ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 08:35ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།

རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལོ་རྒྱུས་ཀྱི་ཤུལ་བཞག་རིག་རྫས་ཤུལ་འཛིན་བྱེད་པ་དང་། ཚན་རིག་ཞིབ་འཇུག་གི་ལས་དོན་ལ་སྐུལ་སྤེལ་གཏོང་བ། རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་རྒྱུན་སྐོར་གྱི་སློབ་གསོ་གཏོང་བ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འཛུགས་སྤེལ་བྱེད་ཆེད་རྩ་ཁྲིམས་ལ་གཞིགས་ཏེ་བཅའ་ཁྲིམས་འདི་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国文物保护法
རིགས་དབྱེ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
ཁྱབ་བསྒྲགས་དུས་ཚོད།
སྤྱི་ལོ1982ལོའི་ཟླ11པའི་ཚེས19ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ1982ལོའི་ཟླ11པའི་ཚེས19ཉིན།
1 བཟོ་བཅོས། 

(སྤྱི་ལོ1982ལོའི་ཟླ11པའི་ཚེས19ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 

སྤྱི་ལོ1991ལོའི་ཟླ6པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས〉ཀྱི་ནང་འཁོད་དོན་ཚན་སུམ་ཅུ་པ་དང་སོ་གཅིག་པ་གཉིས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་སྟེ་དག་བཅོས་ཐེངས་དང་པོ་བརྒྱབ། 

སྤྱི་ལོ2002ལོའི་ཟླ10བའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པའི་ཐོག་བཟོ་བཅོས་བརྒྱབ། 

སྤྱི་ལོ2007ལོའི་ཟླ12པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་སྟེ་དག་བཅོས་ཐེངས་གཉིས་པ་བརྒྱབ། )

སྤྱི་ལོ2013ལོའི་ཟླ6པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས〉སོགས་བཅའ་ཁྲིམས་བཅུ་གཉིས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་སྟེ་དག་བཅོས་ཐེངས་གསུམ་པ་བརྒྱབ། )

2 ལེའུ་དང་པོ། སྤྱིའི་དོན་ཚན། 

དོན་ཚན་དང་པོ། རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལོ་རྒྱུས་ཀྱི་ཤུལ་བཞག་རིག་རྫས་ཤུལ་འཛིན་བྱེད་པ་དང་། ཚན་རིག་ཞིབ་འཇུག་གི་ལས་དོན་ལ་སྐུལ་སྤེལ་གཏོང་བ། རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་རྒྱུན་སྐོར་གྱི་སློབ་གསོ་གཏོང་བ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འཛུགས་སྤེལ་བྱེད་ཆེད་རྩ་ཁྲིམས་ལ་གཞིགས་ཏེ་བཅའ་ཁྲིམས་འདི་བཟོས་པ་ཡིན། 

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་རིག་གནས་ཤུལ་དངོས་གཤམ་གསལ་རྣམས་ལ་རྒྱལ་ཁབ་ནས་སྲུང་སྐྱོབ་བྱ་རྒྱུ་སྟེ། 

(གཅིག)ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་རིག་གནས་ཤུལ་རྗེས་དང་། གནའ་བོའི་བང་སོ། གནའ་བོའི་རྩིག་བཟོས། བྲག་ཕུག་དགོན་སྡེ། རྡོ་བརྐོས། ལྡེབས་རིས་བཅས་དང་། 

(གཉིས)ལོ་རྒྱུས་ཀྱི་དོན་རྐྱེན་དང་གསར་བརྗེའི་ལས་འགུལ་གལ་ཆེ་རིགས་སམ་སྐྱེ་བོ་གྲགས་ཅན་དང་འབྲེལ་བ་ཡོད་ཅིང་དྲན་གསོའི་དོན་སྙིང་དང་སློབ་གསོའི་དོན་སྙིང་གལ་ཆེ་བའམ་ལོ་རྒྱུས་ཀྱི་དཔྱད་གཞི་བྱེད་རིན་གལ་ཆེ་ལྡན་པའི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཀྱི་ཤུལ་རྙིང་དང་། དངོས་རྫས། མཚོན་བྱེད་རང་བཞིན་ལྡན་པའི་རྩིག་བཟོས་བཅས་གལ་ཆེའི་རིགས། 

(གསུམ)ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་གི་སྒྱུ་རྩལ་མཚོན་དངོས་དང་མཛེས་བཟོས་དངོས་རིགས་རྩ་ཆེན། 

(བཞི)ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་གི་ཚད་ལྡན་ཡིག་རིགས་གལ་ཆེན་དང་དེ་བཞིན་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་ཕྱག་བྲིས་དང་དཔེ་དེབ་ཡིག་རིགས་སོགས། 

(ལྔ)ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་དང་མི་རིགས་ཁག་གི་སྤྱི་ཚོགས་ལམ་ལུགས་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད། སྤྱི་ཚོགས་ཀྱི་འཚོ་བ་བཅས་མཚོན་བྱེད་ཀྱི་དངོས་པོ་དཔེ་འོས་པ་བཅས་ཡིན། 

རིག་གནས་ཤུལ་དངོས་ངོས་འཛིན་གཏན་འཁེལ་ཚད་གཞི་དང་བྱ་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་རྒྱུ། 

ཚན་རིག་གི་རིན་ཐང་ལྡན་པའི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་རྡོ་གྱུར་མ་དང་གནའ་མི་རྡོ་གྱུར་མ་དག་རིག་གནས་ཤུལ་དངོས་དང་གཉིས་སུ་མེད་པར་རྒྱལ་ཁབ་ནས་སྲུང་སྐྱོབ་བྱ་རྒྱུ། 

དོན་ཚན་གསུམ་པ། གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་རྩིག་བཟོས། བྲག་ཕུག་དགོན་སྡེ། རྡོ་བརྐོས། ལྡེབས་རིས། ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཀྱི་རྗེས་ཤུལ། མཚོན་བྱེད་རང་བཞིན་ལྡན་པའི་རྩིག་བཟོས་སོགས་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་རྣམས་དེ་དག་གི་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་ཚུལ་ལ་གཞིགས་ནས་རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་གནད་ཆེ་བ་དང་། ཞིང་ཆེན་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན། གྲོང་ཁྱེར་དང་རྫོང་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་བཅས་སུ་གཏན་འབེབས་བྱས་ཆོག

ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་གི་གལ་ཆེ་བའི་དངོས་རྫས་དང་། སྒྱུ་རྩལ་དངོས་རྫས། ཚད་ལྡན་ཡིག་རིགས། ཕྱག་བྲིས། དཔེ་དེབ་ཡིག་རིགས། མཚོན་བྱེད་ཀྱི་དངོས་པོ་དཔེ་འོས་པ་སོགས་གནས་སྤོ་ཐུབ་པའི་རིག་གནས་ཤུལ་དངོས་རྣམས་རིག་གནས་ཤུལ་དངོས་རྩ་ཆེན་དང་རིག་གནས་ཤུལ་དངོས་སྤྱིར་བཏང་པར་དབྱེ་འབྱེད་བྱ་རྒྱུ་དང་། རིག་གནས་ཤུལ་དངོས་རྩ་ཆེན་རྣམས་ཀྱང་རིག་གནས་ཤུལ་དངོས་རིམ་པ་དང་པོ་དང་། རིག་གནས་ཤུལ་དངོས་རིམ་པ་གཉིས་པ། རིག་གནས་ཤུལ་དངོས་རིམ་པ་གསུམ་པ་བཅས་སུ་དབྱེ་འབྱེད་བྱ་རྒྱུ། 

དོན་ཚན་བཞི་པ། རིག་གནས་ཤུལ་དངོས་ཀྱི་ལས་དོན་ཐད་སྲུང་སྐྱོབ་བྱ་རྒྱུ་གཙོ་བོར་འཛིན་རྒྱུ་དང་། མྱུར་སྐྱོབ་བྱ་རྒྱུ་ཨང་དང་པོར་འཛིན་རྒྱུ། བེད་སྤྱོད་ལུགས་མཐུན་བྱ་རྒྱུ། དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་རྒྱུ། 

དོན་ཚན་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་ས་འོག་དང་། ཆུ་བོ། རྒྱ་མཚོ་བཅས་སུ་ལུས་པའི་རིག་གནས་ཤུལ་དངོས་ཡོད་ཚད་རྒྱལ་ཁབ་གཞུང་ལ་དབང་བ་ཡིན། 

གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། བྲག་ཕུག་དགོན་སྡེ་བཅས་རྒྱལ་ཁབ་གཞུང་གི་ཡིན་པ་དང་། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་ཁོངས་སུ་དམིགས་འཛུགས་བྱས་པའི་དྲན་གསོའི་རྩིག་བཟོས་དང་། གནའ་བོའི་རྩིག་བཟོས། རྡོ་བརྐོས། ལྡེབས་རིས། ཉེ་རབས་དང་དེང་རབས་ཀྱི་མཚོན་བྱེད་ཀྱི་རང་བཞིན་ལྡན་པའི་རྩིག་བཟོས་སོགས་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ལས་རྒྱལ་ཁབ་ཀྱིས་ལོགས་སུ་གཏན་འབེབས་བྱས་རིགས་ཕུད། དེ་བྱིངས་ཚང་མ་རྒྱལ་ཁབ་གཞུང་ལ་དབང་བ་ཡིན། 

གཞུང་དབང་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཀྱི་བདག་དབང་ནི་དེ་གནས་སའི་ས་ཞིང་གི་བདག་དབང་ངམ་བེད་སྤྱོད་བྱེད་དབང་གྱུར་པའི་རྐྱེན་གྱིས་མི་བསྒྱུར་རྒྱུ། 

གཤམ་གསལ་གནས་སྤོ་ཐུབ་པའི་རིག་གནས་ཤུལ་དངོས་རྣམས་རྒྱལ་ཁབ་གཞུང་གི་ཡིན་པ་སྟེ། 

(གཅིག)རྒྱལ་ཁབ་ཀྱིས་ལོགས་སུ་གཏན་འབེབས་བྱས་པ་ཕུད་པའི་ཀྲུང་གོའི་མངའ་ཁོངས་ཀྱི་ས་འོག་ནས་ཐོན་པའི་རིག་གནས་ཤུལ་དངོས་དང་། 

(གཉིས)གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་བསྡུ་ཉར་བྱེད་མཁན་སྡེ་ཚན་དང་དེ་བཞིན་རྒྱལ་ཁབ་ཀྱི་ལས་ཁུངས་གཞན་དག་དང་། དམག་དཔུང་། གཞུང་ལ་དབང་བའི་ཁེ་ལས། བྱ་ལས་སྡེ་ཚན་སོགས་ཀྱིས་བསྡུ་ཉར་དང་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས། 

(གསུམ)རྒྱལ་ཁབ་ཀྱིས་འཚོལ་བསྡུ་དང་ཉོ་སྒྲུབ་བྱས་པའི་རིག་གནས་ཤུལ་དངོས། 

(བཞི)སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་རྒྱལ་ཁབ་ལ་ལེགས་སྐྱེས་སུ་ཕུལ་བའི་རིག་གནས་ཤུལ་དངོས། 

(ལྔ)བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་གཞན་དག་བཅས་ཡིན། 

གཞུང་ལ་དབང་བའི་གནས་སྤོ་ཐུབ་པའི་རིག་གནས་ཤུལ་དངོས་ཀྱི་བདག་དབང་ནི་དེ་ཉིད་ཉར་ཚགས་དང་བསྡུ་ཉར་བྱེད་མཁན་སྡེ་ཚན་མཇུག་སྒྲིལ་བའམ་འགྱུར་བའི་རྐྱེན་གྱིས་མི་བསྒྱུར་རྒྱུ། 

གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཀྱི་བདག་དབང་ལ་བཅའ་ཁྲིམས་ནས་སྲུང་སྐྱོབ་བྱ་དགོས་ཤིང་དེ་དག་ལ་གནོད་སྐྱོན་བཏང་མི་ཆོག

དོན་ཚན་དྲུག་པ། ཐུན་མོང་ལ་དབང་བ་དང་སྒེར་ལ་དབང་བའི་དྲན་གསོའི་རྩིག་བཟོས་དང་། གནའ་བོའི་རྩིག་བཟོས། རྒྱུད་འཛིན་རིག་གནས་ཤུལ་དངོས་བཅས་དང་དེ་བཞིན་ཁྲིམས་ལྟར་ཐོབ་པའི་རིག་གནས་ཤུལ་དངོས་གཞན་དག་གི་བདག་དབང་ལ་བཅའ་ཁྲིམས་ནས་སྲུང་སྐྱོབ་བྱ་རྒྱུ། རིག་གནས་ཤུལ་དངོས་བདག་གིར་འཛིན་མཁན་གྱིས་ངེས་པར་དུ་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གསལ་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། 

དོན་ཚན་བདུན་པ། ལས་ཁུངས་དང་། རྩ་འཛུགས། མི་སྒེར་བཅས་ཚང་མར་བཅའ་ཁྲིམས་ལྟར་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད། 

དོན་ཚན་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་གཙོ་སྐྱོང་བྱ་རྒྱུ། 

ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་སྒྲུབ་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་སྒྲུབ་འགན་འཁུར་མཁན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཚུལ་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུ། 

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་སོ་སོའི་འགན་འཁྲི་སྒྲུབ་ཁོངས་སུ་འབྲེལ་ཡོད་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་སྒྲུབ་འགན་འཁུར་རྒྱུ། 

དོན་ཚན་དགུ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུར་མཐོང་ཆེན་བྱ་དགོས་ཤིང་། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་སྤེལ་གཉིས་དང་རིག་གནས་ཤུལ་དངོས་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་རིག་གནས་ཤུལ་དངོས་ཉེན་མེད་བདེ་སྲུང་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། 

གཞི་རྩའི་འཛུགས་སྐྲུན་དང་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་སྐབས་ངེས་པར་དུ་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་སྐོར་གྱི་བྱེད་ཕྱོགས་ལ་བརྩི་སྲུང་ཞུ་དགོས་ཤིང་། དེའི་བྱེད་སྒོ་ཡིས་རིག་གནས་ཤུལ་དངོས་ལ་གནོད་སྐྱོན་བཏང་མི་ཆོག

