དོ་དམ་རིག་པ་བ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-17 08:44ལ་འགྲུབ།

དོ་དམ་རིག་པ་བ།

དོ་དམ་རིག་པ་བ།
《དོ་དམ་རིག་པ་བ》ཞེས་པའི་དུས་དེབ་ནི་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སིའི་གཙོ་གཉེར་དང་མཁའ་འགྲུལ་བཟོ་ལས་ཆ་འཕྲིན་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་རེད། དུས་དེབ་འདིར་རིགས་ཁག་གི་དོ་དམ་མི་སྣ་དང་སློབ་ཆེན་དང་ཆེད་སྦྱོང་སློབ་གྲྭའི་དོ་དམ་དགེ་སློབ་ཀྱིས་ཀློག་པ་པོ་རྣམས་ལ་དམིགས་ནས་དུས་བབ་ཀྱི་སྲིད་ཇུས་འགྲེལ་བཤད་དང་། དོ་དམ་གཞུང་ལུགས་དང་བསམ་བློ་གསར་ཤོས་ཞིབ་འགྲེལ། རྒྱལ་ཁབ་ཕྱི་ནང་གི་དེང་རབས་ཅན་གྱི་དོ་དམ་ཉམས་མྱོང་དང་འཕེལ་རྒྱས་ངོ་སྤྲོད་བྱས་ནས་དོ་དམ་ཤེས་བྱ་ཁྱབ་གདལ་དུ་བཏང་ཡོད། ཀྲུང་གོའི་རང་སའི་དོ་དམ་དང་ལག་ལེན་ཕྱོགས་བསྡོམས་དང་ཕྱོགས་བསྡུས་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
管理学家
སྐད་རིགས།
རྒྱ་ཡིག
རིགས།
དཔལ་འབྱོར་གྱི་རིགས།
གཙོ་སྐྱོང་སྡེ་ཚན།
ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སི།
གཙོ་གཉེར་སྡེ་ཚན།
མཁའ་སྐྱོད་བཟོ་ལས་ཆ་འཕྲིན་ལྟེ་གནས།
རྩོམ་སྒྲིག་སྡེ་ཚན།
དོ་དམ་རིག་པའི་རྩོམ་སྒྲིག་ཁང་།
གསར་འདོན་དུས་ཚོད།
སྤྱི་ལོ2002ལོར།
1 ནང་དོན་ངོ་སྤྲོད་མདོར་བསྡུས།

《དོ་དམ་རིག་པ་བ》ཞེས་པར་ཐོག་མའི་རང་བཞིན་གྱི་དོ་དམ་གཞུང་ལུགས་ཀྱི་དོན་དངོས་བདེན་དཔང་ཞིབ་འཇུག་རྩོམ་ཡིག་དང་། རིག་གཞུང་བསམ་བློའི་དཔྱད་གཏམ་རྩོམ་ཡིག ནང་དོན་གྱི་ཁྱབ་ཁོངས་སུ་ཡང་བསམ་བློའི་ལོ་རྒྱུས་དང་། ཁེ་ལས་ཀྱི་ལོ་རྒྱུས། བརྟག་ཐབས་སྨྲ་བ། སྤྱི་ཚོགས་རིག་པ། སེམས་ཁམས་རིག་པ། ཆ་འཕྲིན་ལག་རྩལ་སོགས་དང་དོ་དམ་རིག་པའི་སྣོལ་མར་གནས་པའི་རིག་ཚན་གྱིས་དོ་དམ་རིག་པར་ཐེབས་པའི་ཤུགས་རྐྱེན། དེ་བཞིན་ཞིབ་འཇུག་རྣམ་པའི་དཔྱད་རྩོམ་བཅས་ཀྱི་དོན་སྙིང་ལ་དོ་སྣང་ཆེན་པོ་བྱེད་དགོས།

