དོན་ཚན་དང་པོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གཞིར་བཟུང་ནས་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱདཆོས་ལ་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་གཏན་ལ་ཕབས།
དོན་ཚན་གཉིས་པ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ(གཤམ་དུ་བསྡུས་མིང་ལ་རང་སྐྱོང་ཁུལ་ཟེར་རྒྱུ)ནི་སོག་རིགས་དང་བོད་རིགས་ཀྱིས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་ས་ཁུལ་ཞིག་ཡིན།
རང་སྐྱོང་ཁུལ་འདིར་གཏེར་ལེན་ཁ་གྲོང་ཁྱེར་དང་གོར་མོ་གྲོང་ཁྱེར། དུར་ལམ་རྫོང་། ཐེན་ཆེན་རྫོང་། དབུས་ལམ་རྫོང་། དེ་མིན་མང་ཨེ་སྲིད་འཛིན་ས་ཁུལ་དང་ཚྭ་འདམ་ཆེན་པོའི་སྲིད་འཛིན་ས་ཁུལ། ལིན་ཧུའུ་སྲིད་འཛིན་ས་ཁུལ་བཅས་གཏོགས།
རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་གཏེར་ལེན་ཁ་རུ་བཙུགས་ཡོད།
དོན་ཚནགསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ཡིན།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཁོངས་གཏོགས་ས་ཁུལ་དང་རྫོང་ངམ་གྲོང་ཁྱེར་གྱི་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་ལག་བསྟར་བྱེད་པ་དང་མཉམ་དུ་རང་སྐྱོང་དབང་ཆ་ལག་བསྟར་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ལ་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་ཆོག་མཆན་བཀོད་རྗེས་མངག་གཏོང་བྱ་བའི་ལས་ཁུངས་བཙུགས་ཆོག
དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་རིགས་སོསོའི་མི་དམངས་ལ་དབུ་ཁྲིད་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན་མཛུབ་སྟོན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡནཔའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་བཅོས་སྒྱུར་སྒོ་འབྱེད། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་ཅིང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་ལྷན་སྐྱོད། མདོ་དབུས་མཐོ་སྒང་གི་སྙིང་སྟོབས་དང་ཚྭ་འདམ་གཞོང་གི་སྙིང་སྟོབས་བཅས་དར་སྤེལ་བྱས་ཤིང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཞི་འཛུགས་སྒྲུན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དར་རྒྱས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་མཐུན་སྦྱོར་ངང་དར་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་ཅིང་། རིགས་སོ་སོའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་་སྟེ་དམངས་གཙོ་དང་མཐུན་སྒྲིལ། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན་བཅས་ཡིན་པའི་རང་སྐྱོང་ཁུལ་ཞིག་འཛུགས་སྐྲུན་བྱེད་དགོས།
དོན་ཚན་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་གཅིག་གྱུར་བྱེད་རྒྱུ་སྲུང་སྐྱོང་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དེ་རང་སྐྱོང་གཁུལ་དུ་བརྩི་སྲུང་དང་ལག་་བསྟར་བྱེད་རྒྱུ་ཁག་ཐེག་བྱེད་ཅིང་། རིགས་སོ་སོའི་སྤྱི་དམངས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འགན་དབང་ལོངས་སྤྱོད་བྱེད་པར་འགན་སྲུང་བྱེད་དགོས་པ་མ་ཟད། རིགས་སོ་སོའི་སྤྱི་དམངས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འོསའགན་ལག་བསྟར་བྱེད་རྒྱུར་སློབ་གསོ་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་གོ་གནས་མཐོ་གསརབཞག་སྟེ། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་སྤྲད་པའི་ལས་འགན་སྣ་ཚོགས་ཧུར་བརྩོན་གྱིས་ཡོངས་འགྲུབ་བྱེད་དགོས།
དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་གྱི་གནས་ཚུལ་ལ་གཞིགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་རྒྱབ་འགལ་མི་བྱེད་པའི་རྩ་དོན་འོག དམིགས་བསལ་སྲིད་ཇུས་དང་བྱེད་ཐབས་འོས་མཐུན་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་ལས་རིགས་སོ་སོ་དར་སྤེལ་དུ་གཏོང་བར་སྐུལ་འདེད་བྱེད་དགོས།
གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་གྲོས་ཆོད་དང་ཆོད་དོན། བཀའ་རྒྱ། མཛུབ་སྟོན་བཅས་གལ་སྲིད་རང་ཁུལ་གྱི་གནས་ཚུལ་དངོས་དང་མི་མཐུན་པ་བྱུང་ཚེ། རང་སྐྱོང་ཁུལ་གྱིརང་སྐྱོང་ལས་ཁུངས་ཀྱིས་དེ་གོང་རིམ་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་བཀོད་རྗེས་བབ་བསྟུན་སྒྱུར་བཅོས་དང་ཡང་ན་ལག་བསྟར་མཚམས་འཇོག་བྱེད་དགོས།
དོན་ཚན་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོའི་སྤྱི་དམངས་ཀྱི་ཆོས་དད་རང་དབང་ལ་འགན་སྲུང་བྱེད་དགོས།
རྩ་འཛུགས་གང་དང་མི་སྒེར་གྱིས་་སྤྱི་དམངས་ཀྱི་ཆོས་དད་དང་ཆོས་དད་མི་བྱེད་པར་་བཙན་ཤེད་བཀོལ་མི་ཆོག ཆོས་ལུགས་ལ་དད་མོས་བྱེད་པའི་སྤྱི་དམངས་ལའང་དམའ་འབེབས་བྱེད་མི་ཆོག
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆོས་དད་དོ་དམ་བྱེད་ཅིང་སྲོལ་མཐུན་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོང་བྱེད་དགོས་ཤིང་། ཆོས་སྒྲུབ་མི་སྣར་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ་བཅའ་ཁྲིམས་ཀྱི་བརྗིད་ཉམས་དང་མི་དམངས་ཀྱི་ཁེ་ཕན། མི་རིགས་བར་གྱི་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱེད་དགོས། ཆོས་ལུགས་དང་སྤྱི་ཚོགས་རིངལུགས་ཀྱི་སྤྱི་ཚོགས་མཐུན་ཐབས་བྱེད་པར་ཧུར་བརྩོན་གྱིས་སྣེ་ཁྲིད་བྱེད་དགོས་ཤིང་། རྩ་འཛུགས་གང་དང་མི་སུ་ཞིག་གིས་ཆོས་ལུགས་སྤྱད་དེ་སྤྱི་ཚོགས་ཀྱི་སྒྲིགས་ལམ་ལ་གཏོར་བརླག་དང་སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་པ། གཉེན་སྒྲིག་ལ་ཐེ་གཏོགས། རྒྱལ་ཁབ་ཀྱི་ཁྲིམས་འཛིན་དང་སློབ་གསོའི་ལམ་ལུགས་ཀྱི་བྱ་འགུལ་བཅས་ལ་བཀག་འགོག་བྱེད་མི་ཆོག བཀས་བཀོད་རྨོངས་དད་ལ་ངོ་རྒོལ་དང་ལོག་ཆོས་བྱ་འགུལ་ལ་གཏན་འགོག་བྱེད་དགོས།
རང་སྐྱོང་ཁུལ་ནང་གི་ཆོས་ལུགས་ཚོགས་ཁག་དང་ཆོས་ལུགས་ལས་དོན། ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་ཁ་ལོ་མི་སྒྱུར་བ་བྱེད་དགོས།
དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འདྲ་མཉམ་དང་་མཐུན་སྒྲིལ། རོགས་རེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བ་སྲུང་སྐྱོང་དང་དར་སྤེལ་བྱེད་དགོས་ཤིང་། མི་རིགས་སོ་སོའི་བར་ཕན་ཚུན་སྤེལ་རེས་དང་མཉམ་ལས་བྱེད་རྒྱུར་སྐུལ་འདེད་བྱེད་དགོས། མི་རིགས་གང་ལ་མཐོང་ཆུང་དང་གཉོན་གནོན་གཏན་ནས་མི་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་བཟོ་བའི་བྱ་སྤྱོད་ལ་གཏནའགོག་བྱེད་དགོས།