སྤྱི་བདེ་ལས་ཁུངས་དང་། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག། འགག་སྒོ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སྡེ་ཁག། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་ཁུངས་གཞན་དག་བཅས་ཀྱིས་སོ་སོས་འཁུར་བའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཁྲིམས་ལྟར་ནན་ཏན་བསྒྲུབས་ནས་རིག་གནས་ཤུལ་དངོས་དོ་དམ་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། 

དོན་ཚན་བཅུ་པ། རྒྱལ་ཁབ་ཀྱིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་དེ་རིམ་པ་དེ་རང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་འགོད་དགོས་ཤིང་། དེར་དགོས་པའི་འགྲོ་གྲོན་རྣམས་རིམ་པ་དེ་རང་གི་ནོར་སྲིད་ཀྱི་སྔོན་རྩིས་ནང་འགོད་དགོས། 

རྒྱལ་ཁབ་ཀྱིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་པར་བེད་སྤྱོད་བྱ་རྒྱུའི་ནོར་སྲིད་གཏོང་དངུལ་ནི་ནོར་སྲིད་ཡོང་འབབ་འཕར་སྣོན་འགྲོ་བ་དང་ཆབས་ཅིག་འཕར་སྣོན་གཏོང་རྒྱུ། 

གཞུང་ལ་དབང་བའི་དངོས་མང་བཤམས་སྟོན་ཁང་དང་། དྲན་གསོ་ཁང་། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་སོགས་ཀྱི་བྱ་ལས་ཀྱི་རང་བཞིན་ལྡན་པའི་ཡོང་འབབ་རྣམས་ཆེད་དུ་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུར་བེད་སྤྱོད་བྱ་དགོས་པ་ལས་སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་ཀྱང་བཙན་བཟུང་དང་གཞན་སྤྱོད་བྱས་མི་ཆོག

ལེགས་སྐྱེས་སུ་འབུལ་བ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་རིག་གནས་ཤུལ་དངོས་སྲུང་སྐྱོབ་ཀྱི་སྤྱི་ཚོགས་ཐེབས་རྩ་འཛུགས་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱས་ནས་ཆེད་མངགས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུར་བེད་སྤྱོད་བྱ་དགོས་པ་ལས། སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་ཀྱང་བཙན་བཟུང་དང་གཞན་སྤྱོད་བྱས་མི་ཆོག

དོན་ཚན་བཅུ་གཅིག་པ། རིག་གནས་ཤུལ་དངོས་ནི་བསྐྱར་བཟོ་མི་ཐུབ་པའི་རིག་གནས་ཐོན་ཁུངས་ཡིན། རྒྱལ་ཁབ་ཀྱིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་ཀྱིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་རྒྱུ་དང་། རིག་གནས་ཤུལ་དངོས་སྲུང་སྐྱོབ་ཀྱི་ཚན་རིག་ཞིབ་འཇུག་བྱེད་པར་བསྔགས་སྐུལ་བྱས་ཏེ་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་ཚན་རིག་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། 

དོན་ཚན་བཅུ་གཉིས་པ། གཤམ་གསལ་གྱི་བྱས་རྗེས་བཞག་པའི་སྡེ་ཚན་ནམ་སྐྱེ་བོ་ཡིན་ཕྱིན་རྒྱལ་ཁབ་ཀྱིས་བསམ་པའི་ཐོག་ནས་བསྔགས་སྐུལ་བྱ་རྒྱུའམ་དངོས་པོའི་བྱ་དགའ་སྤྲོད་རྒྱུ་སྟེ། 

(གཅིག)རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་ཏན་གྱིས་ལག་ལེན་བསྟར་ནས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་ཐད་བྱས་རྗེས་མངོན་གསལ་དོད་པོ་བཞག་རིགས་དང་། 

(གཉིས)རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཆེད་ཁྲིམས་འགལ་ཉེས་གསོག་སྤྱོད་ངན་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་རིགས། 

(གསུམ)སྒེར་གྱིས་བསྡུ་ཉར་བྱས་པའི་རིག་གནས་ཤུལ་དངོས་གལ་ཆེན་རྒྱལ་ཁབ་ལ་ཞལ་འདེབས་སུ་ཕུལ་བའམ་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་གྱི་ཆེད་དུ་ལེགས་སྐྱེས་སུ་ཕུལ་རིགས། 

(བཞི)རིག་གནས་ཤུལ་དངོས་རྙེད་མ་ཐག་དུས་ཐོག་ཏུ་གོང་ལ་སྙན་སེང་ཞུས་པའམ་ཕུལ་ནས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་བ། 

(ལྔ)གནའ་རྫས་རྟོག་ཞིབ་སྔོག་འཚོལ་གྱི་ལས་ཀ་བྱེད་སྐབས་བྱས་རྗེས་གལ་ཆེན་བཞག་རིགས། 

(དྲུག)རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་ཚན་རིག་ལག་རྩལ་ཐད་གསར་གཏོད་དང་གསར་སྐྲུན་གལ་ཆེན་བྱས་པའམ་བྱས་རྗེས་གལ་ཆེན་གཞན་དག་བཞག་རིགས། 

(བདུན)རིག་གནས་ཤུལ་དངོས་ལ་གཏོར་བརླག་ཐེབས་པའི་ཉེན་ཁ་བྱུང་བའི་སྐབས་སུ་རིག་གནས་ཤུལ་དངོས་མྱུར་སྐྱོབ་བྱེད་པར་བྱས་རྗེས་བཞག་རིགས། 

(བརྒྱད)རིག་གནས་ཤུལ་དངོས་ཀྱི་ལས་ཀ་ཡུན་རིང་བྱས་ཤིང་བྱས་རྗེས་མངོན་གསལ་བཞག་རིགས་བཅས་ཡིན། 

3 ལེའུ་གཉིས་པ། གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་སྐོར། 

དོན་ཚན་བཅུ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཞིང་ཆེན་རིམ་པ་དང་། གྲོང་ཁྱེར། རྫོང་རིམ་པ་བཅས་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་སྡེ་ཚན་ཁྲོད་ནས་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་གལ་ཆེན་ལྡན་པ་དག་འདེམས་སྒྲུག་བྱས་ནས་རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་གནད་ཆེ་བར་གཏན་འཁེལ་བྱ་རྒྱུའམ་ཐད་ཀར་རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་གནད་ཆེ་བར་གཏན་འཁེལ་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱ་རྒྱུར་སྙན་ཞུ་འབུལ་རྒྱུ། 

ཞིང་ཆེན་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་བྱས་ནས་ཁྱབ་བསྒྲགས་བྱ་རྒྱུ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ། 

གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་ནི་སོ་སོར་ཆུས་བཙུགས་པའི་གྲོང་ཁྱེར་དང་། རང་སྐྱོང་ཁུལ། རྫོང་རིམ་པ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་བྱས་ནས་ཁྱབ་བསྒྲགས་བྱ་རྒྱུ་དང་འབྲེལ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ། 

སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱས་མེད་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་རྣམས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཐོ་འགོད་བྱེད་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱ་རྒྱུ། 

དོན་ཚན་བཅུ་བཞི་པ། རིག་གནས་ཤུལ་དངོས་ཧ་ཅང་ཕུན་སུམ་ཚོགས་པ་ཉར་ཚགས་བྱས་ཡོད་པ་མ་ཟད་ལོ་རྒྱུས་ཀྱི་རིན་ཐང་ངམ་གསར་བརྗེའི་དྲན་གསོའི་དོན་སྙིང་གལ་ཆེན་ལྡན་པའི་གྲོང་ཁྱེར་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དུ་ཞིབ་བཤེར་གཏན་འབེབས་ཀྱིས་ཁྱབ་བསྒྲགས་བྱ་རྒྱུ། 

རིག་གནས་ཤུལ་དངོས་ཧ་ཅང་ཕུན་སུམ་ཚོགས་པ་ཉར་ཚགས་བྱས་ཡོད་པ་མ་ཟད་ལོ་རྒྱུས་ཀྱི་རིན་ཐང་ངམ་གསར་བརྗེའི་དྲན་གསོའི་དོན་སྙིང་གལ་ཆེན་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ། ཁྲོམ་ལམ། གྲོང་ཚོ་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་ཁུལ་དང་གྲོང་རྡལ་དུ་ཞིབ་བཤེར་གཏན་འབེབས་ཀྱིས་ཁྱབ་བསྒྲགས་བྱེད་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ། 

ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་ཁུལ་དང་གྲོང་རྡལ་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆེད་མངགས་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་ཁུལ་དང་གྲོང་རྡལ་སྲུང་སྐྱོབ་བྱ་རྒྱུའི་འཆར་གཞི་འགོད་པ་སྒྲིག་འཛུགས་བྱ་རྒྱུ་མ་ཟད། གྲོང་ཁྱེར་སྤྱི་ཡོངས་ཀྱི་འཆར་གཞིའི་ནང་འགོད་རྒྱུ། 

ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་ཁུལ་དང་གྲོང་རྡལ་སྲུང་སྐྱོབ་བྱ་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ། དོན་ཚན་བཅོ་ལྔ་པ། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་རིམ་པ་ཁག་ནི་སོ་སོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་དང་གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་དགོས་ངེས་ཀྱི་སྲུང་སྐྱོབ་བྱེད་ཁོངས་གཏན་འཁེལ་བྱ་རྒྱུ་དང་། རྟགས་མཚན་བཟོས་ནས་གསལ་བཤད་བྱེད་པ་དང་འབྲེལ་ཟིན་ཐོའི་ཡིག་ཚགས་བཟོ་རྒྱུ་མ་ཟད། གནས་ཚུལ་མི་འདྲ་བར་དབྱེ་ནས་སོ་སོར་ཆེད་དམིགས་སྒྲིག་གཞི་བཙུགས་པའམ་ཆེད་ལས་མི་སྣ་བསྐོས་ནས་དོ་དམ་བྱེད་འགན་འཁུར་དུ་འཇུག་རྒྱུ། རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གནད་ཆེ་བའི་སྲུང་སྐྱོབ་བྱེད་ཁོངས་དང་ཟིན་ཐོའི་ཡིག་ཚགས་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ། 

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རིག་གནས་ཤུལ་དངོས་མི་འདྲ་བ་སྲུང་སྐྱོབ་བྱ་རྒྱུའི་དགོས་མཁོར་གཞིགས་ནས་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་དང་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་བྱས་མེད་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་ཐབས་ཞིབ་ཕྲ་གཏན་འབེབས་བྱ་དགོས་པ་མ་ཟད། སྤྱི་བསྒྲགས་བྱས་ནས་ལག་ལེན་དུའང་བསྟར་དགོས། 

དོན་ཚན་བཅུ་དྲུག་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་འགོད་སྐབས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་དགོས་མཁོར་གཞིགས་ནས་དང་ཐོག་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སྡེ་ཁག་གིས་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གར་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་རིམ་པ་ཁག་སྲུང་སྐྱོབ་བྱ་ཐབས་གྲོས་མོལ་གྱིས་གཏན་འཁེལ་བྱེད་པ་དང་འབྲེལ་འཆར་གཞིའི་ནང་དུའང་འགོད་དགོས། 

དོན་ཚན་བཅུ་བདུན་པ། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་སྲུང་སྐྱོབ་བྱེད་ཁོངས་སུ་འཛུགས་སྐྲུན་ལས་གྲྭ་གཞན་དག་གམ་འབར་གཏོར་དང་། གསོར་འབིགས་རྩད་ཞིབ། སྔོག་འདོན་སོགས་ཀྱི་ལས་སྒོ་གཉེར་མི་ཆོགའོན་ཀྱང་གནས་ཚུལ་དམིགས་བསལ་ཡོད་པའི་རྐྱེན་གྱིས་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་སྲུང་སྐྱོབ་བྱེད་ཁོངས་སུ་འཛུགས་སྐྲུན་ལས་གྲྭ་གཞན་དག་གམ་འབར་གཏོར་དང་། གསོར་འབིགས་རྩད་ཞིབ། སྔོག་འདོན་སོགས་ཀྱི་ལས་སྒོ་གཉེར་དགོས་ན། ངེས་པར་དུ་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་བདེ་འཇགས་ཡོང་བར་འགན་ལེན་བྱ་དགོས་པ་མ་ཟད། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་འདི་ཉིད་ཞིབ་བཤེར་གཏན་འབེབས་ཀྱིས་ཁྱབ་བསྒྲགས་བྱས་པའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་ཤིང་། ཆོག་མཆན་མ་བཀོད་གོང་ལ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་མོས་མཐུན་འཐོབ་དགོས། རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གནད་ཆེ་བ་སྲུང་སྐྱོབ་བྱེད་ཁོངས་སུ་འཛུགས་སྐྲུན་ལས་གྲྭ་གཞན་དག་གམ་འབར་གཏོར་དང་། གསོར་འབིགས་རྩད་ཞིབ། སྔོག་འདོན་སོགས་ཀྱི་ལས་སྒོ་གཉེར་དགོས་ན། ངེས་པར་དུ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོག་མཆན་འཐོབ་དགོས་ཤིང་། ཆོག་མཆན་མ་བཀོད་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་མོས་མཐུན་འཐོབ་དགོས། 

དོན་ཚན་བཅོ་བརྒྱད་པ། རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་དགོས་མཁོ་དངོས་ལ་གཞིགས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ནས་བཀའ་འཁྲོལ་བྱུང་ན་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་མཐའ་འཁོར་དུ་འཛུགས་སྐྲུན་བྱེད་པར་ཚོད་འཛིན་བྱེད་ས་ངེས་ཅན་ཞིག་བཅད་ཆོག་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱ་རྒྱུ། 

སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་འཛུགས་སྐྲུན་ཚོད་འཛིན་བྱེད་སར་འཛུགས་སྐྲུན་གྱི་ལས་གྲྭ་སྒྲུབ་སྐབས་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་ལོ་རྒྱུས་ཀྱི་རྣམ་པ་གཏོར་བརླག་བཏང་མི་ཆོགལས་གྲྭ་འཆར་འགོད་ཀྱི་ཇུས་གཞི་དེར་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་གྱི་རིམ་པ་གཞིར་འཛིན་པ་དང་འབྲེལ་དེ་མཚུངས་ཀྱི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་མོས་མཐུན་ཐོབ་རྗེས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སྡེ་ཁག་ལ་མཆན་འགོད་ཐོབ་རེ་ཞུ་དགོས། 

དོན་ཚན་བཅུ་དགུ་པ། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་སྲུང་སྐྱོབ་བྱེད་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་བྱེད་སར་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་དང་དེའི་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་མི་ཆོག་པ་དང་། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་བདེ་འཇགས་དང་དེའི་ཁོར་ཡུག་ལ་གནོད་སྲིད་པའི་བྱེད་སྒོ་སྤེལ་མི་ཆོག། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་དང་དེའི་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་སྒྲིག་བཀོད་ཡོད་རིགས་དུས་བཀག་ལྟར་བཅོས་སྐྱོང་བྱེད་དགོས། 

དོན་ཚན་ཉི་ཤུ་པ། འཛུགས་སྐྲུན་ལས་གྲྭ་འཛུགས་སྐྲུན་བྱེད་ས་འདེམས་སྐབས་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ལས་གཡོལ་གང་ཐུབ་བྱ་དགོས་ཤིང་། གནས་ཚུལ་དམིགས་བསལ་གྱི་དབང་གིས་དེ་ལས་གཡོལ་མི་ཐུབ་པ་ཡིན་ན། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་དེ་སྔའི་གནས་ཡུལ་ལ་སྲུང་སྐྱོབ་གང་ཐུབ་བྱེད་དགོས། 

སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་དེ་སྔའི་གནས་ཡུལ་སྲུང་སྐྱོབ་བྱེད་རིགས་ཡིན་ན། འཛུགས་སྐྲུན་སྡེ་ཚན་གྱིས་སྔོན་ལ་སྲུང་སྐྱོབ་བྱ་ཐབས་གཏན་འཁེལ་བྱ་དགོས་པ་དང་། དེའི་རིམ་པ་ལྟར་དེ་མཚུངས་ཀྱི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་མཆན་འགོད་ཐོབ་རེ་ཞུ་བ་མ་ཟད། སྲུང་སྐྱོབ་བྱ་ཐབས་རྣམས་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུའམ་ཇུས་འགོད་ལས་འགན་སྒྲུབ་ཡིག་ཏུའང་འགོད་དགོས། 

སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་དེ་སྔའི་གནས་ཡུལ་སྲུང་སྐྱོབ་བྱེད་ཐབས་བྲལ་ཞིང་། ངེས་པར་དུ་ས་ཆ་གཞན་ལ་གནས་སྤོ་སྲུང་སྐྱོབ་བམ་བཤིག་དགོས་རིགས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་མཆན་འགོད་ཐོབ་རེ་ཞུ་དགོས། ཞིང་ཆེན་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གནས་སྤོའམ་བཤིག་དགོས་རིགས་ལ་ཆོག་མཆན་མ་བཀོད་གོང་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་མོས་མཐུན་འཐོབ་དགོས། རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གནད་ཆེ་བ་བཤིག་མི་ཆོག། གནས་སྤོ་བྱ་དགོས་ན་ངེས་པར་དུ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་མཆན་འགོད་ཐོབ་རེ་ཞུ་དགོས། 

གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་བཤིག་པའི་གཞུང་ལ་དབང་བའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཀྱི་ནང་ནས་བསྡུ་ཉར་བྱེད་རིན་ཡོད་པའི་ལྡེབས་རིས་དང་། འཇིམ་རྐོས། ཨར་ལས་ལྷུ་ཆས་སོགས་ནི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་རིག་གནས་ཤུལ་དངོས་བསྡུ་ཉར་ལས་ཁུངས་ཀྱིས་བསྡུ་ཉར་བྱ་རྒྱུ། 

དོན་ཚན་འདིར་གཏན་འབེབས་བྱས་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་དེ་སྔའི་གནས་ཡུལ་སྲུང་སྐྱོབ་དང་། གནས་སྤོ། བཤིག་པ་བཅས་ལ་དགོས་པའི་གྲོན་དངུལ་ནི་འཛུགས་སྐྲུན་སྡེ་ཚན་གྱིས་འཛུགས་སྐྲུན་ལས་གྲྭའི་སྔོན་རྩིས་ནང་འགོད་རྒྱུ། 

དོན་ཚན་ཉེར་གཅིག་པ། གཞུང་ལ་དབང་བའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་དག་བེད་སྤྱོད་བྱེད་མཁན་གྱིས་ཉམས་གསོ་དང་བདག་སྐྱོང་བྱེད་འགན་འཁུར་རྒྱུ། གཞུང་ལ་དབང་བ་མིན་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་དག་དེ་ཉིད་བདག་པོ་རྒྱག་མཁན་གྱིས་ཉམས་གསོ་དང་བདག་སྐྱོང་བྱེད་འགན་འཁུར་རྒྱུ། གཞུང་ལ་དབང་བ་མིན་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་གཏོར་བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད་ཅིང་། དེ་ཉིད་བདག་པོ་རྒྱག་མཁན་ལ་ཉམས་གསོ་བྱེད་ནུས་མེད་པ་ཡིན་ན། ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་དེར་རོགས་རམ་བྱེད་དགོས། བདག་པོ་རྒྱག་མཁན་ལ་ཉམས་གསོ་བྱེད་ནུས་ཡོད་ཀྱང་ཁྲིམས་ལྟར་ཉམས་གསོ་བྱ་རྒྱུའི་འོས་འགན་མ་བསྒྲུབས་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་མྱུར་སྐྱོབ་ཉམས་གསོ་བྱས་ཆོག་མོད། འོན་ཀྱང་དེར་དགོས་པའི་འགྲོ་གྲོན་གཏོང་འགན་བདག་པོ་རྒྱག་མཁན་གྱིས་འཁུར་རྒྱུ། 

སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་ཉམས་གསོ་བྱེད་སྐབས་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་རིམ་པར་གཞིགས་ནས་དེ་མཚུངས་ཀྱི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་མཆན་འགོད་ཐོབ་རེ་ཞུ་དགོས། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་བྱས་མེད་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཉམས་གསོ་བྱེད་སྐབས་ཐོ་འགོད་བྱས་པའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་མཆན་འགོད་ཐོབ་རེ་ཞུ་དགོས། 

སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་ཉམས་གསོ་དང་། གནས་སྤོ། བསྐྱར་སྐྲུན་བཅས་བྱེད་འགན་ནི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་གྲྭ་སྒྲུབ་པའི་ཐོབ་ཐང་ལག་ཁྱེར་ཐོབ་པའི་སྡེ་ཚན་གྱིས་འཁུར་རྒྱུ། 

གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཉམས་གསོ་དང་། བདག་སྐྱོང་། གནས་སྤོ་བཅས་བྱེད་སྐབས་ངེས་པར་དུ་རིག་གནས་ཤུལ་དངོས་ཀྱི་བཟོ་དབྱིབས་རང་འཇགས་སུ་གནས་ཐུབ་པའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། 

དོན་ཚན་ཉེར་གཉིས་པ། གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཡོངས་རྫོགས་གཏོར་བརླག་ཏུ་སོང་རིགས་དེའི་རྗེས་ཤུལ་སྲུང་སྐྱོབ་བྱ་དགོས་པ་ལས་དེའི་སྔོན་མའི་གནས་ཡུལ་དུ་བསྐྱར་སྐྲུན་བྱས་མི་ཆོག། འོན་ཀྱང་གནས་ཚུལ་དམིགས་བསལ་གྱི་དགོས་མཁོའི་རྐྱེན་གྱིས་དེའི་སྔོན་མའི་གནས་ཡུལ་དུ་བསྐྱར་སྐྲུན་བྱ་དགོས་རིགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་མཆན་འགོད་ཐོབ་རེ་ཞུ་རྒྱུ། རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གནད་ཆེ་བ་དེ་སྔོན་གྱི་གནས་ཡུལ་དུ་བསྐྱར་སྐྲུན་བྱ་དགོས་རིགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་མཆན་འགོད་ཐོབ་རེ་ཞུ་རྒྱུ། 

དོན་ཚན་ཉེར་གསུམ་པ། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་བྱས་ཤིང་གཞུང་ལ་དབང་བ་ཡིན་པའི་དྲན་གསོའི་རྩིག་བཟོས་སམ་གནའ་བོའི་རྩིག་བཟོས་རྣམས་ལ་དངོས་མང་བཤམས་སྟོན་ཁང་དང་ཉར་ཚགས་ཁང་བཙུགས་ཆོག་པའམ་ལྟ་སྐོར་སྤྲོ་གསེང་བྱེད་ར་བསྐྲུན་ཆོག་པ་ཕུད། གཞན་པར་བེད་སྤྱོད་བྱ་དགོས་བྱུང་ན་གྲོང་ཁྱེར་དང་རྫོང་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱིས་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་འདི་ཉིད་ཞིབ་བཤེར་གཏན་འབེབས་ཀྱིས་ཁྱབ་བསྒྲགས་བྱེད་མཁན་མི་དམང་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་མོས་མཐུན་ཐོབ་རྗེས་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་འདི་ཉིད་ཞིབ་བཤེར་གཏན་འབེབས་ཀྱིས་ཁྱབ་བསྒྲགས་བྱེད་མཁན་མི་དམངས་སྲིད་གཞུང་ལ་མཆན་འགོད་ཐོབ་རེ་ཞུ་དགོས། ཞིང་ཆེན་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱིས་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་འདི་ཉིད་ཞིབ་བཤེར་གཏན་འབེབས་ཀྱིས་ཁྱབ་བསྒྲགས་བྱེད་མཁན་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་ནས་མོས་མཐུན་ཐོབ་རྗེས་ཞིང་ཆེན་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་མཆན་འགོད་ཐོབ་རེ་ཞུ་དགོས། རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གནད་ཆེ་བ་གཞན་པར་བེད་སྤྱོད་བྱེད་རིགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་འགོད་རྒྱུའི་སྙན་འབུལ་ཞུ་དགོས། གཞུང་ལ་དབང་བའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་བྱས་མེད་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་གཞན་པར་བེད་སྤྱོད་བྱེད་རིགས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་སྙན་འབུལ་ཞུ་དགོས། 

དོན་ཚན་ཉེར་བཞི་པ། གཞུང་ལ་དབང་བའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་རྣམས་ནང་བཤུག་གཏོང་རིགས་དང་གཏའ་མར་འཇོག་རིགས་བྱས་མི་ཆོག། དངོས་མང་བཤམས་སྟོན་ཁང་དང་ཉར་ཚགས་ཁང་བརྒྱབ་པའམ་ཡང་ན་ལྟ་སྐོར་སྤྲོ་གསེང་བྱེད་རར་བསྐྲུན་པའི་གཞུང་ལ་དབང་བའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་རྣམས་ཁེ་ལས་ཀྱི་རྒྱུ་ནོར་དུ་བརྩིས་ནས་གཉེར་སྐྱོང་བྱས་མི་ཆོག

དོན་ཚན་ཉེར་ལྔ་པ། གཞུང་ལ་དབང་བ་མིན་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་རྣམས་ཕྱི་གླིང་པར་ནང་བཤུག་གཏོང་རིགས་དང་གཏའ་མར་འཇོག་རིགས་བྱས་མི་ཆོག

གཞུང་ལ་དབང་བ་མིན་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་གཞན་པར་ནང་བཤུག་གཏོང་བ་དང་གཏའ་མར་འཇོག་པའམ་སྤྱོད་སྒོ་བསྒྱུར་དགོས་ན། དེའི་རིམ་པར་གཞིགས་ནས་དེ་མཚུངས་ཀྱི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། དོན་ཚན་ཉེར་དྲུག་པ། གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་བེད་སྤྱོད་བྱེད་སྐབས་ངེས་པར་དུ་རིག་གནས་ཤུལ་དངོས་ཀྱི་བཟོ་དབྱིབས་རང་འཇགས་སུ་གནས་ཐུབ་པའི་རྩ་དོན་ལ་བརྩི་སྲུང་ཞུས་ནས་རྩིག་བཟོས་དང་དེའི་ཟུར་གཏོགས་རིག་གནས་ཤུལ་དངོས་བདེ་འཇགས་ཡོང་བའི་སྲུང་སྐྱོབ་བྱེད་འགན་འཁུར་དགོས་པ་ལས། གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་གཏོར་བརླག་དང་། བསྐྱར་སྐྲུན། སྣོན་སྐྲུན་བཅས་སམ་བཤིག་པ་བྱས་མི་ཆོག

སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་བདེ་འཇགས་ལ་གནོད་པ་དང་། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་ལོ་རྒྱུས་ཀྱི་རྣམ་པ་གཏོར་བཤིག་བཏང་བའི་རྩིག་བཟོས་དང་བཟོ་བཀོད་དངོས་པོར་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་བརྟག་དཔྱད་བྱས་ནས་ཐག་གཅོད་བྱ་དགོས་པ་དང་། དགོས་ངེས་བྱུང་ཚེ་རྩིག་བཟོས་དང་བཟོ་བཀོད་དངོས་པོ་དེ་དག་བཤིག་སྤོ་བྱེད་དགོས། 

4 ལེའུ་གསུམ་པ། གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱེད་ཕྱོགས་སྐོར། 

དོན་ཚན་ཉེར་བདུན་པ། གནའ་རྫས་རྟོག་ཞིབ་སྔོག་འཚོལ་ལས་ཀ་གང་ཞིག་བྱ་དགོས་རུང་ངེས་པར་དུ་ཆོག་མཆན་ཞུ་བའི་འགྲོ་ལུགས་འགྲིམས་དགོས། གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱེད་པའི་སྡེ་ཚན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་འཐོབ་དགོས། 

