དོ་དམ་རིག་པའི་ཚགས་པར།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-17 08:41ལ་འགྲུབ།

དོ་དམ་རིག་པའི་ཚགས་པར།

དོ་དམ་རིག་པའི་ཚགས་པར།
《དོ་དམ་རིག་པའི་ཚགས་པར》ནི་སྤྱི་ལོ2004ལོར་གསར་དུ་བཏོན་པ་དང་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཀྲུང་ཧྭ་ཚན་རྩལ་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི་དོ་དམ་རིག་པའི་ལྟེ་བའི་དུས་དེབ་ཅིག་རེད། སྤྱི་ལོ2018ལོའི་ཟླ5པའི་ཚེས24ཉིན《དོ་དམ་རིག་གཞུང་ཚགས་པར》གྱི་རྩོམ་སྒྲིག་པུའི་གཞུང་ཕྱོགས་དྲ་བའི་ཐོག་མངོན་པར་གཞིགས་ན《དོ་དམ་རིག་གཞུང་ཚགས་པར》ལ་རྩོམ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན72ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
管理学报
ཕྱི་ཡིག་གི་མིང་།
Chinese Journal of Management
སྐད་རིགས།
རྒྱ་ཡིག
རིགས།
དཔེ་སྐྲུན་དོ་དམ་དུས་དེབ།
གཙོ་སྐྱོང་སྡེ་ཚན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ།
གཙོ་གཉེར་སྡེ་ཚན།
ཧྭ་དབུས་ཚན་རྩལ་སློབ་གྲྭ་ཆེན་མོ།
གསར་འདོན་དུས་ཚོད།
སྤྱི་ལོ2004ལོ།
དཔེ་སྐྲུན་གྱི་དུས།
ཟླ་དེབ།
1 ལོ་རྒྱུས།

སྤྱི་ལོ2004ལོར《དོ་དམ་རིག་གཞུང་ཚགས་པར》གསར་འདོན་བྱས།

སྤྱི་ལོ2004ལོར་འགྲེམས་འཚོང་ཐེངས་གསུམ་བྱས་པ་དང་སྤྱི་ལོ2005ལོར་འགྲེམས་ཚོང་ཐེངས7བྱས་པ་རེད།

སྤྱི་ལོ20007ལོར་ཟླ་གཉིས་དུས་དེབ་ལ་བསྒྱུར།

སྤྱི་ལོ2009ལོར་ཟླ་ཕྱེད་དུས་དེབ་ལ་བསྒྱུར།

སྤྱི་ལོ2014ལོའི་ཟླ12པར་དུས་དེབ་དེ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཁག་དང་པོའི་རིག་གཞུང་དུས་དེབ་ལ་གཏན་འཁེལ་བྱས་པ་རེད། 

2 དུས་དེབ་གཉེར་བའི་ཆ་རྐྱེན།
2_1 ཁ་ཕྱོགས།

《དོ་དམ་རིག་གཞུང་ཚགས་པར》གསར་དུ་བཏོན་པའི་དུས་འགོར། བརྒྱུད་རིམ་ལྡན་པའི་སྒོ་ནས་བརྟག་དཔྱད་བྱས་པ་བརྒྱུད། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་དོ་དམ་ཚན་རིག་པུའུ་ཡི་འཐབ་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ།“ཀྲུང་གོ”དང་།“ལག་ལེན”“རིག་གནས”བཅས་དུས་དེབ་གཉེར་བའི་འགག་རྩའི་རྩ་དོན་ལ་གཏན་འཁེལ་བྱས་པ་རེད།

2_2 ལེ་ཚན་གཙོ་བོ།

《དོ་དམ་རིག་གཞུང་ཚགས་པར》གྱི་ལེ་ཚན་གཙོ་བོའི་ནང་ཀྲུང་གོའི་དོ་དམ་གླེང་སྟེགས་དང་། འཐབ་ཇུས་དོ་དམ། ཁྲོམ་རའི་ཚོང་གཉེར། རྩ་འཛུགས་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། དངུལ་རྩ་དང་ནོར་དོན་དོ་དམ། རྩིས་གཉེར་རིག་པ། MISགློག་རྡུལ་ཚོང་དོན་དང་རྣམ་གྲངས་དོ་དམ་བཅས་ཚུད་ཡོད།