དོན་ཚན་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོར་མིརིགས་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་ཆོག་པའི་རང་དབང་ལ་འགན་སྲུང་བྱེད་པ་དང་། རང་གི་ཡུལ་སྲོལ་གོམས་གཤིས་རྒྱུན་འཁྱོངས་དང་སྒྱུར་བཅོས་བྱེད་པའི་རངདབང་མཆིས་དགོས།
དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་པོའི་སྲིད་ཇུས་དང་བྱེད་ཐབས་སྤྱད་དེ་འཇོན་མི་ལ་སྐུལ་ལྕགས་གཏོང་བའི་ནང་རྐྱེན་བཙུགས་ནས་ཆེད་ལས་འཇོན་མི་སྣ་ཚོགས་སྐྱེད་སྲིང་དང་ནང་འདྲེན་། བཀོལ་སྤྱོད་ལེགས་པོ་བྱེད་དགོས་ཤིང་། འཇོན་མིའི་ཚོང་ར་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་འཇོན་མི་འོས་མཐུན་སྒོས་འཁོར་རྒྱུག་ལ་སྐུལ་འདེད་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་ཁྲོད་ཀྱི་རིགས་སོ་སོའི་ཆེད་ལས་འཇོན་མི་ཧུར་ཐག་སྒོས་སྐྱེད་སྲིང་བྱས་ནས་ཁོ་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་ཆེད་ལས་ལག་རྩལ་མི་སྣ་སྐུལ་སློང་དང་ནང་འདྲེན་བྱས་ཏེ་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། ཚན་རིགས། སློབ་གསོ། རིག་གནས། འཕྲོད་སྟེན་བཅས་ཀྱི་འཛུགས་སྐྲུན་ལས་རིགས་སྣ་ཚོགས་སུ་ཞུགས་དགོས་ཤིང་། བྱས་རྗེས་འབུར་ཐོན་བཞག་པའི་ཆེད་ལས་ལག་རྩལ་མི་སྣར་གཟེངས་བསྟོད་བྱ་དགའ་གནང་དགོས།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཇེ་དྲག་དུ་བཏང་སྟེ་ཕུགས་བསམ་སློབ་གསོ་དང་ཀུན་སྤྱོད་སློབ་གསོ། རིགས་གནས་སློབ་གསོ། སྒྲིག་ལམ་སློབ་གསོ། ཁྲིམས་ལུགས་སློབ་གསོ་བཅས་སྤེལ་ནས་མེས་རྒྱལ་ལ་དགའ་བ་དང་མི་དམངས་ལ་དགའ་བ། ངལ་རྩོལ་ལ་དགའ་བ། ཚན་རིག་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་སྤྱོད་བཟང་དར་སྤེལ་བྱེད་ཅིང། ཕུགས་བསམ་ལྡན་པ་དང་ཀུན་སྤྱོད་བཟང་བ། རིག་གནས་ཤེས་པ། སྒྲིག་ལམ་སྲུང་བའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དམངས་སྐྱེད་སྲིང་བྱེད་དགོས།
དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཏང་གི་འགོ་ཁྲིད་ཡིན་དང་མི་དམངས་ཁྱིམ་གཞིའི་བདག་པོ་ཡིན་པ། ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཕན་ཚུན་གཅིག་གྱུར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་ཅིང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་སྲིད་གྲོས་ལམ་ལུགས། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རོང་འབྲོག་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ། གཞི་རིམ་གྱི་་དམངས་གཙོ་རྒྱ་སྐྱེད་བྱེད་པ་དང་། དམངས་གཙོའི་ལམ་ལུགས་འཐུས་ཚང་། དམངས་གཙོའི་ཁེ་དབང་འགན་སྲུང་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནི་རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་གྱི་དབང་ཆའི་ལས་ཁུངས་ཡིན།
དོན་ཚན་བཅུ་བཞི་པ། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིག་འཛུགས་དགོས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་བཙུགས་ལས་ཁུངས་ཡིན་པས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་དགོས་ཤིང་བྱ་བའི་སྙ་སེང་ཞུ་དགོས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་དུ་སོག་རིགས་ཡང་ན་བོད་རིགས་སྤྱི་དམངས་ཀྱིས་ཀྲུའུ་རིན་ནམ་ཀྲུའུ་རིན་གཞོན་པའི་འགན་ཁུར་དགོས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་སོག་རིགས་སམ་བོད་རིགས་སྤྱི་དམངས་ཀྱིས་བཟུང་བའི་མི་གྲངས་བསྡུར་ཚད་དེ་ཁུལ་ཡོངས་ཀྱི་མི་གྲངས་ཁྲོད་བཟུང་བའི་བསྡུར་ཚད་ལས་ཅུང་མཐོ་ན་ཆོག་ཅིང་། མི་རིགས་གཞན་དག་གི་སྤྱི་དམངས་ལའང་འོས་འཚམ་གྱི་མི་གྲངས་ཤིག་ཡོད་དགོས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོས་ངེས་ཀྱི་དོན་སྒྲུབ་ལས་ཁུངས་དང་བྱ་བའི་ལས་ཁུངས་བཙུགས་ཆོག
དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བྱ་བའི་དགོས་མཁོར་དམིགས་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་བཙུགས་ཆོག
དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཁྲིམས་ལྟར་རང་སྐྱོང་སྲོལ་ཡིག་དང་ཁར་སྤྱོད་སྲོལ་ཡིག བབ་བསྟུན་སྒྱུར་བཅོས་གཏན་ཁེལ། ཁ་གསབ་གཏན་ཁེལ་བཅས་གཏན་ཕབ་དང་བཟོ་བཅོས་བྱས་ཆོག་ཅིང་། མཚོ་སྔོན་ཞིང་ཆེན་གྱི་མི་་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་བཀོད་རྗེས་དཔར་འགྲེམ་ལག་བསྟར་བྱས་ཆོག
དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་ནི་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལག་བསྟར་ལས་ཁུངས་ཡིན་ཞིང་། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཡང་ཡིན།
རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་ཞིང་བྱ་བའི་སྙན་སེང་ཞུ་དགོས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་མཇུག་རྫོགས་པའི་སྐབས་སུ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་དགོས་ཤིང་བྱ་བའི་སྙན་སེང་ཞུ་དགོས།
རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་དེ་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་བྱེད་རྒྱུ་དང་ལེན་བྱེད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྲིད་གཞུང་འགན་ཁུར་ཞིང་བྱ་བའི་སྙན་སེང་ཞུ་དགོས།
རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུངདུ་ཁུལ་གཙོ་ཡིས་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་གྱི་ཁུལ་གཙོ་དེའང་སོག་རིགས་སམ་བོད་རིགས་སྤྱི་དམངས་ཀྱིས་འགན་བཞེས་དགོས།
རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁོངས་མིའི་ཁྲོད་སོག་རིགས་སམ་བོད་རིགས་ཡང་ན་མི་རིགས་གཞན་བཀོད་སྒྲིག་འོས་འཚམ་ཞིག་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་དེར་གཏོགས་པའི་བྱ་བའི་སྡེ་ཁག་ཁྲོད། སོག་རིགས་སམ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་བཀོད་སྒྲིག་འོས་འཚམ་ཞིག་བྱེད་དགོས།