ས་འོག་ཏུ་སྦས་པའི་རིག་གནས་ཤུལ་དངོས་རྣམས་སྡེ་ཚན་གང་ངམ་སྐྱེ་བོ་སུ་ཞིག་གིས་ཀྱང་རང་དགར་སྔོག་འཚོལ་བྱས་མི་ཆོག

དོན་ཚན་ཉེར་བརྒྱད་པ། གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱེད་པའི་སྡེ་ཚན་གྱིས་ཚན་རིག་ཞིབ་འཇུག་བྱེད་ཆེད་གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱ་དགོས་ན། སྔོག་འཚོལ་བྱ་རྒྱུའི་འཆར་གཞི་འདོན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་མཆན་འགོད་ཐོབ་རེ་ཞུ་དགོས་པ་དང་། རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གནད་ཆེ་བར་གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱ་རྒྱུའི་འཆར་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་མཆན་འགོད་ཐོབ་རེ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་འགོད་པའམ་ཞིབ་བཤེར་གཏན་འབེབས་མ་བྱས་གོང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་དེ་བཞིན་ཚན་རིག་ཞིབ་འཇུག་སྒྲིག་གཞི་གཞན་དག་དང་འབྲེལ་ཡོད་རིགས་གཅིག་མཁས་པ་བཅས་ཀྱི་བསམ་འཆར་བསྡུ་ལེན་དགོས། 

དོན་ཚན་ཉེར་དགུ་པ། གཞི་རྩའི་འཛུགས་སྐྲུན་ལས་གྲྭ་ཆེན་པོ་སྒྲུབ་སྐབས་འཛུགས་སྐྲུན་བྱེད་མཁན་སྡེ་ཚན་གྱིས་སྔོན་ལ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱེད་པའི་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལས་གྲྭ་སྒྲུབ་ཁོངས་སུ་རིག་གནས་ཤུལ་དངོས་སྦས་ཡོད་དོགས་ཀྱི་ས་ཆར་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་རྩད་ཞིབ་བྱ་རྒྱུའི་སྙན་འབུལ་ཞུ་དགོས། 

གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་རྩད་ཞིབ་བྱེད་རིང་རིག་གནས་ཤུལ་དངོས་རྙེད་བྱུང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་བླང་བྱ་ལྟར་འཛུགས་སྐྲུན་བྱེད་མཁན་སྡེ་ཚན་དང་མཉམ་དུ་སྲུང་སྐྱོབ་བྱ་ཐབས་གྲོས་མོལ་གྱིས་གཏན་འབེབས་བྱ་རྒྱུ་དང་། གལ་འགངས་ཆེ་བའི་རིགས་རྙེད་བྱུང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་དུས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐག་གཅོད་བྱེད་རོགས་ཞུ་རྒྱུ། 

དོན་ཚན་སུམ་ཅུ་པ། འཛུགས་སྐྲུན་ལས་གྲྭ་སྒྲུབ་པར་གཞོགས་འདེགས་ཀྱིས་གནའ་རྫས་རྟོག་ཞིབ་སྔོག་འཚོལ་ལས་ཀ་བྱ་དགོས་རིགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རྩད་ཞིབ་ལས་ཀ་བྱས་པའི་རྨང་གཞིའི་ཐོག་སྔོག་འཚོལ་བྱ་རྒྱུའི་འཆར་གཞི་འདོན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་མཆན་འགོད་ཐོབ་རེ་ཞུ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་མ་བཀོད་གོང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་དེ་བཞིན་ཚན་རིག་ཞིབ་འཇུག་སྒྲིག་གཞི་གཞན་དག་དང་འབྲེལ་ཡོད་རིགས་གཅིག་མཁས་པ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས། 

འཛུགས་སྐྲུན་གྱི་ལས་དུས་ཐུང་བའམ་རང་བྱུང་གི་གཏོར་སྐྱོན་ཡོང་ཉེན་དངོས་འབྲེལ་ཡོད་པའི་རྐྱེན་གྱིས་གནའ་བོའི་རིག་གནས་རྗེས་ཤུལ་དང་གནའ་བོའི་བང་སོར་འཕྲལ་སྐྱོབ་སྔོག་འཚོལ་བྱ་དགོས་བྱུང་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་སྔོག་འཚོལ་སྒྲིག་འཛུགས་བྱེད་པ་དང་དུས་མཚུངས་སུ་ཞིབ་མཆན་ཞུ་བའི་འགྲོ་ལུགས་གསབ་འགྲིམ་བྱེད་དགོས། 

དོན་ཚན་སོ་གཅིག་པ། གཞི་རྩའི་འཛུགས་སྐྲུན་དང་ཐོན་སྐྱེད་འཛུགས་སྐྲུན་བྱ་རྒྱུའི་དགོས་མཁོའི་དབང་གིས་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་། རྩད་ཞིབ། སྔོག་འཚོལ་བཅས་བྱ་དགོས་བྱུང་ན། དེར་དགོས་པའི་འགྲོ་གྲོན་རྣམས་འཛུགས་སྐྲུན་བྱེད་མཁན་སྡེ་ཚན་གྱིས་འཛུགས་སྐྲུན་ལས་གྲྭའི་སྔོན་རྩིས་ནང་འགོད་རྒྱུ། 

དོན་ཚན་སོ་གཉིས་པ། འཛུགས་སྐྲུན་ལས་གྲྭ་སྒྲུབ་པའམ་ཞིང་ལས་ཐོན་སྐྱེད་བྱེད་རིང་སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་རིག་གནས་ཤུལ་དངོས་རྙེད་བྱུང་ན། རྙེད་ཡུལ་སྲུང་སྐྱོང་བྱེད་དགོས་པ་དང་འབྲེལ་འཕྲལ་མར་ས་གནས་དེ་གའི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་སྙན་སེང་ཞུ་དགོས་ཤིང་། རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་སྙན་ཞུ་འབྱོར་རྗེས་གནས་ཚུལ་དམིགས་བསལ་མེད་ན་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་ཚུན་རིག་གནས་ཤུལ་དངོས་རྙེད་ཡུལ་དུ་འབྱོར་བ་བྱ་དགོས་པ་མ་ཟད། ཉིན་བདུན་གྱི་ནང་ཚུན་ཐག་གཅོད་བྱ་རྒྱུའི་བསམ་འཆར་འདོན་དགོས། རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་སྤྱི་བདེ་ལས་ཁུངས་ལ་རིག་གནས་ཤུལ་དངོས་རྙེད་ཡུལ་སྲུང་སྐྱོང་བྱེད་རོགས་ཞེས་བརྡ་ཐོ་གཏོང་རྒྱུའི་སྙན་ཞུ་ཕུལ་ཆོགགལ་འགངས་ཆེ་བའི་རིག་གནས་ཤུལ་དངོས་རྙེད་་ན་འཕྲལ་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་སྙན་སེང་ཞུ་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་སྙན་ཞུ་འབྱོར་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཐག་གཅོད་བྱ་རྒྱུའི་བསམ་འཆར་འདོན་བྱེད་དགོས། 

གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་རྙེད་བྱུང་བའི་རིག་གནས་ཤུལ་དངོས་རྣམས་གཞུང་ལ་དབང་བ་ཡིན་ཞིང་། སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་ཀྱང་ཧམ་འཕྲོག་དང་། ལྐོག་བགོས། སྦ་སྐུང་བཅས་བྱས་མི་ཆོག

དོན་ཚན་སོ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་དམིགས་བསལ་གྱི་བཀའ་འཁྲོལ་ཐོབ་ན་མ་གཏོགས་ཕྱི་གླིང་པ་སུ་ཞིག་གམ་ཕྱི་རྒྱལ་གྱི་ཚོགས་པ་གང་ཞིག་གིས་ཀྱང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་། རྩད་ཞིབ། སྔོག་འཚོལ་བཅས་བྱས་མི་ཆོག

དོན་ཚན་སོ་བཞི་པ། གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་། རྩད་ཞིབ། སྔོག་འཚོལ་བཅས་བྱས་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་སྙན་སེང་ཞུ་དགོས། 

གནའ་རྫས་རྟོག་ཞིབ་ཀྱིས་སྔོག་འཚོལ་བྱས་པའི་རིག་གནས་ཤུལ་དངོས་རྣམས་ཐོ་གཞུང་བཟོས་ནས་ཉར་ཚགས་དོ་དམ་ལེགས་པོ་བྱ་དགོས་པ་དང་འབྲེལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་གཞུང་ལ་དབང་བའི་དངོས་མང་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་ངམ་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་བསྡུ་ཉར་བྱེད་མཁན་སྡེ་ཚན་ལ་བསྡུ་ཉར་བྱ་རྒྱུར་སྤྲོད་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་བཀའ་འཁྲོལ་ཐོབ་རྗེས་གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱེད་མཁན་སྡེ་ཚན་གྱིས་ས་འོག་ནས་བཏོན་པའི་རིག་གནས་ཤུལ་དངོས་ཉུང་ཙམ་ཉར་ཚགས་བྱས་ནས་ཚན་རིག་ཞིབ་འཇུག་གི་དངོས་དཔེ་བྱས་ཆོག

གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱས་པའི་རིག་གནས་ཤུལ་དངོས་རྣམས་སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་ཀྱང་བཙན་བཟུང་བྱས་མི་ཆོག

དོན་ཚན་སོ་ལྔ་པ། རིག་གནས་ཤུལ་དངོས་ལ་ཉེན་མེད་ཡོང་བའི་འགན་ལེན་དང་། ཚན་རིག་ཞིབ་འཇུག། རིག་གནས་ཤུལ་དངོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱ་རྒྱུའི་དགོས་མཁོར་གཞིགས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་སྲིད་འཛིན་ས་ཁོངས་དེའི་ནང་གི་ས་འོག་ནས་བཏོན་པའི་རིག་གནས་ཤུལ་དངོས་འཐེན་སྤྱོད་བྱས་ཆོག་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་རྗེས་རྒྱལ་ཡོངས་ཀྱི་ས་འོག་ནས་བཏོན་པའི་རིག་གནས་ཤུལ་དངོས་གལ་ཆེན་འཐེན་སྤྱོད་བྱས་ཆོག

5 ལེའུ་བཞི་པ། བཤམས་སྟོན་ཁང་དུ་ཉར་བའི་རིག་གནས་ཤུལ་དངོས་སྐོར། 

དོན་ཚན་སོ་དྲུག་པ། དངོས་མང་བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་། དེ་བཞིན་རིག་གནས་ཤུལ་དངོས་བསྡུ་ཉར་བྱ་མཁན་སྡེ་ཚན་གཞན་དག་བཅས་སོ་སོས་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྣམས་ངེས་པར་དུ་རིག་གནས་ཤུལ་དངོས་ཀྱི་རིམ་པ་དབྱེ་རྒྱུ་དང་། དེ་དག་སྐོར་གྱི་ཡིག་ཚགས་བཟོ་རྒྱུ། དོ་དམ་ལམ་ལུགས་དམ་ནན་འཛུགས་རྒྱུ་བཅས་དང་འབྲེལ་གཙོ་སྐྱོང་བྱེད་མཁན་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། 

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་སོ་སོས་སྲིད་འཛིན་ས་ཁོངས་དེ་གའི་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་སྐོར་གྱི་ཡིག་ཚགས་བཟོ་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་གནས་ཤུལ་དངོས་ཉར་ཚགས་བྱས་རིགས་སྐོར་གྱི་ཡིག་ཚགས་དང་དེས་གཙོ་སྐྱོང་བྱེད་པའི་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཀྱི་ཡིག་ཚགས་བཟོ་དགོས། 

དོན་ཚན་སོ་བདུན་པ། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་གཤམ་གསལ་གྱི་བྱ་ཐབས་ལ་བརྟེན་ནས་རིག་གནས་ཤུལ་དངོས་ཐོབ་ཆོག་པ་སྟེ། 

(གཅིག)ཉོ་སྒྲུབ་དང་། 

(གཉིས)ལེགས་སྐྱེས་སུ་ཕུལ་བ་དང་ལེན་ཞུ་བ། 

(གསུམ)ཁྲིམས་ལྟར་བརྗེ་རེས་བྱེད་པ། 

(བཞི)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱ་ཐབས་གཞན་དག་བཅས་ཡིན། 

གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་ད་དུང་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་ཀྱིས་ཉར་ཚགས་དོ་དམ་མམ་གཏོང་སྤྲོད་བྱེད་ཐབས་ལ་བརྟེན་ནས་རིག་གནས་ཤུལ་དངོས་ཐོབ་ཆོག

དོན་ཚན་སོ་བརྒྱད་པ། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་དགོས་མཁོར་གཞིགས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། གཙོ་སྐྱོང་བྱེད་མཁན་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། ཆོག་མཆན་མ་ཐོབ་ན་སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་ཀྱང་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་སྐོང་ལེན་བྱས་མི་ཆོག

རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་ཁྲིམས་བཀོད་འཐུས་ཚབ་པས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཉེན་མེད་ཡོང་བའི་འགན་འཁུར་དགོས། གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་ཁྲིམས་བཀོད་འཐུས་ཚབ་ལས་གནས་ལས་བྲལ་སྐབས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཀྱི་ཡིག་ཚགས་ལྟར་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྩིས་སྤྲོད་འགྲོ་ལུགས་འགྲིམས་དགོས། 

དོན་ཚན་སོ་དགུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་གཞུང་ལ་དབང་བའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་གཏོང་ལེན་བྱས་ཆོགཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གས་གཙོ་སྐྱོང་བྱེད་པའི་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་གཏོང་ལེན་བྱས་ཆོགགཞུང་ལ་དབང་བའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་གནས་ཤུལ་དངོས་གཏོང་ལེན་བྱ་དགོས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། 

གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་གཞུང་ལ་དབང་བའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་གཏོང་ལེན་བྱ་རྒྱུའི་རེ་འདུན་ཞུས་ཆོག