《དོ་དམ་རིག་པ་བ》ནི་ཀྲུང་གོའི་དོ་དམ་རིག་པའི་ལས་རིགས་ཀྱི་རྩེར་སོན་དུས་དེབ་གཙོ་བོ་ཞིག་ཡིན་ཞིང་། དུས་དེབ་དེས་ཕུན་སུམ་ཚོགས་པའི་སྲིད་གཞུང་གི་ཐོན་ཁུངས་ལ་བརྟེན་ནས་ཆེད་མངགས་རིག་གཞུང་ལས་རིགས་དང་། ཁེ་ལས་ལས་རིགས་མི་སྣས་དུས་བབ་ཀྱི་སྲིད་ཇུས་འགྲེལ་བཤད་དང་། དོ་དམ་རིགས་པའི་གཞུང་ལུགས་ཞིབ་འགྲེལ། དོ་དམ་བསམ་བློ་བརྒྱུད་བསྒྲགས་བཅས་བྱས་ཏེ་ཀྲུང་གོའི་དོ་དམ་ལག་ལེན་སྔོག་འདོན་གཏིང་ཟབ་དང་ཕྱོགས་སྡོམ་དང་ཕྱོགས་བསྡུས་ཡོད།

2 དུས་དེབ་ལོ་རྒྱུས།

སྤྱི་ལོ2002ལོའི་ཟླ6པར་བསྟུད་མར《དོ་དམ》ཞེས་པའི་དེབ1པོ་དཔེ་སྐྲུན་བྱས་ཤིང་། རྗེས་སུ་དེབ6པར་དུ་བསྐྲུན་ཡོད།

སྤྱི་ལོ2005ལོའི་ཟླ8པར་དགེ་རྒན་ཆེན་མོ་བ་ཞི་ཡུས་མིང་གིས《དོ་དམ》ཞེས་པའི་རྩོམ་སྒྲིག་ཚོགས་པའི་སྣེ་ཁྲིད་དེ《དོ་དམ་རིག་པ་བ》དུས་དེབ་གྲ་སྒྲིག་བྱས་པ་དང་ཆབས་ཅིག་པེ་ཅིང་ཀོན་ཐེན་རྒྱལ་སྤྱིའི་བརྡ་ཁྱབ་སྨྱན་སྦྱོར་ཚད་ཡོད་ཀུང་སིས་དུས་དེབ་ཀྱི་ལས་གཉེར་བྱེད་འགན་ཁུར་བ་རེད།  

སྤྱི་ལོ2006ལོའི་ཟླ1པོར།《ནོར་སྲིད་དཔལ་འབྱོར་ལས་རིགས》ཞེས་པའི་དུས་དེབ་དང་མཉམ་ལས་བྱས་ཏེ།《ནོར་སྲིད་དཔལ་འབྱོར་ལས་རིགས་དོ་དམ་རིག་པ་བ》དངོས་སུ་པར་སྐྲུན་བྱས་པ་དང་། དགེ་རྒན་ཆེན་མོ་ཞི་ཡུས་མིན་གྱིས་གཙོ་སྒྲིག་གི་འགན་ཁུར། སྐུ་ཞབས་མུའུ་ཡུན་ཝུའུ་ཡིས་ལག་བསྟར་གཙོ་སྒྲིག་གི་འགན་ཁུར། སྤྱི་ལོ2007ལོའི་ཟླ7པར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས《དོ་དམ་རིག་པ་བ》ཞེས་པའི་ཚགས་པར་ལ་ཆོག་མཆན་བཀོད། སྤྱི་ལོ2008ལོའི་ཟླ1པོར《དོ་དམ་རིག་པ་བ》ཞེས་པའི་དུས་དེབ་དངོས་སུ་སྤེལ།

སྤྱི་ལོ2008ལོའི་ཟླ6པར།《དོ་དམ་རིག་པ་བ》ཞེས་པའི་དུས་དེབ་ཀྱི་རིག་གཞུང་པར་གཞི་གསར་འདོན་བྱས་ཤིང་། སྐུ་ཞབས་ལིན་ཙུའོ་མིང་གིས་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་ལ། དགེ་རྒན་ཆེན་མོ་ཡུས་མིན་གྱིས་གཙོ་སྒྲིག་གི་འགན་ཁུར།

3 ལེ་ཚན་སྒྲིག་འགོད།

དོ་དམ་ལྟ་ཞིབ་དང་། དཔལ་འབྱོར་དོ་དམ། སློབ་གསོ་སློབ་ཁྲིད་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། ཁེ་ལས་གཉེར་སྐྱོང་དོ་དམ། དོ་དམ་ཚན་རིག་དང་ལས་གྲྭའི་ལག་རྩལ། ཕྱོགས་བསྡུས་ཞིབ་འཇུག་སོགས་ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དོ་དམ་རིག་པ་བ། དོ་དམ།