ཛཱ་ཏི་བཅུ་གཉིས་ཁ་བསྒྱུར་ཅན།སྔ་མའི་པར་གཞི་དེ འབྲོངDruglha ནས 2022-05-16 10:43ལ་འགྲུབ།
གོང་གི་ཛཱ་ཏི་བཅུ་གཉིས་སྟེང་། འགྲོན་ཐལ15 རྡོ་ཞུན13 ཅོང་ཞི13 མཛེ་ཚྭ13 སྟར་བུ13 འཕང་འབྲུ20བསྣན།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་བ་ཞིག་ཡིན། དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ན་ཡང་རུང་།
སྨན་འདི་ཁ་དོག་སྐྱ་བོ་ཅན། རོ་ཚ་ལ་ལན་ཚ་བ། དྲི་ཅུང་ཞིམ་པ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། བསྣན་པས་སྐྲན་བཤིག་སྨན་མཆོག་ཡིན༎ ཁྱད་པར་ཁྲག་ཚབས་རླུང་ཚབས་སེལ་ཞེས་གསུངས།
སྨན་འདི་ཐེངས་རེར་ཁེ1རེ་དང་། ཉིན་རེར་ཐེངས1ནས2རེ་ཕུལ་དགོས།
སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།