དོན་ཚན་བཞི་བཅུ་པ། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཤིང་། འགྲེམས་སྟོན་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་རིག་གནས་དང་གསར་བརྗེའི་སྲོལ་རྒྱུན་ཕུལ་དུ་བྱུང་བ་དྲིལ་བསྒྲགས་དང་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་བར་འགྲེམས་སྟོན་དང་ཚན་རིག་ཞིབ་འཇུག་སོགས་བྱ་རྒྱུའི་དབང་གིས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་གཡར་སྤྱོད་བྱ་དགོས་རིགས་གཙོ་སྐྱོང་བྱེད་མཁན་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་གནས་ཤུལ་དངོས་གཡར་སྤྱོད་བྱ་དགོས་ཚེ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་ཐོབ་པ་དང་སྦྲགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། 

གཞུང་ལ་དབང་བ་མིན་པའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་དང་སྡེ་ཚན་གཞན་དག་གིས་འགྲེམས་སྟོན་བྱེད་པར་གཞུང་ལ་དབང་བའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་གཡར་སྤྱོད་བྱ་དགོས་རིགས་གཙོ་སྐྱོང་བྱེད་མཁན་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་མཆན་འགོད་ཐོབ་རེ་ཞུ་དགོས། གཞུང་ལ་དབང་བའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་གནས་ཤུལ་དངོས་གཡར་སྤྱོད་བྱ་དགོས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་འཐོབ་དགོས། 

རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་བར་རིག་གནས་ཤུལ་དངོས་གཡར་སྤྱོད་བྱེད་ཡུན་རིང་ཤོས་ལོ་གསུམ་ལས་བརྒལ་མི་ཆོག

དོན་ཚན་ཞེ་གཅིག་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་ཐོབ་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལའང་ཐོ་འགོད་སྙན་སེང་ཞུས་པ་བརྒྱུད་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཀྱི་ཡིག་ཚགས་བཟོས་པའི་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་རང་སོ་སོའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྣམས་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་བར་བརྗེ་རེས་བྱས་ཆོགབཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་གནས་ཤུལ་དངོས་བརྗེ་རེས་བྱས་ན་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་འཐོབ་དགོས། 

དོན་ཚན་ཞེ་གཉིས་པ། བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཀྱི་ཡིག་ཚགས་བཟོས་མེད་པའི་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་བཞི་བཅུ་པ་དང་དོན་ཚན་ཞེ་གཅིག་པའི་གཏན་འབེབས་ལྟར་དེའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཐག་གཅོད་བྱས་མི་ཆོག

དོན་ཚན་ཞེ་གསུམ་པ། བཅའ་ཁྲིམས་ལྟར་གཞུང་ལ་དབང་བའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་གཏོང་ལེན་དང་། བརྗེ་རེས། གཡར་སྤྱོད་བཅས་བྱ་དགོས་ན། རིག་གནས་ཤུལ་དངོས་ཐོབ་པའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་རིག་གནས་ཤུལ་དངོས་འདོན་སྤྲོད་བྱེད་མཁན་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་ལ་ལུགས་མཐུན་གྱི་ཁ་གསབ་སྤྲད་ཆོག་ཅིང་། དོ་དམ་བྱ་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ། 

གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་རིག་གནས་ཤུལ་དངོས་གཏོང་སྤྲོད་དང་། བརྗེ་རེས། གཡར་གཏོང་བཅས་བྱས་པ་ལས་ཐོབ་པའི་གསབ་དངུལ་ངེས་པར་དུ་རིག་གནས་ཤུལ་དངོས་ཉར་ཚགས་བྱ་རྒྱུའི་ཆ་རྐྱེན་ལེགས་བཅོས་དང་རིག་གནས་ཤུལ་དངོས་གསར་པ་འཚོལ་བསྡུ་བྱ་རྒྱུར་སྤྱོད་དགོས་པ་ལས་གཞན་སྤྱོད་བྱས་མི་ཆོག་ལ། སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་ཀྱང་བཙན་བཟུང་བྱས་མི་ཆོག

རིག་གནས་ཤུལ་དངོས་གཏོང་ལེན་དང་། བརྗེ་རེས། གཡར་སྤྱོད་བཅས་བྱས་པ་རྣམས་ངེས་པར་དུ་ཉར་ཚགས་དོ་དམ་དམ་ནན་བྱེད་དགོས་པ་ལས་བོར་བརླག་དང་གཏོར་བརླག་བཏང་མི་ཆོག

དོན་ཚན་ཞེ་བཞི་པ། གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་སྡེ་ཚན་དང་སྐྱེ་བོ་གཞན་ལ་ལག་རྟགས་སུ་ཕུལ་བ་དང་། བོགས་མར་བཏང་བའམ་བཙོངས་པ་བཅས་བྱས་མི་ཆོག

དོན་ཚན་ཞེ་ལྔ་པ། གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་སྔར་བཞིན་ཉར་ཚགས་མི་བྱེད་པའི་རིག་གནས་ཤུལ་དངོས་རྣམས་ཐག་གཅོད་བྱ་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོགས་སུ་གཏན་འབེབས་བྱ་རྒྱུ། 

དོན་ཚན་ཞེ་དྲུག་པ། བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཉམས་གསོ་བྱེད་སྐབས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་སྔར་ཡོད་རིག་གནས་ཤུལ་དངོས་ཀྱི་བཟོ་དབྱིབས་ལ་འགྱུར་བ་བཏང་མི་ཆོགབཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་འདྲ་བཟོ་དང་། པར་ལེན། རྡོ་པར་རྒྱག་པ་བཅས་བྱེད་སྐབས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྣམས་ལ་གནོད་སྐྱོན་བཏང་མི་ཆོག། དེའི་དོ་དམ་བྱ་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ། 

གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་རྐྱང་པ་ཉམས་གསོ་དང་། འདྲ་བཟོ། པར་ལེན། རྡོ་པར་རྒྱག་པ་བཅས་ཀྱི་ཐད་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་སྤྱད་འཐུས། 

དོན་ཚན་ཞེ་བདུན་པ། དངོས་མང་བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གཞན་དག་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་མེ་འགོག་དང་། རྐུན་འགོག། རང་བྱུང་གནོད་སྐྱོན་འགོག་པ་བཅས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ནས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཉེན་མེད་ཡོང་བའི་འགན་ལེན་བྱེད་དགོས། 

དོན་ཚན་ཞེ་བརྒྱད་པ། བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་གནས་ཤུལ་དངོས་གཏོར་བརླག་ཏུ་སོང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཞིབ་བཤེར་ཐག་གཅོད་བྱེད་རོགས་ཞུ་དགོས། བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་གཞན་དག་གཏོར་བརླག་ཏུ་སོང་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཞིབ་བཤེར་ཐག་གཅོད་བྱེད་་རོགས་ཞུ་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་ཐག་གཅོད་བྱས་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། 

བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྐུ་ཁྱེར་དང་། བཙན་འཕྲོག་གམ་བོར་བརླག་ཏུ་སོང་ན། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་ལམ་སེང་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས་པ་དང་དུས་མཚུངས་སུ་གཙོ་སྐྱོང་བྱེད་མཁན་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལའང་སྙན་སེང་ཞུ་དགོས། 

དོན་ཚན་ཞེ་དགུ་པ། རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་དང་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་ལས་སྒྲུབ་མི་སྣས་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་གཡར་སྤྱོད་བྱས་མི་ཆོག་པ་དང་། གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཁྲིམས་དང་མི་མཐུན་པར་བཙན་བཟུང་བྱས་མི་ཆོག

6 ལེའུ་ལྔ་པ། དམངས་ཁྲོད་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་སྐོར། 

དོན་ཚན་ལྔ་བཅུ་པ། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་ཕུད་པའི་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་བྱ་ཐབས་གཤམ་གསལ་ལ་བརྟེན་ནས་ཐོབ་པའི་རིག་གནས་ཤུལ་དངོས་ཉར་ཚགས་བྱས་ཆོག་པ་སྟེ། 

(གཅིག)ཁྲིམས་ལྟར་རྒྱུད་འཛིན་ནམ་ལག་རྟགས་སུ་འབུལ་བ་དང་ལེན་བྱས་པ་དང་། 

(གཉིས)རིག་གནས་ཤུལ་དངོས་ཚོང་ཁང་ནས་ཉོས་པ། 

(གསུམ)རིག་གནས་ཤུལ་དངོས་ཕམ་ཚོང་རྒྱག་པའི་གོང་བཅག་ཚོང་སྒྱུར་བྱེད་མཁན་ཁེ་ལས་ནས་ཉོས་པ། 

(བཞི)སྤྱི་དམངས་སྒེར་ལ་ཁྲིམས་མཐུན་གྱི་སྒོ་ནས་ཡོད་པའི་རིག་གནས་ཤུལ་དངོས་ཕན་ཚུན་བརྗེ་རེས་སམ་ཁྲིམས་ལྟར་བཤུག་རེས་བྱས་པ། 

(ལྔ)རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་མཐུན་གྱི་བྱེད་ཐབས་གཞན་དག་བཅས་ཡིན། 

རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་ཕུད་པའི་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་ཉར་ཚགས་བྱས་པའི་གོང་གསལ་ནང་གསེས་དོན་ཚན་ལ་འཁོད་པའི་རིག་གནས་ཤུལ་དངོས་རྣམས་ཁྲིམས་ལྟར་འགྲོ་རྒྱུག་བྱས་ཆོག

དོན་ཚན་ང་གཅིག་པ། སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་གཤམ་གསལ་གྱི་རིག་གནས་ཤུལ་དངོས་ཉོ་ཚོང་བྱས་མི་ཆོག་པ་སྟེ། 

(གཅིག)རྒྱལ་ཁབ་ཀྱིས་ཉོ་ཚོང་བྱེད་དུ་བཅུག་པ་ཕུད་པའི་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་རྣམས་དང་། 

(གཉིས)གཞུང་ལ་དབང་བ་མིན་པའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྩ་ཆེན། 

(གསུམ)གཞུང་ལ་དབང་བའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ནང་གི་ལྡེབས་རིས་དང་། འཇིམ་སྐུ། རྩིག་བཟོས་ཀྱི་ལྷུ་ལག་སོགས་ཡིན་མོད། འོན་ཀྱང་ཁྲིམས་ལྟར་བཤིག་པའི་གཞུང་ལ་དབང་བའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ནང་གི་ལྡེབས་རིས་དང་། འཇིམ་སྐུ། རྩིག་བཟོས་ཀྱི་ལྷུ་ལག་སོགས་བཅའ་ཁྲིམས་འདིའི་དོན་ཚན་ཉི་ཤུ་པའི་ནང་གསེས་དོན་ཚན་བཞི་པར་གཏན་འབེབས་བྱས་པའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་ཉར་ཚགས་བྱེད་དགོས་རིགས་དེའི་ཁོངས་སུ་མི་ཚུད། 

(བཞི)ཡོང་ཁུངས་བཅའ་ཁྲིམས་འདིའི་དོན་ཚན་ལྔ་བཅུ་པར་གཏན་འབེབས་བྱས་པའི་རིག་གནས་ཤུལ་དངོས་དང་མི་མཐུན་པ་བཅས་ཡིན། 

དོན་ཚན་ང་གཉིས་པ། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་ཕུད་པའི་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་སོ་སོས་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྣམས་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་ལ་ལེགས་སྐྱེས་སུ་འབུལ་བའམ་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་ལ་གཡར་ནས་འགྲེམས་སྟོན་དང་ཞིབ་འཇུག་བྱེད་དུ་བཅུག་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ། 

གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་ལེགས་སྐྱེས་སུ་འབུལ་མཁན་གྱི་འདོད་བློར་བརྩི་འཇོག་བྱ་རྒྱུ་དང་དེའི་འདོད་བློ་ལྟར་ལེགས་སྐྱེས་སུ་ཕུལ་བའི་རིག་གནས་ཤུལ་དངོས་རྣམས་ཉར་ཚགས་དང་། དོ་དམ། འགྲེམས་སྟོན་བཅས་གང་ལེགས་བྱེད་དགོས། 

རྒྱལ་ཁབ་ཀྱིས་རྒྱལ་ཁོངས་ཕྱི་རུ་དྲངས་མི་ཆོག་པའི་རིག་གནས་ཤུལ་དངོས་རྣམས་ཕྱི་གླིང་པར་བཤུག་པ་དང་། བོགས་གཏོང་། གཏའ་མར་འཇོག་པ་བཅས་གཏན་འགོག་བྱ་རྒྱུ། 

དོན་ཚན་ང་གསུམ་པ། རིག་གནས་ཤུལ་དངོས་ཚོང་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གམ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོས་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་བཀོད་དེ་འཛུགས་དགོས་པ་དང་། ཁྲིམས་ལྟར་དོ་དམ་བྱེད་དགོས། 

རིག་གནས་ཤུལ་དངོས་ཚོང་ཁང་གིས་རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་འཚོང་བའི་ཚོང་གཉེར་བྱེད་སྒོ་སྤེལ་མི་ཆོག་པ་དང་། རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་འཚོང་བའི་ཚོང་གཉེར་བྱེད་མཁན་ཁེ་ལས་འཛུགས་གཉེར་བྱས་མི་ཆོག

དོན་ཚན་ང་བཞི་པ། ཁྲིམས་ལྟར་བཙུགས་པའི་རིན་གོང་གང་མཐོ་བར་འཚོང་བའི་ཚོང་གཉེར་བྱེད་མཁན་ཁེ་ལས་ཀྱིས་རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་འཚོང་བའི་ཚོང་གཉེར་བྱེད་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་སྤྲད་པའི་རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་བཙོངས་ཆོག་པའི་འཁྲོལ་འཛིན་འཐོབ་དགོས། 

རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་འཚོང་བའི་ཚོང་གཉེར་བྱེད་མཁན་ཁེ་ལས་ཀྱིས་རིག་གནས་ཤུལ་དངོས་ཉོ་ཚོང་གཉེར་བའི་བྱེད་སྒོ་སྤེལ་མི་ཆོག་པ་དང་། རིག་གནས་ཤུལ་དངོས་ཚོང་ཁང་བཙུགས་མི་ཆོག