དོན་ཚན་བཅུ་དགུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འགོ་ཁྲིད་ལས་བྱེད་འདེམ་བསྐོ་བྱེད་སྐབས་སོག་རིགས་དང་བོད་རིགས། གྲངས་ཉུང་མི་རིགས་གཞན་དག་ལྡན་དགོས་ཤིང་རྒྱལ་ཁབ་ཀྱི་གཞུང་ཞབས་པ་སྡུད་ལེན་བྱེད་སྐབས་སྡུད་ལེན་བྱེད་པའི་སོག་རིགས་དང་བོད་རིགས་ཀྱི་བསྡུར་ཚད་ཀྱང་ངེས་ཅན་ཞིག་མཆིས་དགོས་པ་དང་། གྲངས་ཉུང་མི་རིགས་གཞན་དག་ལའང་མི་གྲངས་འོས་འཚམ་ཞིག་ལྡན་དགོས།
དོན་ཚན་ཉི་ཤུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་ལག་བསྟར་བྱེད་སྐབས་ས་གནས་དང་དམིགས་ཡུལ་མི་གཅིག་པར་གཞིགས་ནས་སོག་རིགས་དང་བོད་རིགས། རྒྱ་རིགས་བཅས་ཀྱི་སྐད་ཡིག་མཉམ་སྤྱོད་དང་ཡང་ན་ཐ་དད་དུ་སྤྱོད་དགོས།
དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་དགོས་ཤིང་བྱ་བའི་སྙན་སེང་ཞུ་དགོས།
རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་བྱ་བ་དེར་གོང་རིམ་མི་དམངས་ཁྲིམས་ཁང་གིས་ལྟ་སྐུལ་བྱེད་ཅིང་། རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བ་དེར་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་འགོ་ཁྲིད་བྱེད་དགོས།
དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཁོངས་མིའམ་ལས་བྱེད་མི་སྣའི་ཁྲོད་སོག་རིགས་དང་བོད་རིགས་ཡང་ན་གྲངས་ཉུང་མི་རིགས་གཞན་དག་བཀོད་སྒྲིག་འོས་འཚམ་ཞིག་བྱེད་དགོས།
རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་འདྲི་གཅོད་དང་ཞིབ་དཔྱོད་བྱ་འགུལ་ཁྲོད་རང་རེའི་ས་གནས་ཀྱིས་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་བཀོལ་དགོས་ཤིང་། ཁུལ་ནངབྱེད་པའི་སྣ་་གི་རིགས་སོ་སོའི་སྤྱི་དམངས་ཚང་མས་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྤྱད་ནས་གཏུག་བཤེར་བྱེད་པའི་དབང་ཆ་འགན་སྲུང་བྱེད་དགོས། རང་རེའི་ས་གནས་སུ་སྤྱི་སྤྱོད་ཀྱི་སྐད་ཡིག་མི་ཤེས་ཀྱང་གཏུག་བཤེར་བྱེད་པའི་མི་སྣ་ལ་ལོ་ཙཱ་བྱེད་རྒྱུ་འདོན་སྤྲོད་བྱེད་དགོས།
དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ལ་དབངབའི་ལམ་ལུགས་སྲོག་ཤིང་བྱས་པ་དང་དབང་བའི་ལམ་ལུགས་སྣ་མང་ཅན་གྱི་དཔལ་འབྱོརམཉམ་དུ་གོང་འཕེལ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་ཅིང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་ལ་སྐུལ་མ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ་དར་རྒྱས་སུ་གཏོང་དགོས།
དོན་ཚན་ཉེར་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་གྱི་དོན་་དངོས་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཛུབ་སྟོན་འོག དཔལ་འབྱོར་འཛུགས་སྐྲུན་གྱི་བྱེད་ཕྱོགས་དང་སྲིད་ཇུས། འཆར་འགོད་བཅས་གཏན་ཁེལ་བྱེད་ཅིང་། དཔལ་འབྱོར་འཛུགས་སྐྲུན་གྱི་ལས་རིགས་རང་རྟོགས་ཀྱིས་བཀོད་སྒྲིགས་དང་དོ་དམ་བྱེད་པ་དང་ཐོན་སྐྱེད་འབྲེལ་བ་དང་དཔལ་འབྱོར་གྲུབ་ཆ་མཐུན་སྦྱོར་ངང་ལེགས་སྒྲིགས་བྱེད་པ། དཔལ་འབྱོར་དོ་དམ་ལམ་ལུགས་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། སྤྱི་ཚོགས་རིང་་ལུགས་གྱི་ཚོང་རའི་དཔལ་འབྱོར་དར་རྒྱས་སུ་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་རང་གི་ཐོན་ཁོངས་ལ་བརྟེན་ནས་ཚནསློབ་ཁུལ་དར་གྱི་འཐབ་ཇུས་ལག་བསྟར་བྱེད་ཅིང་། གནས་བབ་ཡག་པོའི་ཐོན་ཁུངས་གསརགཏོད། ཞིང་ཕྱུགས་རྨང་གཞིའི་སྒྲིག་བཀོད་ཇེ་དྲག དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག ཁྱད་ལྡན་དཔལ་འབྱོར་དར་རྒྱས། རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། བཟོ་ལས་ཅན་དང་མཁར་རྡལ་ཅན། ཆ་འཕྲིན་ཅན་བཅས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་ཅིང་། ཚྭ་འདམ་གསར་དར་གྱི་བཟོ་ལས་རྟེན་གཞི་ཞིག་འཛུགས་སྐྲུན་བྱེད་དགོས།
དོན་ཚན་ཉེར་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་གཅིག་སྒྲིལ་གྱིས་གཏེར་ལེན་ཁ་གྲོང་ཁྱེར་དང་གོར་མོ་གྲོང་ཁྱེརསྟེ་གནས་བྱས་པའི་ཤར་ནུབ་གྱི་དཔལ་འབྱོར་ས་ཁུལ་གཉིས་འཛུགས་སྐྲུན་བྱེད་ཅིང་། གྲོང་ཁྱེར་གྱི་འགྱེད་འཕྲོ་སྐུལ་སློང་གི་ནུས་པ་འདོན་སྤེལ་བྱས་ནས་ས་ཁོངས་དཔལ་འབྱོར་གྱི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས་གྱི་གཙོ་གནད་འོས་་མཐུན་ངང་གཏན་ཁེལ་བྱེད་པ་དང་། སོ་སོར་ཁྱད་ཆོས་རེ་ལྡན་པའི་ས་ཁོངས་དཔལ་འབྱོར་མ་་ལག་ཅིག་འཛུགས་སྐྲུན་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་མི་གྲངས་དང་ཐོན་ཁུངས། ཁོར་ཡུག་བཅས་མཐུན་སྦྱོར་ངང་གོང་སྤེལ་བྱེད་པ་མངོན་འགྱུར་བྱེད་དགོས།
དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལཁབ་ལས་ཁུངས་ཀྱིས་རོགས་སྐྱོར་བྱེད་པར་ཧུར་ཐག་སྒོས་བརྩོན་ལེན་བྱས་ཏེ་ཆུ་བེད་དང་འགྲིམའགྲུལ། འཕྲིན་གཏོང། ནུས་ཁུངས། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལེགས་སྒྲུབ་བྱེད་ཅིང་རྨང་གཞི་སྒྲིག་ཆས་ལ་དོ་དམ་དང་སྲུང་སྐྱོང་བྱེད་རྒྱུ་ཇེ་དྲག་དུ་གཏོང་དགོས།
དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་རང་བྱུང་ཐོན་ཁུངས་དོ་དམ་དང་སྲུང་སྐྱོང་བྱས་ཏེ་ཐོན་ཁུངས་བེད་སྤྱོད་བྱེད་པའི་རྩ་འཛུགས་དང་མི་སྒེར་ཚང་མས་ཐོན་ཁུངས་ལ་གཏོར་བཤིག་དང་ཆུད་ཟོས་སུ་གཏོང་མི་ཆོག
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག་ལ་བེད་སྤྱོད་དང་སྲུང་སྐྱོང་བྱེད་རྒྱུ་ཇེ་དྲག་ཏུ་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྩྭ་སའི་ཐོན་ཁུངས་ལ་སྲུང་སྐྱོང་བྱས་ཏེ་རྩྭ་ས་ལ་གཏོར་བརླག་བཟོས་པའམ་རྨོ་ཞིང་གསར་བ་སློག་པར་གཏན་འགོག་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་བྱུང་ནགས་ཚལ་དང་བྱེ་ཆགས་རི་སྐྱེ་རྩི་ཤིང་ལ་སྲུང་སྐྱོང་བྱས་ཏེ་གང་བྱུང་དུ་གཅོད་པ་དང་གང་འདོད་དུ་རྐོ་བར་གཏན་འགོག་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རི་སྐྱེ་སྲོག་ཆགས་ཐོན་ཁུངས་དང་དེའི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་རི་སྐྱེ་སྲོག་ཆགས་ལ་ཁྲིམས་འགལ་གྱིས་རྔོན་མི་ཆོག
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གཏེར་ཁུངས་སྲུང་སྐྱོང་བྱས་ཏེ་ཁྲིམས་འགལ་གྱིས་སྔོག་འདོན་བྱེད་པར་གཏན་འགོག་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་བྱུང་སྲུང་སྐྱོང་ས་ཁོངས་གང་ལའང་དོ་དམ་དང་ལྟ་སྐུལ་བྱེད་རྒྱུ་ཇེ་དྲག་ཏུ་གཏོང་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ཡང་སྤེལ་དགོས།
