དོ་དམ་རིག་པའི་རབ་འབྱམས་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2022-05-17 08:40ལ་འགྲུབ།

དོ་དམ་རིག་པའི་རབ་འབྱམས་པ།

དོ་དམ་རིག་པའི་རབ་འབྱམས་པ།
དོ་དམ་རིག་པའི་རབ་འབྱམས་པ་ནི་ཡོབ་གླིང་དང་མེ་གླིང་། ཡ་གླིང་བཅས་ཀྱི་ཁྱབ་ཁོངས་སུ་ཐུན་མོང་དུ་སྤྱོད་པའི་རབ་འབྱམས་པའི་བསླབ་གནས་ཤིག་ཡིན། དེའི་སློབ་ཚན་གྱི་ནང་དོནMBAཡི་ཡོན་ཚད་དང་འདྲ་པོ་ཡོད། རྒྱུ་མཚན་ནི་དོ་དམ་ཐད་ཀྱི་ཕྱོགས་བསྡུས་སློབ་ཚན་ཚུད་ཡོད། འོན་ཀྱང་བསླབ་གནས་དེ་གཉིས་མི་འདྲ་ཞིང་། དོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་ནི་དངོས་གཞིའི་ཚན་ཁག་ནས་ཐོན་པའི་སློབ་མ་ཁོ་ནར་དམིགས་ནས་བཙུགས་པ་ཞིག་རེད། MBAནི་ཉུང་མཐར་ཡང་ལོ་གཉིས་རིང་གི་ལས་ཀའི་ཉམས་མྱོང་ཡོད་པའི་སློབ་མར་དམིགས་པ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
管理学硕士
ཕྱི་ཡིག་གི་མིང་།
Master of Science in Management
སྤྱད་འཐུས་ཁྱབ་ཁོངས།
ཁེ་ལས་པ་དང་། ཀུང་སིའི་སྤྱི་གཉེར་བ། རྩ་འཛུགས་སྣ་ཚོགས་བཅས་ཀྱི་འབྱུང་འགྱུར་གྱི་འགོ་ཁྲིད་པ།
ངོ་བོ།
རབ་འབྱམས་པའི་བསླབ་གནས།
སློབ་ཚན།
དོ་དམ་ཐད་ཀྱི་ཕྱོགས་བསྡུས་སློབ་ཚན།
1 གོ་དོན།

དོ་དམ་རིག་པའི་རབ་འབྱམས་པ་ནི་ཡོབ་གླིང་དང་མེ་གླིང་། ཡ་གླིང་བཅས་ཀྱི་ཁྱབ་ཁོངས་སུ་ཐུན་མོང་དུ་སྤྱོད་པའི་རབ་འབྱམས་པའི་བསླབ་གནས་ཤིག་ཡིན། དེའི་སློབ་ཚན་གྱི་ནང་དོནMBAཡི་ཡོན་ཚད་དང་འདྲ་པོ་ཡོད། རྒྱུ་མཚན་ནི་དོ་དམ་ཐད་ཀྱི་ཕྱོགས་བསྡུས་སློབ་ཚན་ཚུད་ཡོད། འོན་ཀྱང་བསླབ་གནས་དེ་གཉིས་མི་འདྲ་ཞིང་། དོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་ནི་དངོས་གཞིའི་ཚན་ཁག་ནས་ཐོན་པའི་སློབ་མ་ཁོ་ནར་དམིགས་ནས་བཙུགས་པ་ཞིག་རེད། MBAནི་ཉུང་མཐར་ཡང་ལོ་གཉིས་རིང་གི་ལས་ཀའི་ཉམས་མྱོང་ཡོད་པའི་སློབ་མར་དམིགས་པ་ཞིག་རེད།  

དོ་དམ་རིག་པའི་རབ་འབྱམས་པའི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མས་རྒྱུན་དུ་གཤམ་གསལ་གྱི་སློབ་ཚན་སྦྱོང་གིན་ཡོད།

ཚོང་ལས་མི་ཆོས་རིག་པ།

ཁེ་ལས་དང་ཚོང་ལས་ཀྱི་འཐབ་ཇུས།

དཔལ་འབྱོར་རིག་པ།

ལས་གྲྭའི་དོ་དམ།

དངུལ་རྩ་རིག་པ།

དངུལ་རྩའི་དོ་དམ་རིག་པ་དང་དོ་དམ་རྩིས་གཉེར་རིག་པ།

མི་ཤུགས་ཐོན་ཁུངས་དོ་དམ་དང་རྩ་འཛུགས་བྱ་སྤྱོད་རིག་པ།

དོ་དམ་ཆ་འཕྲིན་རྒྱུད་ཁོངས།

དོ་དམ་རིག་པའི་གཞུང་ལུགས།

ཚོང་ར་དང་ཚོང་རའི་དོ་དམ།

གཉེར་སྐྱོང་དོ་དམ་དང་མཁོ་སྤྲོད་སྦྲེལ་ཐག་གི་དོ་དམ།

མཁའ་ཐོག་སྐྱེལ་འདྲེན། མཁའ་སྐྱོད་རིག་པ།

2 ཁྱད་པར།

MBAཡི་ལག་ཁྱེར་ཨ་རི་ནས་བྱུང་བ་དང་། MScདོ་དམ་རིག་པའི་རབ་འབྱམས་པའི་འབྱུང་ཁུངས་ནི་ཡོ་རོབ་ཡིན། ཚོང་རའིMBAཡི་དགོས་མཁོ་འདང་ཡོད་པ་དང་། MScདོ་དམ་རིག་པའི་རབ་འབྱམས་པའི་དགོས་མཁོ་ཇེ་ཆེར་འགྲོ་བའི་དུས་སྐབས་སུ་གནས་ཡོད།

MBAདང་འདྲ་བར་དོ་དམ་རིག་པའི་རབ་འབྱམས་པའི་སློབ་གྲྭ་ཡང་ཇེ་མང་དུ་འགྲོ་གི་ཡོད་པས་MScཆེད་ལས་ཀྱི་རིགས་ཀྱང་ཇེ་མང་དུ་འགྲོ་གི་ཡོད། གནས་ཚུལ་མང་ཆེ་བའི་འོགMScདོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་ནི་ལས་ཀའི་ཉམས་མྱོང་ལ་དམིགས་བསལ་གྱི་བླང་བྱ་མེད་པའི་སློབ་གནས་ཤིག་རེད། འོན་ཀྱMBAནི་རེ་ཞུ་མཁན་གྱི་ངོས་ནས་བརྗོད་ན་ཉུང་མཐར་ཡང་ལོ་གཉིས་ནས་གསུམ་བར་གྱི་ལས་ཀའི་ཉམས་མྱོང་དགོས། MBAསློབ་གནས་ཧ་ལམ་ཆེད་ལས་ཀྱི་སློབ་མ་ཚང་མར་བཙུགས་པ་མ་ཟད། MScདོ་དམ་རིག་པའི་རབ་འབྱམས་པར་ཚོང་ལས་ཕྱོགས་སམ་ཡང་ན་དཔལ་འབྱོར་ཐད་ཀྱི་དངོས་གཞིའི་ཚན་ཁག་གི་ལག་ཁྱེར་དགོས་པའི་རེ་འདུན་ཞུས་ཡོད།


དཔྱད་གཞིའི་ཡིག་ཆ།