དོན་ཚན་ང་ལྔ་པ། རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་ལས་བྱེད་མི་སྣ་རྣམས་ཀྱིས་རིག་གནས་ཤུལ་དངོས་ཚོང་ཁང་ངམ་རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་འཚོང་བའི་ཚོང་གཉེར་བྱེད་མཁན་ཁེ་ལས་འཛུགས་གཉེར་བྱས་མི་ཆོག་པའམ་དེ་འཛུགས་གཉེར་བྱེད་པར་ཞུགས་མི་ཆོག

རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་རིག་གནས་ཤུལ་དངོས་ཚོང་ཁང་ངམ་རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་འཚོང་བའི་ཚོང་གཉེར་བྱེད་མཁན་ཁེ་ལས་འཛུགས་གཉེར་བྱས་མི་ཆོག་པའམ་དེ་འཛུགས་གཉེར་བྱེད་པར་ཞུགས་མི་ཆོག

ཀྲུང་ཕྱི་མ་དངུལ་མཉམ་འཇོག་དང་། ཀྲུང་ཕྱི་མཉམ་ལས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་ཁེར་འཇོག་བཅས་ཀྱིས་རིག་གནས་ཤུལ་དངོས་ཚོང་ཁང་འཛུགས་པའམ་རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་འཚོང་བའི་ཚོང་གཉེར་བྱེད་མཁན་ཁེ་ལས་འཛུགས་གཉེར་བྱས་མི་ཆོག

ཆོག་མཆན་ཐོབ་པའི་རིག་གནས་ཤུལ་དངོས་ཚོང་ཁང་དང་རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་འཚོང་བའི་ཚོང་གཉེར་བྱེད་མཁན་ཁེ་ལས་ཕུད་པའི་སྡེ་ཚན་གང་ཞིག་གམ་སྐྱེ་བོ་གཞན་དག་གིས་རིག་གནས་ཤུལ་དངོས་ཚོང་གཉེར་བྱེད་སྒོ་སྤེལ་མི་ཆོག

དོན་ཚན་ང་དྲུག་པ། རིག་གནས་ཤུལ་དངོས་ཚོང་ཁང་གིས་ཕྱིར་འཚོང་བྱ་རྒྱུའི་རིག་གནས་ཤུལ་དངོས་ཕྱིར་འཚོང་མ་བྱས་གོང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱ་དགོས་ཤིང་། ཕྱིར་འཚོང་བྱས་ཆོག་རིགས་ལ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་མཚོན་རྟགས་རྒྱག་དགོས། 

རིན་གོང་གང་མཐོ་བར་འཚོང་བའི་ཁེ་ལས་ཀྱིས་རིག་གནས་ཤུལ་དངོས་འཚོང་རིགས་རིན་གོང་གང་མཐོ་མ་བཙོངས་གོང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། 

དོན་ཚན་ང་བདུན་པ། རིག་གནས་ཤུལ་དངོས་ཚོང་ཁང་གིས་རིག་གནས་ཤུལ་དངོས་ཉོ་སྒྲུབ་དང་། ཕྱིར་འཚོང་བྱེད་པ་དང་། རིན་གོང་གང་མཐོ་བར་འཚོང་བའི་ཁེ་ལས་ཀྱིས་རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་འཚོང་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཟིན་ཐོ་རྒྱག་དགོས་པ་མ་ཟད། དང་ཐོག་ཞིབ་བཤེར་གཏན་འབེབས་བྱས་པའི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། 

རིག་གནས་ཤུལ་དངོས་རིན་གོང་གང་མཐོ་བར་ཕྱིར་འཚོང་བྱེད་སྐབས་མངགས་བཅོལ་བྱེད་མཁན་དང་ཉོ་མཁན་གྱིས་རང་གི་ཐོབ་ཐང་གསང་བ་བྱ་དགོས་པའི་རེ་འདུན་ཞུས་ན། རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་དེའི་དོན་དུ་གསང་སྲུང་བྱེད་དགོས། འོན་ཀྱང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་ཡོད་རིགས་དེའི་ཁོངས་སུ་མི་ཚུད། 

དོན་ཚན་ང་བརྒྱད་པ། རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རིན་གོང་གང་མཐོ་བར་ཕྱིར་འཚོང་གྲབས་ཡོད་པའི་རིག་གནས་ཤུལ་དངོས་ཞིབ་བཤེར་གཏན་འབེབས་བྱེད་སྐབས་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་དེའི་ནང་གི་རིག་གནས་ཤུལ་དངོས་རྩ་ཆེན་དམིགས་བསལ་གྱིས་སྔོན་ལ་ཉོ་སྒྲུབ་བྱ་རྒྱུའི་དམིགས་འཛུགས་བྱས་ཆོག། ཉོ་གོང་ནི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་འཐུས་ཚབ་དང་རིག་གནས་ཤུལ་དངོས་མངགས་བཅོལ་བྱེད་མཁན་གྱིས་གྲོས་མོལ་བྱས་ཏེ་གཏན་འཁེལ་བྱ་རྒྱུ། 

དོན་ཚན་ང་དགུ་པ། དངུལ་ཁང་དང་། བཙོ་སྦྱང་བཟོ་གྲྭ། ཤོག་བུ་བཟོ་གྲྭ་བཅས་དང་དེ་བཞིན་དངོས་རྫས་རྙིང་ཧྲུལ་ཚུར་སྡུད་སྡེ་ཚན་གྱིས་ས་གནས་དེ་གའི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་དང་མཉམ་དུ་གསེར་དངུལ་དངོས་རྫས་དང་དངོས་རྫས་རྙིང་ཧྲུལ་ནང་བསྲེས་པའི་རིག་གནས་ཤུལ་དངོས་འདེམས་སྒྲུག་བྱེད་འགན་འཁུར་དགོས། འདེམས་སྒྲུག་བྱས་པའི་རིག་གནས་ཤུལ་དངོས་ལས་དངུལ་ཁང་གི་ཞིབ་འཇུག་ཁང་ལ་དགོས་ངེས་ཡིན་པའི་ལོ་རྒྱུས་ལས་ཤུལ་དུ་ལུས་པའི་དངུལ་ལོར་མི་དམངས་དངུལ་ཁང་གིས་ཉར་ཆོག་པ་ཕུད། དེ་བྱིངས་ས་གནས་དེ་གའི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་སྤྲོད་དགོས། འདེམས་སྒྲུག་བྱས་པའི་རིག་གནས་ཤུལ་དངོས་སྤྲོད་མཁན་ལ་ལུགས་མཐུན་གྱི་གསབ་དངུལ་སྤྲོད་དགོས། 

7 ལེའུ་དྲུག་པ། རིག་གནས་ཤུལ་དངོས་རྒྱལ་ཁོངས་ཕྱི་ནང་དུ་གཏོང་འདྲེན་བྱེད་ཕྱོགས་སྐོར། 

དོན་ཚན་དྲུག་ཅུ་པ། གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་དང་གཞུང་ལ་དབང་བ་མིན་པའི་རིག་གནས་ཤུལ་དངོས་ནང་གི་རིག་གནས་ཤུལ་དངོས་རྩ་ཆེན་དང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁོངས་ཀྱི་ཕྱི་རུ་བཏང་མི་ཆོག་པའི་རིག་གནས་ཤུལ་དངོས་གཞན་དག་རྣམས་རྒྱལ་ཁོངས་ཀྱི་ཕྱི་རུ་བཏང་མི་ཆོགའོན་ཀྱང་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་རྒྱལ་ཁོངས་ཀྱི་ཕྱི་རུ་འགྲེམས་སྟོན་བྱ་རྒྱུའམ་དགོས་མཁོ་དམིགས་བསལ་གྱི་དབང་གིས་རྒྱལ་ཁོངས་ཀྱི་ཕྱི་རུ་གཏོང་རྒྱུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་རིགས་དེའི་ཁོངས་སུ་མི་ཚུད། 

དོན་ཚན་རེ་གཅིག་པ། རིག་གནས་ཤུལ་དངོས་རྒྱལ་ཁོངས་ཀྱི་ཕྱི་རུ་གཏོང་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་རིག་གནས་ཤུལ་དངོས་ཕྱིར་གཏོང་ནང་འདྲེན་བྱེད་པར་ཞིབ་བཤེར་གཏན་འབེབས་བྱེད་མཁན་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱེད་དགོས། ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་རྒྱལ་ཁོངས་ཀྱི་ཕྱི་རུ་བཏང་ཆོག་པའི་རིག་གནས་ཤུལ་དངོས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རིག་གནས་ཤུལ་དངོས་རྒྱལ་ཁོངས་ཀྱི་ཕྱི་རུ་བཏང་ཆོག་པའི་འཁྲོལ་འཛིན་སྤྲོད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་འགག་སྒོ་ནས་རྒྱལ་ཁོངས་ཕྱི་རུ་གཏོང་རྒྱུ། 

སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་རིག་གནས་ཤུལ་དངོས་འདྲེན་སྐྱེལ་དང་། སྦྲག་ཐོག་སྐུར་བ། ཁྱེར་བ་བཅས་ཀྱི་སྒོ་ནས་རྒྱལ་ཁོངས་ཀྱི་ཕྱི་རུ་འདྲེན་སྐབས་འགག་སྒོར་སྙན་ཞུ་འབུལ་དགོས་ཤིང་། འགག་སྒོས་རིག་གནས་ཤུལ་དངོས་རྒྱལ་ཁོངས་ཀྱི་ཕྱི་རུ་བཏང་ཆོག་པའི་འཁྲོལ་འཛིན་ལ་བལྟས་ནས་ཕྱི་རུ་འདྲེན་དུ་འཇུག་རྒྱུ། 

དོན་ཚན་རེ་གཉིས་པ། རིག་གནས་ཤུལ་དངོས་རྒྱལ་ཁོངས་ཀྱི་ཕྱི་རུ་འགྲེམས་སྟོན་བྱེད་པར་འདྲེན་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་མཆན་འགོད་ཐོབ་རེ་ཞུ་དགོས་ཤིང་། རིག་གནས་ཤུལ་དངོས་རིམ་པ་དང་པོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་གྲངས་ལས་བརྒལ་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་མཆན་འགོད་ཐོབ་རེ་ཞུ་དགོས། 

རིག་གནས་ཤུལ་དངོས་རིམ་པ་དང་པོའི་ཁྲོད་ཀྱི་རིག་གནས་ཤུལ་དངོས་དཀོན་རིགས་དང་ཆག་སླ་རིགས་རྒྱལ་ཁོངས་ཀྱི་ཕྱི་རུ་འགྲེམས་སྟོན་བྱ་རྒྱུར་བཏང་མི་ཆོག

རྒྱལ་ཁོངས་ཀྱི་ཕྱི་རུ་འགྲེམས་སྟོན་བྱེད་པར་འདྲེན་རྒྱུའི་རིག་གནས་ཤུལ་དངོས་རྒྱལ་ཁོངས་ཕྱི་རུ་འདྲེན་སྐབས་རིག་གནས་ཤུལ་དངོས་ཕྱིར་གཏོང་ནང་འདྲེན་བྱེད་པར་ཞིབ་བཤེར་གཏན་འབེབས་བྱེད་མཁན་སྒྲིག་གཞིས་ཞིབ་བཤེར་གཏན་འབེབས་དང་ཐོ་འགོད་བྱ་རྒྱུ། འགག་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་ཡིག་ཆར་བལྟས་ནས་ཕྱི་རུ་འདྲེན་དུ་འཇུག་རྒྱུ། རྒྱལ་ཁོངས་ཀྱི་ཕྱི་རུ་འགྲེམས་སྟོན་བྱེད་པར་དྲངས་པའི་རིག་གནས་ཤུལ་དངོས་རྒྱལ་ཁོངས་ནང་ནང་འདྲེན་བྱེད་སྐབས་དང་ཐོག་རིག་གནས་ཤུལ་དངོས་ཕྱིར་གཏོང་ནང་འདྲེན་བྱེད་པར་ཞིབ་བཤེར་གཏན་འབེབས་བྱེད་མཁན་སྒྲིག་གཞིས་ཞིབ་དཔྱད་བསྡུར་བཤེར་བྱ་རྒྱུ། 

དོན་ཚན་རེ་གསུམ་པ། རིག་གནས་ཤུལ་དངོས་རྒྱལ་ཁོངས་ནང་གནས་སྐབས་ནང་འདྲེན་བྱེད་དུས་འགག་སྒོར་སྙན་འབུལ་ཞུ་དགོས་པ་མ་ཟད། རིག་གནས་ཤུལ་དངོས་ཕྱིར་གཏོང་ནང་འདྲེན་བྱེད་པར་ཞིབ་བཤེར་གཏན་འབེབས་བྱེད་མཁན་སྒྲིག་གཞིར་ཞིབ་བཤེར་གཏན་འབེབས་དང་ཐོ་འགོད་བྱ་རྒྱུའི་སྙན་འབུལ་ཡང་ཞུ་དགོས། 

རྒྱལ་ཁོངས་ནང་གནས་སྐབས་ནང་འདྲེན་བྱས་པའི་རིག་གནས་ཤུལ་དངོས་བསྐྱར་དུ་ཕྱི་རུ་འདྲེན་སྐབས་ངེས་པར་དུ་དང་ཐོག་ཞིབ་བཤེར་གཏན་འབེབས་དང་ཐོ་འགོད་བྱས་པའི་རིག་གནས་ཤུལ་དངོས་ཕྱིར་གཏོང་ནང་འདྲེན་བྱེད་པར་ཞིང་བཤེར་གཏན་འབེབས་བྱེད་མཁན་སྒྲིག་གཞིས་ཞིབ་དཔྱད་བསྡུར་བཤེར་བྱེད་དགོས། ཞིབ་དཔྱད་བསྡུར་བཤེར་བྱས་ནས་འཕྱུགས་མེད་ཡིན་ཕྱིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རིག་གནས་ཤུལ་དངོས་རྒྱལ་ཁོངས་ཀྱི་ཕྱི་རུ་བཏང་ཆོག་པའི་འཁྲོལ་འཛིན་སྤྲོད་རྒྱུ་དང་། འགག་སྒོས་རིག་གནས་ཤུལ་དངོས་རྒྱལ་ཁོངས་ཀྱི་ཕྱི་རུ་བཏང་ཆོག་པའི་འཁྲོལ་འཛིན་ལ་བལྟས་ནས་ཕྱི་རུ་འདྲེན་དུ་འཇུག་རྒྱུ། 