དོན་ཚན་ཉེར་དགུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གནས་བབ་ཡག་པོའི་ཐོན་ཁུངས་སྒྱུར་བའི་ཐབས་ཇུས་ལག་བསྟར་བྱས་ཏེ་བཟོ་ལས་དཔལ་འབྱོར་གྲུབ་ཆ་དངསྒྲིག་བཀོད་ལེགས་སྒྲིག་བྱེད་ཅིང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཅོས་དང་ཡར་འདེགས་བྱེད་པ་དང་། སྲོག་ཤིང་ཐོན་ལས་དར་སྤེལ་དང་རྒྱ་སྐྱེད་བཏང་ཞིང་དཔལ་འབྱོར་དར་བའི་བྱེད་སྟངས་ལེགས་སྒྱུར་བྱས་ཏེ་དཔལ་འབྱོར་འཕེལ་བའི་སྤུས་ཚད་དང་ཕན་ནུས་ཇེ་མཐོར་གཏོར་དགོས་ཤིང་། དབྱིབས་གསར་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་དགོས།
དོན་ཚན་སུམ་ཅུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གཅིག་གྱུར་འཆརའགོད་དང་སྒྲིག་བཀོད་ལུགས་མཐུན། ཕྱོགས་བསྡུས་གསར་གཏོད། ཕན་ཡོད་སྒོས་བེད་སྤྱོད་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གཏེར་ཁུངས་ཁྲིམས་ལྟར་སྔོག་འདོན་བྱེད་པའགན་སྲུང་བྱེད་དགོས་ཤིང་། རང་རེའི་ས་གནས་ཀྱིས་སྔོག་འདོན་བྱེད་ཆོག་པའི་ཐོན་ཁུངས་དམིགས་བཀར་ནས་གསར་གཏོད་བེད་སྤྱོད་བྱས་ཆོག
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཐོན་ཁུངས་ཚོང་ར་ཆེན་པོ་རིམ་པ་བཞིནབཙུགས་ཏེ་རྒྱུན་འཁོར་དཔལ་འབྱོར་ཧུར་བརྩོན་གྱིས་སྤེལ་དགོས་ཤིང་། གཏེར་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་དར་སྤེལ་བྱེད་དགོས།
དོན་ཚན་སོ་གཅིག་པ། རང་སྐྱོང་ཁུལ་གྱི་མངའ་ཁོངས་ནང་དུ་ཐོན་ཁུངས་རྩད་ཞིབ་དང་་སྔོག་འདོན་བྱེད་པར་དཔྱ་ཁྲལ་ངེས་པར་དུ་ཁྲིམས་ལྟར་འཇལ་སྤྲོད་བྱེད་དགོས་ཤིང་། གཏེར་རི་ཁེ་ལས་ཀྱིས་འཇལ་སྤྲོད་བྱེད་པའི་ཐོན་ཁུངས་དཔྱ་ཁྲལ་གྱི་ཁྲལ་གྲངས་ཚད་གཞི་གོངརིམ་རྒྱལ་ཁབ་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་བཀོད་རྗེས་རྒྱལ་ཁབ་ཀྱི་ཁྲལ་སྡུད་བཅའ་ཁྲིམས་གཏན་ཁེལ་བྱེད་པའི་སྡུད་ལེན་ཚད་གཞིའི་ནང་དུ་རང་རྟོགས་གྱིས་ལེགས་སྒྲིག་བྱས་ཆོག
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་ཐོན་ཁུངས་ཕྱིར་འདྲེན་བྱེད་པའི་ས་ལ་བྱིན་པའི་ཁ་གསབ་ཕན་ཁེ་ཡང་ལོངས་སྤྱོད་བྱེད་ཅིང་། རང་་རེའི་སྲིད་འཛིན་ས་ཁོངས་ནང་གི་གཏེར་ཁུངས་དེ་སུ་འཇོན་དེ་འགུག་དང་རིན་གོང་རྩེག་འཚོང་། ཚན་བྱང་འགེལ་བ་བཅས་ཀྱི་བྱེད་སྟངས་བརྒྱུད་ནས་གཏེར་འཚོལ་དབང་ཆ་དང་གཏེར་སྔོག་དབང་ཆ་གཞན་སྤྲོད་བྱེད་སྐབས་གོང་རིམ་རྒྱལ་ཁབ་ལས་ཁུངས་ལ་ཡར་ཞུ་བྱས་ནས་དེའི་རིན་དངུལ་ནང་དུ་ཐོན་ཁུངས་ཕྱིར་འདྲེན་བྱེད་པའི་ས་ལ་བསྡུར་ཚད་ངེས་ཅན་གྱི་ཕན་ཁེ་ཁ་གསབ་ཞིག་སྤྲོད་དགོསས་ཤིང་དེ་ཡང་གཏེར་ཁུངས་དོ་དམ་དང་སྲུང་སྐྱོང་གི་ཕྱོགས་སུ་བཀོལ་དགོས།
དོན་ཚན་སོ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཐོན་ཁུངས་རྩད་ཞིབ་ཀྱི་བྱ་བ་ཇེ་དྲག་ཏུ་གཏོང་དགོས་ཤིང་རྗེས་ཕྱོགས་ཐོན་ཁུངས་གསོག་འཇོག་ཇེ་མང་བཏང་སྟེ། རྒྱུན་མཐུད་འཕེལ་རྗེས་ལ་ཐོན་ཁུངས་འདོན་སྤྲོད་འགན་སྲུང་བྱེད་དགོས།
དོན་ཚན་སོ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོརཡུག་དང་འཚོ་བའི་ཁོར་ཡུག་ལ་སྲུང་སྐྱོང་དང་ལེགས་སྒྱུར་བྱས་ཏེ་སྤྱི་ཚོགས་ཀྱི་ནུས་ཤུགས་སྐུལ་སློང་བྱས་ནས་རྩྭ་འདེབས་ཤིང་འཛུགས་ཀྱི་འོས་འགན་ཁྱབ་སྤེལ་བྱེད་ཅིང་། རི་རྒྱ་ནགས་གསོ་དང་རྩི་ཤིང་གསོ་བ་ལག་བསྟར་བྱེད་པ། ཁེ་དོན་ལས་ཀྱི་ལས་ཁུངས་དང་མི་སྒེར་ལ་སྐུལ་སློངབཏང་སྟེ་རི་རྒོད་དང་ས་རྒོད་ལ་སྡོང་འཛུགས་རྩྭ་འདེབས་པའི་འགན་གཙང་ལེན་བྱེད་དགོས་ཤིང་། རིམ་པ་བཞིན་དུ་བྱེ་རླུང་མཆེད་པ་ཚོད་འཛིན་བྱེད་དགོས།
རང་རེའི་སྲིད་འཛིན་ས་ཁོངས་ནང་དུ་ཐོན་ཁོངས་གསར་གཏོད་དང་ཚན་ཁག་སྣ་ཚོགས་འཛུགས་སྐྲུན་བྱེད་པའི་རྩ་འཛུགས་དང་མི་སྒེར་གྱིས་བྱེད་ཐབས་སྤྱད་དེ་ས་ཆུ་ཤོར་བ་སྔོན་འགོག་དང་འབག་བཙོག་གམ་གཞན་ལ་གནོད་འཚེའང་གཏན་འགོག་བྱེད་ཅིང་། སུས་འབོག་བཙོགབཟོས་ན་དེས་བདག་སྐྱོང་བྱེད་རྒྱུ་ལག་བསྟར་བྱེད་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་ལ་ཕན་ཡོད་སྒོས་སྲུང་སྐྱོང་བྱེད་དགོས།
དོན་ཚན་སོ་བཞི་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རང་རེའི་སྲིད་འཛིན་ས་ཁོངས་ནང་དུ་རིགས་ཐ་དད་པའི་འཛུགས་སྐྲུན་རྣམ་གྲངས་གསར་འཛུགས་བྱེད་རྒྱུར་ཕྱོགས་གང་ཐད་ནས་རོགས་སྐྱོར་བྱེད་ཅིང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་གཙོ་གནད་ལ་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་སོ་་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁེ་དོན་ལས་སྡེ་ཁགདང་དཔལ་འབྱོར་དར་རྒྱས་ས་ཁུལ་གྱི་ཁེ་དོན་ལས་སྡེ་ཁག་ལྷན་དུ་དཔལ་འབྱོར་ལག་རྩལ་རྗེསརེས་དང་མཉམ་ལས་བྱེད་རྒྱུར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས་ཤིང་། བཅའ་ཁྲིམས་ཀྱི་གཏན་ཁེལ་ལ་གཞིགས་ནས་རང་རྟོགས་གྱིས་ཕྱིའི་མ་དངུལ་སྤྱོད་པ་དང་སྔོན་ཐོན་ལག་རྩལ་ལམ་སྒྲིག་ཆས་ནང་འདྲེན་བྱེད་རྒྱུ་ཐག་གཅོད་བྱེད་པ་དང་། ཡང་ན་ཕྱིའི་ཚོང་བ་དང་ལྷན་དུ་ཁེ་ལས་སམ་དོན་ལས་གསར་འཛུགས་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚོང་འགུག་དངུལ་འདྲེན་བྱེད་པའི་བྱ་བ་ཇེ་དྲག་དུ་གཏོང་ཞིང་རང་རེའི་སྲིད་འཛིན་ས་ཁོངས་ནང་དུ་མ་དངུལ་བཏང་ནས་ཁེ་ལས་སམ་དོན་ལས་གསར་འཛུགས་བྱེད་པའི་རྩ་འཛུགས་དང་མི་སྒེར་ལ་ཞབས་ཕྱི་སྣ་ཚོགས་འདོན་སྤྲོད་བྱེད་དགོས་ལ་ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
དོན་ཚན་སོ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྱད་མཁོའི་བཀོལ་རྫས་དང་ལག་བཟོས་ཐོན་རྫས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པར་གཙིགས་འཛིན་བྱེད་མོད། ལག་རྩལ་དང་བརྡ་འཕྲིན། མ་དངུལ་བཅས་ཀྱི་ཕྱོགས་ནས་་གཟིགས་སྐྱོང་དང་རོགས་སྐྱོར་བྱེད་དགོས།
དོན་ཚན་སོ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་གོ་གནས་ཇེ་དྲག་དུ་བཏང་སྟེ་མཁར་ཤང་གཅིག་གྱུར་འཆར་འགོད་གོང་སྤེལ་བྱེད་པ་རྒྱུན་འཁྱོངས་བྱེད་ཅིང་། ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་བགྲོད་ལམ་མང་པོའི་སྒོ་ནས་ཞིང་ཕྱུགས་ལས་ལ་མ་དངུལ་ཇེ་མང་བཏང་སྟེ་ཞིང་ཕྱུགས་ལས་ཀྱི་སྒྲིག་བཀོད་ཧུར་ཐག་གིས་སྤེལ་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཇེ་མཐོརབཏང་ནས་རོང་འབྲོག་པའི་ཐོན་སྐྱེད་ཆ་རྐྱེན་དངོས་གནས་ཇེ་ལེགས་སུ་གཏོང་དགོས།