3 མཉམ་ལས་སྤེལ་རེས།

སྤྱི་ལོ2014ལོའི་ཟླ5པར། 《དོ་དམ་རིག་གཞུང་ཚགས་པར》རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཡན་དང་། ཆེད་བསྐོས་རྩོམ་སྒྲིག་པ་ལུའི་ལི་ཡིས་པེ་ཅིན་སློབ་ཆེན་ཀོང་ཧྭ་དོ་དམ་སློབ་གླིང་དུ་དགེ་རྒན་ཆེན་མོ་ཞུས་ཧྲུའུ་ཡིང་ལ་བཅར་འདྲི་བྱས། བཅར་འདྲི་ཚོགས་འདུའི་ཐོག“ཉེ་བའི་ལོ་ཤས་རིང་གི་དོ་དམ་རིག་གཞུང་ཞིབ་འཇུག་གྲུབ་འབྲས་ལ་ཕྱི་མིག་ལྟ་བ”དང་།“དོ་དམ་རིགས་པའི་གཞུང་ལུགས་དང་ལག་ལེན་འབྲེལ་བ”“ཀྲུང་གོའི་གནས་ཚུལ་ལ་གཞིགས་པའི་དོ་དམ་ཞིབ་འཇུག་གི་ད་ལྟའི་གནས་ཚུལ”“ཀྲུང་གོའི་ས་གནས་དོ་དམ་ཞིབ་འཇུག་འཕེལ་རྒྱས”“ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་དེང་རབས་དོ་དམ་ཞིབ་འཇུག་གི་འབྲེལ་བ”སོགས་ཀྱི་བརྗོད་གཞིར་དམིགས་ནས་སྤེལ་བ་རེད།

4 མཉམ་འབྲེལ་ལས་ཁུངས།

སྤྱི་ལོ2018ལོའི་ཟླ5པར་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། 《དོ་དམ་རིག་གཞུང་ཚགས་པར》 མཉམ་འབྲེལ་ཐོག་གཉེར་བའི་སྡེ་ཚན་ལ་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་དོ་དམ་སློབ་གླིང་དང་། ཆིན་ཧྭ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཚོང་ལས་སློབ་གླིང་། པེ་ཅིན་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་། པེ་ཅིན་ཚན་རྩལ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་། པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དོ་དམ་དང་དཔལ་འབྱོར་སློབ་གླིང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་རྒྱལ་སྤྱིའི་ཚོང་ལས་སློབ་གླིང་། ཐེན་ཅིན་སློབ་ཆེན་གྱི་དོ་དམ་སློབ་གླིང་། ནན་ཁའེ་སློབ་ཆེན་གྱི་ཚོང་ལས་སློབ་གླིང་། ཏ་ལན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དོ་དམ་སློབ་གླིང་། བྱང་ཤར་སློབ་ཆེན་གྱི་བཟོ་ཚོང་དོ་དམ་སློབ་གླིང་། བྱང་ཤར་ནོར་དཔལ་སློབ་ཆེནMBAསློབ་གླིང་། ཅི་ལིན་སློབ་ཆེན་གྱི་དོ་དམ་སློབ་གླིང་། ཧར་པིན་བཟོ་ལས་སློབ་གྲྭ་ཆེན་མོའི་དོ་དམ་སློབ་གླིང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ཨན་ཐེ་དཔལ་འབྱོར་དང་དོ་དམ་སློབ་གླིང་། ཧྥུའུ་ཏན་སློབ་ཆེན་གྱི་དོ་དམ་སློབ་གླིང་། ཐུང་ཅི་སློབ་ཆེན་གྱི་དཔལ་འབྱོར་དང་དོ་དམ་སློབ་གླིང་། ཧྲང་ཧའེ་ནོར་དཔལ་སློབ་ཆེན་རྩིས་གཉེར་སློབ་གླིང་། རྒྱལ་སྤྱིའི་བཟོ་ཚོང་དོ་དམ་སློབ་གླིང་། ཀྲེ་ཅང་སློབ་ཆེན་གྱི་དོ་དམ་སློབ་གླིང་། ནན་ཅིན་སློབ་ཆེན་གྱི་ཚོང་ལས་སློབ་གླིང་། ཞ་མོན་སློབ་ཆེན་གྱི་དོ་དམ་སློབ་གླིང་། ཧོ་ཧྥེའི་བཟོ་ལས་སློབ་གྲྭ་ཆེན་མོའི་དོ་དམ་སློབ་གླིང་། ཝུའུ་ཧན་སློབ་ཆེན་གྱི་དཔལ་འབྱོར་དང་དོ་དམ་སློབ་གླིང་། ཝུའུ་ཧན་བཟོ་རིག་སློབ་ཆེན་གྱི་དོ་དམ་སློབ་གླིང་། ཧུའུ་ནན་སློབ་ཆེན་གྱི་བཟོ་ཚོང་དོ་དམ་སློབ་གླིང་། ཀྲུང་ནན་སློབ་ཆེན་གྱི་ཚོང་ལས་སློབ་གླིང་། རྒྱལ་སྲུང་ཚན་རྩལ་སློབ་ཆེན་གྱི་ཆ་འཕྲིན་མ་ལག་དང་དོ་དམ་སློབ་གླིང་། ཀྲུང་ཧྲན་སློབ་ཆེན་གྱི་དོ་དམ་སློབ་གླིང་། ཧྭ་ནན་བཟོ་རིག་སློབ་ཆེན་གྱི་བཟོ་ཚོང་དོ་དམ་སློབ་གླིང་། ཁྲུང་ཆིང་སློབ་ཆེན་གྱི་དཔལ་འབྱོར་དང་བཟོ་ཚོང་དོ་དམ་སློབ་གླིང་། ནུབ་བྱང་བཟོ་ལས་སློབ་ཆེན་གྱི་དོ་དམ་སློབ་གླིང་བཅས་ཡིན།