8 ལེའུ་བདུན་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར། 

དོན་ཚན་རེ་བཞི་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་སྤྱོད་ཚུལ་ལས་རིགས་གཅིག་བྱུང་ཞིང་བྱས་ཉེས་སུ་གྲུབ་ན་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་དགོས་པ་སྟེ། 

(གཅིག)གནའ་བོའི་རིག་གནས་རྗེས་ཤུལ་དང་གནའ་བོའི་བང་སོ་བསྔོགས་བཅོམ་བྱས་རིགས་དང་། 

(གཉིས)ཤེས་བཞིན་དུའམ་ལས་འཛོལ་ཤོར་ནས་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རིག་གནས་ཤུལ་དངོས་རྩ་ཆེན་གཏོར་བརླག་ཏུ་བཏང་རིགས། 

(གསུམ)གཞུང་ལ་དབང་བའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རང་དགར་ཕྱིར་ཚོང་བའམ་གཞུང་ལ་དབང་བ་མིན་པའི་སྡེ་ཚན་ནམ་མི་སྒེར་ལ་སྟེར་རིགས། 

(བཞི)རྒྱལ་ཁབ་ཀྱིས་རྒྱལ་ཁོངས་ཕྱི་རུ་འདྲེན་པར་གཏན་འགོག་བྱེད་པའི་རིག་གནས་ཤུལ་དངོས་རྩ་ཆེན་རང་དགར་ཕྱིར་ཚོང་བའམ་ཕྱི་གླིང་པར་སྟེར་རིགས། 

(ལྔ)ཁེ་སྤོགས་ཧམ་ལེན་བྱེད་ཆེད་རྒྱལ་ཁབ་ཀྱིས་ཚོང་གཉེར་གཏན་འགོག་བྱེད་པའི་རིག་གནས་ཤུལ་དངོས་ལྐོག་ཚོང་བྱས་རིགས། 

(དྲུག)རིག་གནས་ཤུལ་དངོས་ལྐོག་འདྲེན་ལྐོག་ཚོང་བྱས་རིགས། 

(བདུན)གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་རྐུ་ཁྱེར་དང་། ཧམ་འཕྲོག། ལྐོག་བགོས་བཅས་སམ་ཁྲིམས་འགལ་གྱིས་བཙན་བཟུང་བྱས་རིགས། 

(བརྒྱད)ཉེས་འགན་བདའ་འདེད་བྱ་དགོས་པའི་རིག་གནས་ཤུལ་དངོས་དོ་དམ་བྱ་རྒྱུར་གནོད་སྐྱོན་བཏང་བའི་སྤྱོད་ཚུལ་གཞན་དག་བཅས་ཡིན། 

དོན་ཚན་རེ་ལྔ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་རིག་གནས་ཤུལ་དངོས་རྩ་བརླག་དང་གཏོར་བརླག་བཏང་ན་བཅའ་ཁྲིམས་ལྟར་དམངས་དོན་གྱི་འགན་འཁྲི་འཁུར་དགོས། 

བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བདེ་སྲུང་དོ་དམ་ལས་འགལ་བའི་བྱ་སྤྱོད་དུ་གྲུབ་ན་སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་རྒྱུ། 

བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་ལྐོག་འདྲེན་ལྐོག་ཚོང་གི་བྱ་སྤྱོད་གྲུབ་རུང་བྱས་ཉེས་སུ་གྲུབ་མེད་ན། འགག་སྒོ་ནས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ། 

དོན་ཚན་རེ་དྲུག་པ། གཤམ་གསལ་གྱི་སྤྱོད་ཚུལ་ལས་རིགས་གཅིག་ཡོད་ཀྱང་བྱས་ཉེས་སུ་གྲུབ་མེད་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ངན་འབྲས་ཚབས་ཆེན་བཟོས་པ་ཡིན་ན་སྒོར་ཁྲི་ལྔ་ཡན་ནས་འབུམ་ལྔ་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་བ་ཡིན་ན་དང་ཐོག་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་ཐོབ་ཐང་གི་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ་སྟེ། 

(གཅིག)སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་སྲུང་སྐྱོབ་བྱེད་ཁོངས་སུ་རང་དགར་འཛུགས་སྐྲུན་ལས་གྲྭ་སྒྲུབ་པའམ་གས་གཏོར་དང་། གསོར་འབིགས་རྩད་ཞིབ། སྔོག་འདོན་སོགས་ཀྱི་ལས་སྒོ་སྤེལ་རིགས་དང་། 

(གཉིས)སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་འཛུགས་སྐྲུན་ཚོད་འཛིན་བྱེད་ཁོངས་སུ་འཛུགས་སྐྲུན་ལས་གྲྭ་སྒྲུབ་རིགས་ཀྱི་ལས་གྲྭའི་ཇུས་གཞིར་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་མོས་མཐུན་ཐོབ་མེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སྡེ་ཁག་ལ་མཆན་འགོད་ཐོབ་རེ་ཞུས་མེད་པར། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་ལོ་རྒྱུས་ཀྱི་རྣམ་པ་གཏོར་བཤིག་བཏང་རིགས། 

(གསུམ)གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་རང་དགར་གནས་སྤོ་དང་བཤིག་པའི་རིགས། 

(བཞི)རང་དགར་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཉམས་གསོ་བྱས་ནས་རིག་གནས་ཤུལ་དངོས་ཀྱི་སྔར་ཡོད་བཟོ་དབྱིབས་བཟོ་བཅོས་མངོན་གསལ་བྱས་རིགས། 

(ལྔ)སྔར་ཡོད་རིག་གནས་ཤུལ་དངོས་ཀྱི་གནས་ཡུལ་དུ་རང་དགར་གཏོར་བརླག་ཏུ་སོང་བའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་བསྐྱར་སྐྲུན་བྱས་ནས་རིག་གནས་ཤུལ་དངོས་གཏོར་བཤིག་བཏང་རིགས། 

(དྲུག)ཨར་ལས་སྡེ་ཚན་གྱིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་གྲྭ་བསྒྲུབ་རྒྱུའི་ཐོབ་ཐང་ལག་ཁྱེར་ཐོབ་མེད་པར་རང་དགར་རིག་གནས་ཤུལ་དངོས་ཉམས་གསོ་དང་། གནས་སྤོ། བསྐྱར་སྐྲུན་བཅས་བྱས་རིགས་བཅས་ཡིན། 

རིག་གནས་ཤུལ་དངོས་ཐོག་རི་མོ་རྐོ་འབྲི་དང་། བཙོག་པས་སྦགས་པའམ་དེ་གཏོར་སྐྱོན་གཏོང་བ་བཅས་ཀྱི་ཉེས་ཚབས་ཆེན་པོ་རང་མིན་པའམ་ཡང་ན་བཅའ་ཁྲིམས་འདིར་འཁོད་དོན་ཚན་བཅོ་ལྔ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་བཙུགས་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་མཚོན་རྟགས་གཏོར་བརླག་གཏོང་མཁན་ལ་སྤྱི་བདེ་ལས་ཁུངས་སམ་རིག་གནས་ཤུལ་དངོས་གནས་སའི་སྡེ་ཚན་ནས་ཐ་ཚིག་བསྒྲག་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་ཆབས་སྦྲགས་སུ་བཅད་ཆོག

དོན་ཚན་རེ་བདུན་པ། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་སྲུང་སྐྱོབ་བྱེད་ཁོངས་ནང་ངམ་འཛུགས་སྐྲུན་ཚོད་འཛིན་བྱེད་ཁོངས་སུ་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་དང་དེའི་ཁོར་ཡུག་འབག་བཙོག་བཟོ་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པའམ་ཡང་ན་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་དང་དེའི་ཁོར་ཡུག་འབག་བཙོག་བཟོས་པའི་སྒྲིག་བཀོད་ཡོད་རིགས་གཏན་འབེབས་བྱས་པའི་དུས་བཀག་ནང་བཅོས་སྐྱོང་བྱེད་འགན་མ་བསྒྲུབས་ན་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས་ཆད་པ་གཅོད་རྒྱུ། 

དོན་ཚན་རེ་བརྒྱད་པ། གཤམ་གསལ་གྱི་སྤྱོད་ཚུལ་ལས་རིགས་གཅིག་ཡོད་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་གཅིག་ཡན་ཟིན་རིགས་ལ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཁྲི་གཅིག་ཟིན་མེད་རིགས་ལ་དངུལ་སྒོར་ལྔ་སྟོང་ཡན་ནས་ཁྲི་གཉིས་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་སྟེ། 

(གཅིག)གཞུང་ལ་དབང་བའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་གཞན་ལ་བཤུག་པའམ་གཏའ་མར་བཞག་པ་དང་། ཡང་ན་གཞུང་ལ་དབང་བའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཁེ་ལས་ཀྱི་རྒྱུ་ནོར་དུ་བརྩིས་ནས་གཉེར་སྐྱོང་བྱས་རིགས་དང་། 

(གཉིས)གཞུང་ལ་དབང་བ་མིན་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཕྱི་གླིང་པར་བཤུག་པའམ་གཏའ་མར་བཞག་རིགས། 

(གསུམ)གཞུང་ལ་དབང་བའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་གྱི་སྤྱོད་སྒོ་རང་དགར་བསྒྱུར་རིགས་བཅས་ཡིན། 

དོན་ཚན་རེ་དགུ་པ། ལོ་རྒྱུས་དང་རིག་གནས་གྲོང་ཁྱེར་གྲགས་ཅན་གྱི་བཀོད་པ་དང་། ཁོར་ཡུག། ལོ་རྒྱུས་ཀྱི་རྣམ་པ་སོགས་ལ་གཏོར་བཤིག་ཚབས་ཆེན་ཕོག་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེའི་ལོ་རྒྱུས་དང་རིག་གནས་གྲོང་ཁྱེར་གྲགས་ཅན་གྱི་མཚན་སྙན་ཕྱིར་འཐེན་བྱ་རྒྱུ་དང་། ལོ་རྒྱུས་དང་རིག་གནས་གྲོང་ཁྱེར་དང་གྲོང་རྡལ་དང་། ཁྲོམ་ལམ། གྲོང་ཚོ་བཅས་ཀྱི་བཀོད་པ་དང་། ཁོར་ཡུགལོ་རྒྱུས་ཀྱི་རྣམ་པ་སོགས་ལ་གཏོར་བཤིག་ཚབས་ཆེན་ཕོག་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དེའི་ལོ་རྒྱུས་དང་རིག་གནས་ཁྲོམ་ཁུལ་དང་། གྲོང་ཚོ་དང་གྲོང་རྡལ་བཅས་ཀྱི་མཚན་སྙན་ཕྱིར་འཐེན་བྱ་རྒྱུ། དེའི་ཁག་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ། 

དོན་ཚན་བདུན་ཅུ་པ། གཤམ་གསལ་སྤྱོད་ཚུལ་ལས་རིགས་གཅིག་ཡོད་ཀྱང་བྱས་ཉེས་སུ་གྲུབ་མེད་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་འབྲེལ་སྒོར་ཁྲི་གཉིས་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག་ཅིང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་སྟེ། 

(གཅིག)རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་མེ་འགོག་དང་། རྐུན་འགོག། རང་བྱུང་གི་གནོད་སྐྱོན་འགོག་པ་བཅས་ཀྱི་སྒྲིག་བཀོད་བཀོད་སྒྲིག་བྱས་མེད་རིགས་དང་། 

(གཉིས)གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་ཁྲིམས་བཀོད་འཐུས་ཚབ་ལས་གནས་ལས་བྲལ་སྐབས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཀྱི་ཡིག་ཚགས་ལྟར་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྩིས་སྤྲོད་བྱས་མེད་པ་དང་། ཡང་ན་རྩིས་སྤྲོད་བྱས་པའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་དང་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཀྱི་ཡིག་ཚགས་དང་མི་མཐུན་པའི་རིགས། 

(གསུམ)གཞུང་ལ་དབང་བའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་སྡེ་ཚན་དང་མི་སྒེར་གཞན་དག་ལ་ཕུལ་བ་དང་བོགས་མར་བཏང་བའམ་ཕྱིར་ཚོང་བྱས་པ་བཅས་ཀྱི་རིགས། 

(བཞི)བཅའ་ཁྲིམས་འདིའི་དོན་ཚན་བཞི་བཅུ་པ་དང་། ཞེ་གཅིག་པ། ཞེ་ལྔ་པ་བཅས་ཀྱི་གཏན་འབེབས་དང་འགལ་ཏེ་གཞུང་ལ་དབང་བའི་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཐག་གཅོད་བྱས་རིགས། 

(ལྔ)བཅའ་ཁྲིམས་འདིའི་དོན་ཚན་ཞེ་གསུམ་པའི་གཏན་འབེབས་དང་འགལ་ཏེ་བཅའ་ཁྲིམས་ལྟར་རིག་གནས་ཤུལ་དངོས་གཏོང་སྤྲོད་དང་། བརྗེ་རེས། ཕྱིར་གཡར་བ་བཅས་བྱས་པ་ལས་ཐོབ་པའི་གུན་གསབ་གྲོན་དངུལ་གཞན་སྤྱོད་དམ་བཙན་བཟུང་བྱས་རིགས་བཅས་ཡིན། 