དོན་ཚན་སོ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རོང་འབྲོག་ཁུལཁྱིམ་ཚང་གིས་འགན་གཙང་ལེན་གྱི་གཉེར་སྐྱོང་གཅིག་གྱུར་བཀོད་སྒྲིག་གཉིས་ཟུང་འབྲེལ་བྱེད་པའི་ཉིས་རྩེག་གཉེར་སྐྱོང་གི་ལམ་ལུགས་བརྟན་བརླིང་བྱེད་ཅིང་། རང་འདོད་དང་གཉིས་ཕན། དྲང་བདེན་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་རོང་འབྲོག་པའི་ཁྱིམ་ཚང་གིས་གཉེར་སྐྱོང་བྱེད་པའི་རྨང་གཞིའི་སྟེང་སྐུལ་སློང་བཏང་ནས་སྣ་མང་གཉེར་སྐྱོང་གི་བྱེད་སྟངས་དང་སྣ་མང་དཔལ་འབྱོར་གྲུབ་ཚུལ་གྱི་དཔལ་འབྱོར་མཉམ་ལས་སྤེལ་ཏེ་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་ཁེ་ཕན་ཇེ་མཐོར་གཏོང་དགོས།
དོན་ཚན་སོ་དགུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་བམ་ཐུན་མོང་ལ་དབང་བའི་ས་ཞིང་དང་རོང་འབྲོག་པའི་རྩྭ་ཐང་། ནགས་ཚལ་བཅས་ལ་འགན་གཙངལེན་བྱེད་པའི་གཉེར་སྐྱོང་དབང་ཆ་ཁྲིམས་ལྟར་འགན་སྲུང་བྱེད་ཅིང་། རོང་འབྲོག་པའི་ཞིང་ས་དང་རྩྭ་ཐང་། ནགས་ཚལ་བཅས་ལ་འགན་གཙང་ལེན་བྱེད་པའི་གཉེར་སྐྱོང་དབང་ཆ་དེ་ཁྲིམས་ལྟར་འཛིན་སྐྱོང་ངམ་ཡང་ན་རང་འདོད་ཀྱིས་རིན་ལྡན་སྒོས་སྐོར་འཚོང་བྱེད་ཆོག
རྒྱལ་ཁབ་ཀྱིས་ཐུན་མོང་ལ་དབང་བའི་ས་ཞིང་དང་རོང་འབྲོག་པས་འགན་གཙང་ལེནགཉེར་སྐྱོངབྱས་པའི་རྨོ་ཞིང་ངམ་ནགས་ཚལ། རྩྭ་ཐང་བཅས་ལ་གཞུང་བསྡུའམ་བསྡུས་སྤྱོད་བྱས་པ་དང་། ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་རོང་འབྲོག་པས་འགན་གཙང་ལེན་གཉེར་སྐྱོང་བྱས་པའི་རྨོ་ཞིང་ངམ་ནགས་ཚལ། རྩྭ་ཐང་བཅས་ལ་བེད་སྤྱོད་བྱེད་སྔར་ས་ཞིང་གི་བདག་པོ་དང་འགན་གཙང་ལེན་གཉེར་སྐྱོང་བྱེད་མཁན་ལ་ཁྲིམས་ལྟར་སྐྱིན་ཚབ་སྟེར་དགོས།
དོན་ཚན་བཞི་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྩྭ་སའི་ཐོན་ཁུངས་ལུགས་མཐུན་ངང་སྤྱད་དེ་རྩྭའི་ཆེད་དུ་ལས་རིགས་བཙུགས་པ་དང་རྩྭ་ཕྱུགས་དོ་མཉམ། ཚན་རྟེན་ཕྱུགས་གསོ། འཛུགས་སྐྲུན་ཕྱུགས་གསོ་བཅས་རྒྱུན་འཁྱོངས་བྱེད་ཅིང་། འགན་གཙང་ལེན་གཉེར་སྐྱོང་བྱེད་མཁན་གྱིས་རྩྭ་སར་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་རྒྱུར་སྐུལ་མ་བཏང་སྟེཕན་ནུས་ཅན་གྱི་ཕྱུགས་ཟོག་ལས་རིགས་སྤེལ་དགོས་ཤིང་། ཞིང་ལས་ས་ཁུལ་གྱིས་ཧུར་ཐག་སྒོས་ར་བར་ནང་དུ་ཕྱུགས་ཟོག་ཆས་གསོས་གཙོ་བྱས་པའི་རོང་ཁུལ་་ཕྱུགས་ཟོག་གི་ལས་རིགས་དརསྤེལ་བྱེད་དགོས།
དོན་ཚན་ཞེ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རོང་འབྲོག་ཁུལ་གྱི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྤེལ་པར་སྐུལ་སློང་བྱས་ཏེ་ཞིང་ཕྱུགསལས་ཀྱི་དཔལ་འབྱོར་ཕྱོགས་ཡོངས་ནས་སྤེལ་པར་སྐུལ་འདེད་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རོང་འབྲོག་པའི་གསོ་སྦྱོང་ནང་རྐྱེན་བཙུགས་ནས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། རང་སྐྱོང་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་གོ་རིམ་ལྡན་པའི་ངང་མཁར་རྡལ་ལ་སྤོ་སྒྱུར་བྱེད་རྒྱུར་སྣེ་ཁྲིད་བྱེད་དགོས།
དོན་ཚན་ཞེ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དབུལ་སྐྱོར་གསར་སྤེལ་ཤུགས་ཆེན་པོས་ཁྱབ་གདལ་བྱེད་ཅིང་། རྒྱལ་ཁབ་ཀྱིས་དབུལ་ཕོངས་རོང་འབྲོག་ཁུལ་ལ་ཁ་གཏད་པའི་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། དབུལ་ཕོངས་ཀྱི་ཤང་ངམ་སྡེ་བའི་ཆུ་དང་ཀློག ལམ་ལ་སོགས་པའི་འཚོ་བའི་ཐོན་སྐྱེད་སྒྲིག་ཆས་ལེགས་སྒྱུར་བྱེད་ཅིང་། དབུལ་ཕོངས་མི་འབོར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱས་ནས་དབུལ་ཕོངས་ལས་ཐར་དུ་འཇུག་དགོས།
དོན་ཚན་ཞེ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཆུའི་ཐོན་ཁུངས་ལུགས་མཐུན་གྱིས་གསར་གཏོད་བྱས་ནས་ཚན་རིག་ལྡན་པའི་ངང་སྔོག་འདོན་དང་ཆུ་སྤྱོད་གྲོན་ཆུང་། ཆུད་ཟོས་ཇེ་ཉུང་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཆུའི་ཐོན་ཁུངས་ཀྱི་སྔོག་འདོན་ལ་ཆོག་བཀོད་ལམ་ལུགས་ལག་བསྟར་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཆུ་མཛོད་དང་རྨོ་ཞིང་ཆུ་འདྲེན། མི་ཟོག་གིའཐུང་ཆུ། ཆུ་རྒྱུན་སྒྲིག་བཅོས་བཅས་ཀྱི་བཟོ་བཀོད་འཛུགས་སྐྲུན་གལ་ཆེན་དག་ཇེ་དྲག་ཏུབཏང་ཞིང་། ཆུ་བེད་སྒྲིག་ཆས་ཇེ་ལེགས་སུ་བཏང་སྟེ་མཁར་ཤང་མི་དམངས་ཀྱི་འཚོ་བའི་འཐུང་ཆུ་དང་བཟོ་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཆུ་སྤྱོད་ལ་འགན་སྲུང་བྱེད་ཅིང་། ཆུ་བེད་སྒྲིག་ཆས་ལསྲུང་སྐྱོང་དང་དོ་དམ་ལེགས་སྒྲུབ་བྱེད་དགོས།
དོན་ཚན་ཞེ་བཞི་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཉོ་འཚོང་གི་འཁོར་རྒྱུགས་ལས་རིགས་ཧུར་བརྩོན་གྱིས་དར་སྤེལ་བཏང་ཞིང་མཁར་རྡལ་གྱི་འཆར་འགོད་ལ་གཞིགས་ཏེ། ཚོང་རའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས་ཐ་དད་པའི་ཐོན་སྐྱེད་རྒྱུ་ཆའི་ཚོང་ར་དང་ཆེད་ལས་ཅན་གྱི་ཚོང་ར་ཧུར་བརྩོན་གྱིས་གསོ་སྦྱོང་བྱས་ཤིང་། ཉོ་འཚོང་གི་འཁོར་རྒྱུགས་ཧུར་པོ་བྱས་ནས་དཔལ་འབྱོར་དར་རྒྱས་ལ་སྐུལ་འདེད་བྱེད་དགོས།
དོན་ཚན་ཞེ་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་སྐྱེད་བཏང་སྟེ་རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་པ་ལྟར་རྒྱལ་ཁབ་གྱི་གཟིགས་སྐྱོང་སྲིད་ཇུས་གངལེགས་སྤྱད་ནས། ཕྱི་རྒྱལ་ལ་ཉོ་ཚོང་ཧུར་བརྩོན་གྱིས་དར་སྤེལ་བྱེད་ཅིང་། ཁེ་ལས་ཀྱི་ཐོན་རྫས་ཕྱི་ལ་འདྲེན་པ་སྐུལ་སློང་བྱེད་དགོས།
དོན་ཚན་ཞེ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལྗོངས་རྒྱུ་ལས་རིགས་ཀྱི་འཕེལ་རྒྱས་ལ་གཙིགས་སུ་བཟུང་སྟེ་ལྗོངས་རྒྱུའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུབཏང་ནས་མི་རིགས་གྱི་ཡུལ་སྲོལ་ལམ་གནའ་ཤུལ་གྲགས་ཅན། རང་བྱུང་ཡུལ་ལྗོངས་བཅས་ཀྱི་ལྗོངས་རྒྱུ་ཐོན་ཁུངས་ལུགས་མཐུན་ངང་གསར་གཏོད་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་བའམ་མ་དངུལ་གཏོང་བའི་ཚོང་བ་ཧུར་ཐག་གིས་འགུག་འདྲེན་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལྗོངས་རྒྱུ་ཐོན་ཁུངས་ལ་སྲུང་སྐྱོང་དང་དོ་དམ་བྱེད་རྒྱུ་ཇེ་དྲག་ཏུ་གཏོང་དགོས།