5 དུས་དེབ་གཉེར་བའི་གྲུབ་འབྲས།
5_1 ཞིབ་འཇུག་འགྲེམས་སྤེལ།

སྤྱི་ལོ2018ལོའི་ཟླ5པའི་ཚེས24ཉིན་ཀྲུང་གོ་ཤེས་རྟོགས་དྲ་བའི་ཐོག་ནས་མངོན་པར།《དོ་དམ་རིག་གཞུང་ཚགས་པར》ཐོག་ཁྱོན་ཚད་ལྡན་ཡིག་ཆ3336སྤེལ་ཡོད་པ་རེད། 

སྤྱི་ལོ2018ལོའི་ཟླ5ཚེས24ཉིན་ཤེས་བྱའི་ཞབས་ཞུའི་ལས་སྟེགས་ལས་མངོན་པར་གཞིགས་ན《དོ་དམ་རིག་གཞུང་ཚགས་པར》ཐོག་རྩོམ་ཡིག3087བཀོད་ཡོད་པ་རེད། 

6 གཟི་བརྗིད་མཚན་སྙན།  

《དོ་དམ་རིག་པའི་ཚགས་པར》ལ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གདེང་འཇོག་ལྟེ་གནས་ཀྱིས“ཀྲུང་གོའི་མི་ཆོས་དང་སྤྱི་ཚོགས་ཚན་རིག་གི་ཕྱོགས་བསྡུས་གདེང་འཇོགAMI”དབང་གྲགས་ལྡན་པའི་དུས་དེབ་ལ་གཏན་འཁེལ་བྱས་པ་རེད།

སྤྱི་ལོ2014ལོ་ནས་སྤྱི་ལོ2016ལོ་བར་ཀྲུང་གོའི་རིག་གཞུང་དུས་དེབ་ཀྱི་གློག་རྡུལ་དུས་དེབ་ཁང་དང་། ཆིང་ཧྭ་སློབ་ཆེན་དཔེ་མཛོད་ཁང་། ཀྲུང་གོ་རིག་གཞུང་ཚད་ལྡན་ཡིག་ཆ་རྒྱལ་སྤྱིའི་གདེང་འཇོག་ཞིབ་འཇུག་ལྟེ་གནས་བཅས་ཀྱིས“ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་རིག་གཞུང་དུས་དེབ”ལ་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད།

སྤྱི་ལོ2015ལོ་ནས་སྤྱི་ལོ2016ལོ་བརRCCSEཀྲུང་གོའི་ཚན་རིག་གདེང་འཇོག་ཞིབ་འཇུག་ལྟེ་གནས་ཀྱིས“དབང་གྲགས་དུས་དེབ”ལ་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།