ཟངས་ཐལ་བཅུ་བ།སྔ་མའི་པར་གཞི་དེ འབྲོངDruglha ནས 2022-05-16 09:07ལ་འགྲུབ།
ཟངས་ཐལ10 ཙན་དན་དཀར་པོ15 ཙན་དན་དམར་པོ15 ཅུ་གང15 རྒྱ་མཚོའི་ཝུ་བ15 དོམ་མཁྲིས10 ཚ་ལ15 མཚལ་དཀར15 གུར་ཀུམ15 གླ་རྩི10སྦྱར།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མ་བུ་རམ་གྱིས་རིལ་བུ་ཁེ0.1ཙམ་དུ་དྲིལ་བའི་རིལ་བུའི་སྦྱོར་བ་ཞིག་ཡིན།
སྨན་འདི་ཁ་དོག་སྨུག་ནག་ཅན། རོ་ཚ་ལ་བསྐ་བ། དྲི་ཞིམ་པ། ནུས་པ་བསིལ་བ། བཟི་ཡོད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། ཆ་མཉམ་རིལ་བུ་བྲ་བའི་རིལ་མ་ཙམ༎ གསུམ་ལྔ་བདུན་དགུ་ལ་སོགས་རིག་པས་དཔྱད༎ གངས་ཆུས་འཕུལ་བཏང་གློ་རྣག་མ་ལུས་སྐེམ་ཞེས་གསུངས།
སྨན་འདི་ཐེངས་རེར་རིལ་བུ3ནས5ནས7ནས9རེ་ནད་སྟོབས་སོགས་ལ་གཞིགས་ནས་གཏོང་དགོས། ཉིན་རེར་ཐེངས2ནས3རེ་ཕུལ་དགོས།
སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།