དོན་ཚན་ཞེ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་གྲོང་ཁྱེར་་དང་གྲོང་རྡལ་འཛུགས་པའི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ཀྱི་བྱ་བ་ཇེ་དྲག་ཏུ་བཏང་ཞིང་། གྲོང་ཁྱེང་གཙོ་གནད་བྱེད་པ་དང་གྲོང་རྡལ་འཛུགས་པ་རྨང་གཞི་བྱས་ནས་ས་ཁོངས་རང་བཞིན་གྱི་དཔལ་འབྱོར་རིག་གནས་ཀྱི་ལྟེ་གནས་གསོ་སྦྱོང་བྱེད་ཅིང་། གྲོང་སྲིད་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་ཞབས་ཕྱིའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ས་གནས་ཀྱི་་ཁྱད་ཆོས་ལྡན་པ་དང་མི་རིགས་སྲོལ་རྒྱུན་ལྡན་པའི་མཁར་རྡལ་འཛུགས་སྐྲུན་བྱས་ནས་མཁར་རྡལ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།
དོན་ཚན་ཞེ་བརྒྱད་པ། རང་སྐྱོང་ཁུལ་ནང་གི་ཁེ་ལས་སམ་དོན་ལས་ལས་ཁུངས་ཀྱིས་མི་སྣ་གདན་ཞུ་བྱེད་སྐབས་སོག་རིགས་སམ་བོད་རིགས་ཡང་ན་གྲངས་ཉུང་མི་རིགས་གཞན་དམིགས་སུ་བཀར་ནས་གདན་ཞུ་བྱེད་དགོས།
དོན་ཚན་ཞེ་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་པོའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་ངལ་རྩོལ་ནུས་ཤུགས་ཀྱི་ཚོང་ར་དང་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་སྟེ་ངལ་རྩོལ་ལས་ཤུགས་ལ་སྐུལ་འདེད་བྱེད་དགོས་།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ངལ་རྩོལ་སྲུང་སྐྱོང་དང་ཐོན་སྐྱེད་བདེ་འཇགས་ཇེ་དྲག་ཏུ་བཏང་ནས་ངལ་རྩོལ་པའི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལའགན་སྲུང་བྱེད་དགོས།
དོན་ཚན་ལྔ་བཅུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཐོལ་བྱུང་སྤྱི་གཞུང་དོན་རྐྱེན་གྱི་སྔོན་འགོག་རོགས་སྐྱོབ་ཕྱོགས་ལ་ཇེ་དྲག་ཏུ་བཏང་སྟེ་མྱུར་མཁོའི་སྔོན་འགོག་རོགས་སྐྱོབ་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་དགོས།
དོན་ཚན་ང་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མཁར་རྡལ་ལས་བཟོ་བའི་གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས། ལས་ཤོར། གཞུང་ཆེད་རྨས་བྱུང་བ། བུ་བཙའ་བཅས་ཀྱི་འགན་སྲུང་ལམ་ལུགས་བཙུགས་ཤིང་འཐུས་ཚང་དུ་བཏང་ནས་མཁར་རྡལ་མི་འབོར་གྱི་ཆེས་དམའ་ཤས་ཀྱི་འགན་སྲུང་ལམ་ལུགས་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི་རྒན་གསོ་དང་སྨན་བཅོས་ཉེན་འགོག ཆེས་དམའ་ཤས་ཀྱི་འཚོ་བའི་འགན་སྲུང་ལམ་ལུགས་བཅས་རིམ་བཞིན་སྤེལ་དགོས།
དོན་ཚན་ང་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་པའི་རྩ་དོན་ལ་གཞིར་བཟུང་ནས་རང་སྐྱོང་ཁུལ་གྱི་དོན་དངོས་གནས་ཚུལ་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ་དང་དོན་ལས་ལས་ཁུངས་ཀྱི་ལས་བཟོ་བར་ས་གནས་རང་བཞིན་ཅན་གྱི་ཁ་གསབ་བྱེད་ཐབས་དང་བཀོད་སྒྲིག་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཐག་བཅད།
དོན་ཚན་ང་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་སོ་གཉིས་དང་དོན་ཚན་སོ་གསུམ་པས་གཏན་ཁེལ་བྱས་པས་རྩ་དོན་ལ་གཞིར་བཟུང་ནས་རང་ཁུལ་གྱི་ནོར་སྲིད་ལ་དོ་དམ་བྱེད་དགོས།
དོན་ཚན་ང་བཞི་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཚད་ལྡན་བྱས་པའི་ནོར་སྲིད་སྤོ་སྒྱུར་དངུལ་སྤྲོད་ལམ་ལུགས་ལ་གཞིགས་ཏེ་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་སྤྱིར་བཏང་ཅན་གྱི་ནོར་སྲིད་སྤོ་སྒྱུར་དངུལ་སྤྲོད་དང་ཆེད་དོན་ནོར་སྲིད་སྤོ་སྒྱུར་དངུལ་སྤྲོད། མི་རིགས་གཟིགས་སྐྱོང་སྲིད་ཇུས་ཀྱི་ནོར་སྲིད་སྤོ་སྒྱུར་དངུལ་སྤྲོད། དེ་མིན་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་ཐག་བཅད་པའི་བྱེད་ཐབས་གཞན་གྱི་མ་དངུལ་རོགས་སྐྱོབ་བཅས་ལོངས་སུ་སྤྱོད་ཅིང་། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་ནོར་ཁྲལ་སྲིད་ཇུས་སྒྱུར་སྒྲིག་དང་དེ་མིནརང་བྱུང་གནོད་འཚེ་བྱུང་བ་ལ་སོགས་པའི་རྐྱེན་གྱིས་རང་སྐྱོང་ཁུལ་གྱི་ནོར་སྲིད་ཡོང་སྒོ་ཇེ་ཉུང་དང་འགྲོ་སྒོ་ཇེ་མང་དུ་བཏང་ཚེ་བྱིན་པའི་ནོར་སྲིད་སྤོ་སྒྱུར་དངུལ་སྤྲོད་ལོངས་སྤྱོད་བྱེད་པ་དང་། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་ལ་མཉམ་སྤྱོད་ཡོང་སྒོ་ཕྱིར་སྤྲོད་དང་གཟིགས་སྐྱོང་ཡང་ལོངས་སུ་སྤྱོད་ཆོག
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ནོར་སྲིད་ལམ་ལུགས་ལ་གཞིགས་ཏེ་ཁོངས་གཏོགས་གྲོང་ཁྱེར་དང་རྫོང་། སྲིད་འཛིན་ས་ཁུལ་བཅས་ལ་ནོར་སྲིད་སྤོ་སྒྱུར་དངུལ་སྤྲོད་ཀྱི་ལམ་ལུགས་ལག་བསྟར་བྱེད་དགོས།
དོན་ཚན་ང་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབལས་ཁུངས་ཀྱི་གཏན་ཁེལ་གཞིར་བཟུང་སྟེ་ལོ་སྔོན་མ་ལྟར་རིམ་པ་འདིའི་སྔོན་རྩིས་འགྲོ་སྒོའི་སྡོམ་གྲངས་ཀྱི་བརྒྱ་ཆའི་ལྔ་གྲངས་ཉུང་མི་རིགས་ས་ཁུལ་གྱི་གར་དགོས་མ་དངུལ་བྱས་ཆོག་ཅིང་། སྔོན་རྩིས་རྒྱབ་པའི་ལོ་ནང་སྲིད་ཇུས་ལེགས་སྒྲིག་སོགས་རྒྱུ་རྐྱེན་གྱི་དབང་གིས་བྱུང་བའི་འགྲོ་སྒོ་གསར་བར་བཀོལ་དགོས་ཤིང་། ལོ་དེ་དང་རིམ་འདིའི་ནང་སྔོན་རྩིས་ལྟར་འགྲོ་སྒོའི་སྡོམ་གྲངས་བརྒྱ་་ཆའི་གཅིག་ནས་བརྒྱ་ཆའི་གསུམ་གྲ་སྒྲིག་གྲོན་དངུལ་སྔོན་རྩིས་བཀོལ་སྒྲིག་བྱེད་དགོས་ཤིང་། དེ་ལོའི་སྔོན་རྩིས་ལག་བསྟར་ཁྲོད་ཆེས་ཆེ་བའི་རང་བྱུང་གནོད་འཚེ་དང་དེ་མིན་སྔོན་དཔག་མི་ཐུབ་པའི་འགྲོ་སྒོ་གཞན་པའི་སྟེང་བཀོལ་དགོས།
དོན་ཚན་ང་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་དམིགས་སྤྲོད་བྱེད་པའི་ཆེད་དོན་མ་དངུལ་སྣ་ཚོགས་ལ་དོ་དམ་བྱེད་པ་ཇེ་དྲག་ཏུ་བཏང་སྟེ། ཆེད་དོན་མ་དངུལ་ཆེད་སྤྱོད་བྱེད་པ་ཁག་ཐེག་བྱས་ཏེ་བཀག་ཉར་དང་གཞན་སྤྱོད་བྱེད་མི་ཆོག
དོན་ཚན་ང་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་ཁྲིམས་ལྟར་ས་གནས་ཚོང་ལས་དངུལ་ཁང་དང་མཁར་ཞང་ཡིད་རྟོན་མཉམ་ལས་རྩ་འཛུགས་བཙུགས་ཆོག
དོན་ཚན་ང་བརྒྱད། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོ་བྱེད་ཐབས་དང་བཅའ་ཁྲིམས་ཀྱི་གཏན་ཁེལ་ལ་གཞིར་འཟུང་སྟེ་རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས་སློབ་གསོ་དར་སྤེལ་གྱི་འཆར་འགོད་གཏན་འབེབས་བྱེད་དགོས་ཤིང་། སློབ་གྲྭ་སོ་སོའི་སྒྲིག་བཀོད་དང་སློབ་གསོའི་ལམ་ལུགས། སློབ་སྒྲུབ་བྱེད་སྟངས་། སློབ་ཁྲིད་ནང་དོན། སློབ་ཁྲིད་སྐད་ཡིག སློབ་མ་སྡུད་ཐབས་བཅས་གཏན་འཁེལ་བྱེད་དགོས།
