན།
1 སྡེབ་ཁ། 

ཟི་ར་དཀར་པོ15 སུག་སྨེལ15 པི་པི་ལིང15སྦྱར། 

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཐང་སྨན་སྦྱོར་བ་ཞིག་ཡིན།

3 མདོག་དང་ངོ་བོ། 

སྨན་འདི་ཁ་དོག་ལྗང་སྨུག་ཅན། རོ་ཅུང་ཚ་བ། དྲི་ཞིམ་པ། ནུས་པ་དྲོ་བ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། འོ་མར་གདུས་ཏེ་བཏུང་བས་གཉིད་ཁུག་པར་གསུངས།

5 ཐུན་ཚད་དང་བསྟེན་ཐབས། 

སྨན་འདི་ཐེངས་རེར་ཁེ1ནས2རེ་དང་། ཉིན་རེར་ཐེངས1ནས2རེ་རས་ཐུམ་བྱས་ཏེ་འོ་མར་བཙོས་པའི་ཁུ་བ་འཐུང་དགོས། 

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཐང་སྨན་གྱི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

གསོ་རིག སྨན་རྫས།