ཞི་བྱེད་བཅུ་གསུམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-16 09:07ལ་འགྲུབ།

ཞི་བྱེད་བཅུ་གསུམ།

སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་བསྐ་ལ་ཚ་བ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་རིལ་གང་རུང་།
1 ​སྡེབ་ཁ།

ཅོང་ཞི20 སྒ་སྐྱ30 མ་ནུ30 པྲི་ཡང་ཀུ30 ཐབ་ཁུང་ས30 ཝ་ཏ30 སེ་འབྲུ40 ཕུར་མོང30 འོམ་ལོ50 བཅའ་སྒ30 མཆུ་སྙུང40 ལྕུམ་རྩ50 བུལ་ཏོག60སྦྱར། 

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་བ་ཞིག་ཡིན། དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ཡང་ཆོག 

3 མདོག་དང་ངོ་བོ། 

སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་བསྐ་ལ་ཚ་བ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། མ་ཞུ་གླང་ཐབས་ནད་རིགས་ཀུན་ལ་ཕན་ཞེས་གསུངས་སོ།

5 ཐུན་ཚད་དང་བསྟེན་ཐབས། 

སྨན་འདི་ཐེངས་རེར་ཁེ1ནས2རེ་དང་། ཉིན་རེར་ཐེངས2ནས3རེ་ཕུལ་དགོས། 

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཕྱེ་རིལ་གང་རུང་གི་བཟོ་སྲོལ་ཡོད་ན་ཡང་། བུལ་ཏོག་མང་བའི་སྨན་རིགས་ཕྱེ་མ་བཟོས་ན་ལེགས། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།

བརྡ་འགྲེལ་གདོང་འཛར།

གསོ་རིག སྨན་རྫས།