དོན་ཚན་ང་དགུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྨང་གཞིའི་སློབ་གསོ་དང་ལས་རིགས་ལག་རྩལ་སློབ་གསོ། དར་མའི་སློབ་གསོ། བྱིས་པའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཧུར་ཐག་སྒོས་དར་རྒྱས་སུ་བཏང་སྟེ་མི་རིགས་སློབ་གསོ་གཙོ་གནད་དུབཞག་ནས་རོགས་སྐྱོར་བྱེད་དགོས་ཤིང་། རྒྱང་སྐྱོད་སློབ་གསོ་དང་བརྡ་འཕྲིན་ལག་རྩལ་སློབ་གསོའི་བྱེད་ཐབས་སྤྱད་དེ་སྤུས་ཚད་སློབ་གསོ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་ཅིང་། རིམ་སྣ་་ཚོགས་དང་རིགས་སོ་སོའི་སློབ་གསོ་མཐུན་སྦྱོར་ངང་སྤེལ་བར་སྐུལ་འདེད་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དང་ཇེ་མཐོར་བཏང་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཧུར་བརྩོན་གྱིས་གོང་སྤེལ་གཏོང་དགོས་ཤིང་། མཁར་རྡལ་གྱི་མི་འབོར་ལ་རིམ་བཞིན་དུ་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་གསོ་་དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོ་ཀུན་ཁྱབ་ཏུ་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིམ་བཀར་སློབ་གསོ་དང་རིམ་བཀར་དོ་དམ། གཅིག་བསྡུས་སློབ་སྒྲུབ། གཅིག་གྱུར་དོ་དམ་བཅས་ཟུང་འབྲེལ་བྱས་པའི་རྨང་གཞི་སློབ་གསོའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་ཅིང་། སློབ་གྲྭའི་སྒྲིག་བཀོད་ལུགས་མཐུན་ངང་ལག་སྒྲིག་བྱས་ནས་འོས་འཚམ་གྱིས་གཅིག་བསྡུས་དང་གཞི་ཁྱོན་རྒྱ་སྐྱེད་བཏང་སྟེ་སློབ་གསོའི་སྤུས་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏོང་དགོས།
རང་སྐྱོང་ཁུལ་ནང་གི་མི་རིགས་སློབ་གྲྭ་འབྲིང་ཆུང་གིས་གྲངས་ཉུང་མི་རིགས་གྱི་སྐད་ཡིག་དང་རྒྱའི་སྐད་ཡིག་གི་སློབ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ཤིང་ཐུན་མོང་གི་སྐད་ཆ་ཁྱབ་སྤེལ་བྱེད་ཅིང་། ཆ་རྐྱེན་ལྡན་པའི་སློབ་གྲྭ་ཡིས་ཕྱི་རྒྱལ་སྐད་ཡིག་གི་སློབ་ཁྲིད་འཛུགས་དགོས།
དོན་ཚན་དྲུག་ཅུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སློབ་གསོའི་གཏོངསྤྲོད་མ་དངུལ་གྱི་འཕར་སྣོན་དེ་ནོར་སྲིད་རྒྱུན་ལྡན་ཅན་གྱི་ཡོང་སྒོའི་འཕར་སྣོན་ལས་མཐོ་རྒྱུ་ཁག་ཐེག་བྱེད་དགོས་པ་མ་ཟད། སློབ་གྲྭར་ཞུགས་པའི་སློབ་མར་གཞིགས་ནས་ཆ་སྙོམས་ཀྱི་སློབ་གསོའི་གྲོན་དངུལ་དང་སྤྱི་སྤྱོད་གྲོན་དངུལ་ཡང་རིམ་བཞིན་འཕར་སྣོན་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོང་ཁྱེར་སློབ་གསོའི་ཟུར་སྣོན་གྲོན་དངུལ་སྡུད་ལེན་བྱས་ནས་གཅིག་བསྡུས་ཀྱིས་འོས་འགན་སློབ་གསོ་ལག་བསྟར་བྱེད་པར་བཀོལ་དགོས་ཤིང་། རྩ་འཛུགས་གང་དང་མི་སུ་ཞིག་གིས་གཞན་སྤྱོད་བྱེད་མི་ཆོག
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་ནུས་ཤུགས་ལ་བརྟེན་ནས་སློབ་སྒྲུབ་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་ཅིང་། སྤྱི་ཚོགས་ཀྱི་རྩ་འཛུགས་སྣ་ཙོགས་དང་མི་སྒེར་གྱིས་རང་འདོད་ཀྱིས་སློབ་གཉེར་རོགས་སྐྱོར་བྱེད་དངུལ་ཞལ་འདེབས་འབུལ་པར་སྣེ་ཁྲིད་སྲོལ་གཏོད་དང་སྐུལ་མ་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཆེད་དོན་ཐེབས་རྩ་བཙུགས་ནས་སློབ་གསོལས་རིགས་ཀྱི་འཕེལ་རྒྱས་ཕྱོགས་ལ་སྤྱོད་དགོས།
དོན་ཚན་རེ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོང་ཁྱེང་དངརྫོང་། སྲིད་འཛིན་ས་ཁོངས་བཅས་ཀྱི་རྒྱུན་སྡོད་ལམ་ལུགས་གཙོ་བྱས་པའི་མི་རིགས་སློབ་གྲྭ་ཆུང་འབྲིང་ལེགས་སྒྲུབ་བྱེད་པར་མཛུབ་སྟོན་དང་རོགས་སྐྱོར་བྱས་ཤིང་། སློབ་གསོའི་སྒྲིག་བཀོད་འཐུས་ཚང་དང་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སློབ་ཞུགས་རོགས་དངུལ་གྱི་ལམ་ལུགས་ལག་བསྟར་བྱས་ནས་སྦྱངས་འབྲས་ལེགས་ཐོན་ལ་བྱ་དགས་རོགས་དངུལ་དང་སློབ་རིན་མེད་པར་སློབ་གྲྭར་ཞུགས་ཆོག་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ། དབུལ་ཕོངས་ཁྱིམས་ཚང་གི་སློབ་ཞུགས་སློབ་མར་རོགས་རམ་བྱས་ནས་འོས་འགན་སློབ་གསོའི་རྒྱུད་རིམ་གྱི་སྦྱང་ཚན་ཡོངས་འགྲུབ་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སློབ་གྲྭ་ཆུང་འབྲིང་གི་དགོས་པའི་དོན་ལས་གྲོན་དངུལ་དང་གཞི་རྩའི་འཛུགས་སྐྲུན་ཐད་ལ་མ་དངུལ་གཏོང་རྒྱུར་ཁག་ཐེག་བྱེད་དགོས། ནོར་ཤུགས་མི་འདང་བའི་ས་གནས་ཀྱིས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་བརྩོན་ལེན་བྱེད་དགོས།
དོན་ཚན་རེ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས་དགེ་རྒན་ཐོབ་ཐོང་ཞུགས་ཆོག་ལམ་ལུགས་དང་གདན་ཞུ་སྐུལ་སྤྱོད་ལམ་ལུགས་ལག་བསྟར་བྱས་ཏེ། སློབ་གྲྭ་ཆུང་འབྲིང་ལ་ཚད་ལྡན་དགེ་རྒན་ཞིག་ཤུགས་ཆེན་པོས་གསོ་སྦྱོང་བྱེད་དགོས་ཤིང་ཐབས་ལམ་མང་པོས་དགེ་རྒན་གྱི་ཟབ་སྦྱོང་ངམ་གསོ་སྦྱོང་ཡག་སྒྲུབ་བྱས་ཏེ། དགེ་རྒན་གྱི་ཀུན་སྤྱོད་སྤུས་ཚད་དང་སློབ་ཁྲིད་ཆུ་ཚད་ཇེ་མཐོར་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཤེས་བྱ་ལ་བརྩི་མཐོང་དང་དགེ་རྒན་ལ་བརྩིབཀུར་བྱེད་པའི་སྤྱི་ཚོགས་ཀྱི་ལུགས་སྲོལ་དར་སྤེལ་བྱས་ནས་དགེ་རྒན་གྱི་སྤྱི་ཚོགས་གོ་གནས་ཇེམཐོར་གཏོང་དགོས་ཤིང་། དགེ་རྒན་གྱི་བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།
དོན་ཚན་རེ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རིག་ལགརྩལ་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་བྱས་ནས་ཚན་རྩལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་ཅིང་། ཚན་རྩལ་གྱི་ཕྱོགས་ལ་མ་དངུལ་གཏོང་བ་ཇེ་ཆེར་བཏང་ཞིང་ཚན་རྩལ་ཞིབ་འཇུག་ཇེ་དྲག་བཏང་ནས་ལག་རྩལ་ཚོང་ར་གསར་གཏོད་བྱེདཅིང་ཚན་རྩལ་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། སྔོན་ཐོན་ནམ་བཀོལ་འོས་པའི་ལག་རྩལ་གྲུབ་འབྲས་ཧུར་ཐག་སྒོས་ནང་འདྲེན་དང་ཁྱབ་སྤེལ། འཕོ་འགྱུར་བཅས་བྱེད་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རྩལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཅིང་ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་གསར་གཏོད་གསར་སྐྲུན་གྱི་ཐད་ལ་སྐུལ་མགཏོང་དགོས།
