ཛཱ་ཏི་བཅུ་བ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-16 10:43ལ་འགྲུབ།

ཛཱ་ཏི་བཅུ་བ།

སྨན་འདི་ཁ་དོག་ཁམ་སེར་ཅན། རོ་མངར་ལ་བསྐ་བ། དྲི་ཅུང་ཞིམ་པ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་རིལ་གང་རུང་།
1 ​སྡེབ་ཁ། 

ཛཱ་ཏི20 ཨ་ཀྲོང10 འབྲི་མོག10ས་འཛིན10 བཙོད10 སླེ་ཏྲེས10 རྒྱ་སྐྱེགས10 ལི་ཤི10 རྒུམ་འབྲུམ10 ཤིང་མངར10 ཀ་ར་སྦྱར། 

2 བཟོ་ཐབས། 

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་བ་ཞིག་ཡིན། དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ན་ཡང་རུང་།

3 མདོག་དང་ངོ་བོ། 

སྨན་འདི་ཁ་དོག་ཁམ་སེར་ཅན། རོ་མངར་ལ་བསྐ་བ། དྲི་ཅུང་ཞིམ་པ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། སྦྱོར་བ་འདི་ཡིས་སྟོད་འཁྲུགས་ནད་དང་ནི༎ འཁྲུགས་གློ་ཁ་ལུད་ཁྲག་ཅན་ནད་རྣམས་སེལ་ཞེས་གསུངས།

5 ཐུན་ཚད་དང་བསྟེན་ཐབས། 

སྨན་འདི་ཐེངས་རེར་ཁེ1རེ་དང་། ཉིན་རེར་ཐེངས1ནས2རེ་ཕུལ་དགོས། 

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།