དོན་ཚན་རེ་བཞི་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མཁར་ཤང་སྨན་བཅོས་འཕྲོད་བསྟེན་གྱི་ལས་རིགས་ཧུང་ཐག་སྒོས་དར་རྒྱས་སུ་བཏང་ཞིང་མཁར་ཤང་གི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་འཐུས་ཚང་དུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས་ལ། ཐོལ་བྱུང་སྤྱི་གཞུང་འཕྲོད་བསྟེན་དོན་རྐྱེན་ལ་སྔོན་འགོག་དང་སྟབས་བསྟུན་བྱེད་ནུས་ཇེ་དྲག་ཏུ་བཏང་ནས་ནད་རིགས་སྣ་ཚོགས་སྔོན་འགོག་གི་ནུས་ཤུགས་ཇེ་མཐོར་གཏོང་དགོས། སྤྱི་གཞུང་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ཞིང་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་སྤེལ་ཞིང་འཕྲོད་བསྟེན་གྱི་ཤེས་བྱ་ཁྱལ་གདལ་བྱས་ཏེ་མི་དམངས་མང་ཚོགས་བདེ་ཐང་གི་ཆུ་ཚད་ཇེ་མཐོར་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱ་སྨན་དང་ཕྱི་ལུགས་ཀྱི་གསོ་རིག་གི་ཞིབའཇུག་དང་བེད་སྤྱོད་ལ་གཙིགས་སུ་བཟུང་སྟེ་རྒྱའི་གསོ་རིག་དངསོག་པོའི་གསོ་རིག བོད་ཀྱི་གསོ་བ་རིག་པ་སོགས་ཀྱི་ཤུལ་བཞག་ལ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། སོག་བོད་སྨན་རྫས་ཀྱི་ཐོན་ཁུངས་ཁྲིམས་ལྟར་སྲུང་སྐྱོང་དང་གསར་གཏོད་བྱས་ནས་སོག་བོད་སྨན་གྱི་ལས་རིགས་ཤུགས་ཆེན་པོས་དར་རྒྱས་སུ་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བུད་མེད་དང་བྱིས་པའི་བདེ་ཐང་གི་ལསརིགས་ཧུར་བརྩོན་གྱིས་དར་སྤེལ་བྱེད་དགོས།
དོན་ཚན་རེ་ལྔ་པ། རང་སྐྱོང་ཁུལ་གྱིས་མི་གྲངས་དང་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་བྱས་ཏེ་མི་གྲངས་ཚོད་འཛིན་བྱས་ནས་མི་འབོར་གྱི་སྤུས་ཚད་ཇེ་མཐོར་གཏོང་དགོས་ཤིང་། རྒྱུག་འཁོར་མི་འབོར་ལ་འཆར་ལྡན་བུ་བཙའི་དོ་དམ་ཇེ་དྲག་ཏུ་གཏོང་དགོས།
རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འཆར་ལྡན་བུ་སྐྱེའི་བྱ་དགའ་གཟེངས་བསྟོད་དང་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་པ་འཐུས་ཚང་དུ་བཏང་སྟེ། སྦྲུམ་འགོག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
དོན་ཚན་རེ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱས་ཤིང་མི་རིགས་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ཤུལ་བཞག་དེ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ནས་རིག་གནས་སྒྱུ་རྩལ་གསར་གཏོད་དང་གསར་རྩོམ་དར་རྒྱས། མང་ཚོགས་ཀྱིལས་ཤོར་རིག་ནས་སྒྱུ་རྩལ་བྱ་འགུལ་སྤེལ་ནས་རིགས་སོ་སོའི་བར་དང་ས་གནས་བར་གྱི་རིག་ནས་སྒྱུ་རྩལ་སྤེལ་རེས་དང་མཉམ་ལས་ཐད་ལ་སྐུལ་འདེད་བྱེད་པ་དང་། མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གསར་འགྱུར་དངདཔེ་སྐྲུན། རྒྱང་སྒྲོག་གློག་འཕྲིན། བརྙན་འཕྲིན་ལས་རིགས། དེ་མིན་རིག་གནས་ཀྱི་ལས་རིགས་གཞན་ལ་སོགས་པ་ཧུར་ཐག་སྒོས་དར་རྒྱས་སུ་གཏོང་དགོས།
དོན་ཚན་རེ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱ་འགུལ་སྤེལ་ཞིང་ལྷག་པར་དུ་སྲོལ་རྒྱུན་གྱི་མི་རིགས་ལུས་རྩལ་བྱ་འགུལ་དང་མང་ཚོགས་དགའ་འོས་པའི་ལུས་རྩལ་རྣམ་གྲངས་སྤེལ་ནས་མི་དམངས་ཀྱི་གཟུགས་གཞིའི་སྤུས་ཚད་ཇེ་དྲག་ཏུ་གཏོང་དགོས།
དོན་ཚན་རེ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོས་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་པར་འགན་སྲུང་བྱེད་དགོས།
མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕན་ཚུན་ཡིད་རྟོན་དང་སློབ་སྦྱོང་། ཕན་ཚུན་རོགས་རེས། ཕན་ཚུན་གྱི་སྐད་ཡིག་དང་ཡུལ་སྲོལ་གོམས་འདྲིས་བཅས་ལ་བརྩི་འཇོག་བྱེད་དགོས་ཤིང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བྱེད་པར་མཉམ་དུ་སྲུང་སྐྱོང་བྱེད་དགོས།
དོན་ཚན་རེ་དགུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཐར་ཐོར་དུ་འདུག་པ་དང་ས་མཐོ་གྲང་ངར་ས་ཁུལ་དུ་སྡོད་པའི་གྲངས་ཉུང་མི་རིགས་ལ་གཟིགས་སྐྱོང་དང་རོགས་རམ་བྱས་ནས་ཐོན་སྐྱེད་དང་འཚོ་བའི་སྟེང་གནས་པའི་དོན་དངོས་གནད་དོན་ཐག་གཅོད་བྱེདདགོས།
དོན་ཚན་བདུན་ཅུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་ལས་བྱེད་པས་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱེད་པར་སློབ་གསོ་དང་སྐུལ་མ་བཏང་ནས་རངརེ་རངསྐྱོང་ཁུལ་ནང་གི་སྐད་ཡིག་སྣ་གཉིས་བྱང་ཆུབ་པར་ཤེས་པའི་རྒྱལ་ཁབ་ཀྱི་ལས་བྱེད་པར་བྱ་དགའ་གནང་དགོས།
དོན་ཚན་དོན་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་ནང་ཁུལ་དང་མི་རིགས་ཀྱི་བར། ས་ཁོངས་ཀྱི་བར། ཁག(བཟོ་གྲྭ) དང་མང་ཚོགས་ཀྱི་བར་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལགཞིགས་ཤིང་ཁྱོན་ཡོངས་མཐུན་སྒྲིལ་བྱེད་པར་དམིགས་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་སོ་སོའི་འཐུས་མི་དང་མཉམ་དུ་གྲོས་བསྡུར། དངོས་ཐོག་བདེན་འཚོལ། ཕན་ཚུན་བཟོད་སྒོམ་བཅས་བྱས་ནས་འོས་མཐུན་སྒོས་ཐག་གཅོད་བྱེད་དགོས།
དོན་ཚན་དོན་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་རང་ཉིད་ཀྱི་ནང་གི་ལས་ཁུངས་དང་ཁེ་ལས། དོན་ལས་སྡེ་ཁག་གི་ལས་བྱེད་པ་ལ་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཀྱི་དྲིལ་བསྒྲགས་སློབ་གསོ་ངེས་པར་དུ་ཇེ་དྲག་ཏུབཏང་སྟེ། མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་རང་རྟོགས་རང་བཞིན་ཇེ་མཐོར་གཏོང་དགོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་འབུར་ཐོན་གྱི་བྱས་རྗེས་བཞག་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱེད་དགོས།
ལོ་རེའི་ཟླ8པའི་ཚེས་8ཉིན་རང་སྐྱོང་ཁུལ་དབུ་བརྙེས་པའི་དྲན་གསོའི་ཉི་མ་ཡིན།
དོན་ཚན་དོན་གསུམ་པ། རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་ཁག ཁེ་ལས་དོན་ལས་སྡེ་ཁག དེ་མིན་རྩ་འཛུགས་གཞན་དང་མི་རིགས་སོ་སོའི་སྤྱི་དམངས་གང་ཡིན་ཡང་སྲོལ་ཡིག་འདིར་བརྩི་སྲུང་བྱེད་དགོས།
དོན་ཚན་དོན་བཞི་བ། སྲོལ་ཡིག་འདི་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གྲོས་འཆམས་བྱུང་ཞིང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ཨུ་ལྷན་ཁང་ལ་སྙན་སེང་ཞུ་ནས་ཆོག་བཀོད་ཐོབ་རྗེས། སྤྱི་ལོ1987ལོའི་ཟླ10བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་ཡིན།
དོན་ཚན་དོན་ལྔ་བ། སྲོལ་ཡིག་འདི་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་ནས་འགྲེལ་བཤད་བྱེད་དགོས་སོ།།