དོན་ཚན་དོན་གཅིག་པ། རྒྱལ་ཁབ་ཀྱིས་ཉོ་འཚོང་བྱེད་རིགས་གཏན་འགོག་བྱེད་པའི་རིག་གནས་ཤུལ་དངོས་ཉོ་འཚོང་བྱས་པའམ་རྒྱལ་ཁོངས་ཕྱིར་འདྲེན་རིགས་གཏན་འགོག་བྱེད་པའི་རིག་གནས་ཤུལ་དངོས་ཕྱི་གླིང་པར་བཤུག་པ་དང་། བོགས་མར་གཏོང་བ། གཏའ་མར་འཇོག་པ་བཅས་བྱས་ཀྱང་བྱས་ཉེས་སུ་གྲུབ་མེད་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་དངུལ་སྒོར་ཁྲི་གཅིག་ཡན་ཟིན་རིགས་ལ་ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་དངུལ་གྱི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་དངུལ་སྒོར་ཁྲི་གཅིག་ལོན་མེད་པར་དངུལ་སྒོར་ལྔ་སྟོང་ཡན་ནས་ཁྲི་གཉིས་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། 

དོན་ཚན་དོན་གཉིས་པ། བཀའ་འཁྲོལ་བྱུང་མེད་པར་རང་དགར་རིག་གནས་ཤུལ་དངོས་ཚོང་ཁང་བཙུགས་པ་དང་། རིག་གནས་ཤུལ་དངོས་གོང་གང་མཐོར་འཚོང་བའི་ཁེ་ལས་གཉེར་སྐྱོང་བྱས་པའམ་རང་དགར་རིག་གནས་ཤུལ་དངོས་ཚོང་གཉེར་བྱེད་སྒོ་སྤེལ་རུང་བྱས་ཉེས་སུ་གྲུབ་མེད་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་བཀག་སྡོམ་བྱ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་དང་ཁྲིམས་དང་མི་མཐུན་པར་གཉེར་སྐྱོང་བྱེད་པའི་རིག་གནས་ཤུལ་དངོས་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་དངུལ་སྒོར་ཁྲི་ལྔ་ཡན་ཟིན་རིགས་ལ་ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་དངུལ་གྱི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་དང་། ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་དངུལ་སྒོར་ཁྲི་ལྔ་ཟིན་མེད་རིགས་ལ་སྒོར་ཁྲི་གཉིས་ཡན་ནས་ཁྲི་བཅུ་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། 

དོན་ཚན་དོན་གསུམ་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་རིགས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་གྱི་ཐོབ་ཆ་དང་ཁྲིམས་དང་མི་མཐུན་པར་གཉེར་སྐྱོང་བྱས་པའི་རིག་གནས་ཤུལ་དངོས་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་དངུལ་སྒོར་ཁྲི་ལྔ་ཡན་ཟིན་རིགས་ལ་ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་དངུལ་གྱི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་དང་། ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་དངུལ་སྒོར་ཁྲི་ལྔ་ཟིན་མེད་པའི་རིགས་ལ་སྒོར་ལྔ་སྟོང་ཡན་ནས་ཁྲི་ལྔ་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ཡིན་ཕྱིན། དང་ཐོག་འཁྲོལ་འཛིན་སྤྲོད་མཁན་ལས་ཁུངས་ཀྱིས་དེའི་འཁྲོལ་འཛིན་རྩིས་མེད་དུ་གཏོང་རྒྱུ་སྟེ། 

(གཅིག)རིག་གནས་ཤུལ་དངོས་ཚོང་ཁང་གིས་རིག་གནས་ཤུལ་དངོས་གོང་གང་མཐོར་འཚོང་བའི་བྱེད་སྒོ་སྤེལ་རིགས་དང་། 

(གཉིས)རིག་གནས་ཤུལ་དངོས་གོང་གང་མཐོར་འཚོང་བའི་ལས་སྒོ་གཉེར་མཁན་ཁེ་ལས་ཀྱིས་རིག་གནས་ཤུལ་དངོས་ཉོ་འཚོང་གི་ལས་སྒོ་སྤེལ་རིགས། 

(གསུམ)རིག་གནས་ཤུལ་དངོས་ཚོང་ཁང་གིས་ཕྱིར་འཚོང་བའི་རིག་གནས་ཤུལ་དངོས་དང་གོང་གང་མཐོར་འཚོང་བའི་ཁེ་ལས་ཀྱིས་གོང་གང་མཐོར་འཚོང་བའི་རིག་གནས་ཤུལ་དངོས་ཞིབ་བཤེར་གཏན་འབེབས་བྱས་མེད་རིགས། 

(བཞི)རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་རིག་གནས་ཤུལ་དངོས་ཚོང་གཉེར་བྱེད་སྒོ་སྤེལ་རིགས་བཅས་ཡིན། 

དོན་ཚན་དོན་བཞི་པ། གཤམ་གསལ་སྤྱོད་ཚུལ་ལས་རིགས་གཅིག་ཡོད་ཀྱང་བྱས་ཉེས་སུ་གྲུབ་མེད་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་གཙོ་སྐྱོང་སྡེ་ཁག་གིས་སྤྱི་བདེ་ལས་ཁུངས་དང་མཉམ་དུ་རིག་གནས་ཤུལ་དངོས་བདའ་འདེད་བྱ་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་སྒོར་ལྔ་སྟོང་ཡན་ནས་ཁྲི་ལྔ་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ་སྟེ། 

(གཅིག)རིག་གནས་ཤུལ་དངོས་རྙེད་ནས་སྦས་སྐུང་བྱས་ཏེ་སྙན་སེང་མ་ཞུས་པའམ་གོང་འབུལ་མ་བྱས་པའི་རིགས་དང་། 

(གཉིས)གཏན་འབེབས་ལྟར་འདེམས་སྒྲུག་བྱས་པའི་རིག་གནས་ཤུལ་དངོས་རྩིས་སྤྲོད་མ་བྱས་པའི་རིགས་ཡིན། 

དོན་ཚན་དོན་ལྔ་པ། གཤམ་གསལ་གྱི་སྤྱོད་ཚུལ་ལས་རིགས་གཅིག་ཡོད་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་སྟེ། 

(གཅིག)གཞུང་ལ་དབང་བའི་སྲུང་སྐྱོང་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་བྱས་མེད་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཀྱི་སྤྱོད་སྒོ་བསྒྱུར་པ་དང་། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་སྙན་སེང་མ་ཞུས་པའི་རིགས་དང་། 

(གཉིས)གཞུང་ལ་དབང་བ་མིན་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་བཤུག་པ་དང་གཏའ་མར་བཞག་པའམ་དེའི་སྤྱོད་སྒོ་བསྒྱུར་ཅིང་། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཐོ་འགོད་སྙན་སེང་ཞུས་མེད་རིགས། 

(གསུམ)གཞུང་ལ་དབང་བའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་བེད་སྤྱོད་བྱེད་མཁན་གྱིས་བཅའ་ཁྲིམས་ལྟར་ཉམས་གསོ་བྱ་རྒྱུའི་འོས་འགན་མ་བསྒྲུབས་པའི་རིགས། 

(བཞི)གནའ་རྫས་རྟོག་ཞིབ་སྔོག་འཚོལ་སྡེ་ཚན་གྱིས་བཀའ་འཁྲོལ་མ་ཐོབ་པར་རང་དགར་གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱས་པའམ་དོན་དངོས་ལྟར་གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱས་འབྲས་སྙན་སེང་མ་ཞུས་པ། 

(ལྔ)རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཀྱི་ཡིག་ཚགས་དང་དོ་དམ་ལམ་ལུགས་བཟོས་མེད་པའམ་ཡང་ན་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཀྱི་ཡིག་ཚགས་དང་དོ་དམ་ལམ་ལུགས་ཐོ་འགོད་སྙན་སེང་ཞུས་མེད་པ། 

(དྲུག)བཅའ་ཁྲིམས་འདིའི་དོན་ཚན་སོ་བརྒྱད་པའི་གཏན་འབེབས་དང་འགལ་ཏེ་བཀའ་འཁྲོལ་ཐོབ་མེད་པར་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རང་དགར་སྐོང་ལེན་བྱས་པ། 

(བདུན)བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་གཏོར་བརླག་ཏུ་སོང་ནའང་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུའི་སྙན་སེང་ཞུས་མེད་པའམ་ཡང་ན་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྐུ་ཁྱེར་དང་འཕྲོག་བཅོམ་དུ་ཤོར་བའམ་བོར་བརླག་ཏུ་སོང་རུང་། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་སམ་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་སྙན་སེང་ཞུས་མེད་པ། 

(བརྒྱད)རིག་གནས་ཤུལ་དངོས་ཚོང་ཁང་གིས་རིག་གནས་ཤུལ་དངོས་ཕྱིར་འཚོང་བའམ་གོང་གང་མཐོར་འཚོང་མཁན་ཁེ་ལས་ཀྱིས་རིག་གནས་ཤུལ་དངོས་གོང་གང་མཐོར་བཙོངས་རུང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོ་འགོད་བྱས་མེད་པའམ་ཐོ་འགོད་བྱས་པའི་ཟིན་ཐོ་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུས་མེད་པ་བཅས་ཡིན། 

དོན་ཚན་དོན་དྲུག་པ། རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་དང་། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན། རིག་གནས་ཤུལ་དངོས་ཚོང་ཁང་། རིག་གནས་ཤུལ་དངོས་གོང་གང་མཐོར་འཚོང་མཁན་ཁེ་ལས་བཅས་ཀྱི་ལས་སྒྲུབ་མི་སྣའི་ཁྲོད་དུ་གཤམ་གསལ་གྱི་སྤྱོད་ཚུལ་ལས་རིགས་གཅིག་ཡོད་རིགས་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་བཅའ་ཁྲིམས་ལྟར་གཞུང་གི་ལས་གནས་ཕྱིར་འཐེན་བྱ་རྒྱུའམ་དེའི་ལས་གཉེར་ཐོབ་ཐང་རྩིས་མེད་དུ་གཏོང་རྒྱུ། བྱས་ཉེས་སུ་གྲུབ་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ་སྟེ། 

(གཅིག)རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་ལས་སྒྲུབ་མི་སྣས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་ཞིབ་མཆན་འགོད་དབང་གང་བྱུང་དུ་སྤྱད་པ་དང་འཁུར་འགན་འཁྲི་སྒྲུབ་མ་བྱས་པའམ་ཁྲིམས་འགལ་གྱི་བྱ་སྤྱོད་མཐོང་ཡང་རྩད་གཅོད་མ་བྱས་པས། ངན་འབྲས་ཚབས་ཆེན་བཟོས་རིགས་དང་། 

(གཉིས)རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་དང་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་ལས་སྒྲུབ་མི་སྣས་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་གཡར་སྤྱོད་དམ་ཁྲིམས་དང་མི་མཐུན་པར་བཙན་བཟུང་བྱས་རིགས། 

(གསུམ)རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གི་ལས་སྒྲུབ་མི་སྣས་རིག་གནས་ཤུལ་དངོས་ཚོང་ཁང་གཉེར་སྐྱོང་བྱས་པའམ་ཡང་ན་རིག་གནས་ཤུལ་དངོས་ཚོང་ཁང་གཉེར་སྐྱོང་བྱེད་པར་ཞུགས་པའམ་རིག་གནས་ཤུལ་དངོས་གོང་གང་མཐོར་འཚོང་མཁན་ཁེ་ལས་གཉེར་སྐྱོང་བྱས་རིགས། 

(བཞི)འཁུར་འགན་འཁྲི་སྒྲུབ་མ་བྱས་པའི་དབང་གིས་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་དང་རིག་གནས་ཤུལ་དངོས་རྩ་ཆེན་གཏོར་བརླག་ཏུ་སོང་བའམ་གཞན་པའི་ལག་ཏུ་ཤོར་རིགས། 

(ལྔ)རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་གྲོན་དངུལ་ལྐོག་ཟ་བྱས་པ་དང་གཞན་དུ་སྤྱད་རིགས་བཅས་ཡིན། 

གོང་གསལ་ནང་གསེས་དོན་ཚན་ནང་འཁོད་གཞུང་གི་ལས་གནས་ཕྱིར་འཐེན་བྱས་པའམ་ལས་གཉེར་ཐོབ་ཐང་རྩིས་མེད་དུ་བཏང་བའི་མི་སྣས་གཞུང་གི་ལས་གནས་ཕྱིར་འཐེན་བྱས་པའམ་ལས་གཉེར་ཐོབ་ཐང་རྩིས་མེད་དུ་བཏང་བའི་ཉིན་ནས་བཟུང་གི་ལོ་བཅུའི་རིང་རིག་གནས་ཤུལ་དངོས་དོ་དམ་མི་སྣའི་འགན་ཁུར་མི་ཆོག་པའམ་རིག་གནས་ཤུལ་དངོས་གཉེར་སྐྱོང་བྱེད་སྒོ་སྤེལ་མི་ཆོག

དོན་ཚན་དོན་བདུན་པ། བཅའ་ཁྲིམས་འདིའི་དོན་ཚན་རེ་དྲུག་པ་དང་། རེ་བརྒྱད་པ། བདུན་ཅུ་པ། དོན་གཅིག་པ། དོན་བཞི་པ། དོན་ལྔ་པ་བཅས་ཀྱི་གཏན་འབེབས་ནང་གསལ་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཡིན་ཕྱིན་བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ། 

དོན་ཚན་དོན་བརྒྱད་པ། སྤྱི་བདེ་ལས་ཁུངས་དང་། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁགའགག་སྒོ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སྡེ་ཁགརྒྱལ་ཁབ་ཀྱི་ལས་ཁུངས་གཞན་དག་བཅས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་འགན་དབང་གང་བྱུང་དུ་སྤྱད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་ལྷོད་གཡེང་དུ་བཏང་བ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རིག་གནས་ཤུལ་དངོས་རྩ་ཆེན་གཏོར་བརླག་ཏུ་སོང་བའམ་གཞན་ལག་ཏུ་ཤོར་བ་བཟོས་ཕྱིན། འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ། 

དོན་ཚན་དོན་དགུ་པ། མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། འགག་སྒོ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་བཅས་ཀྱིས་བཅའ་ཁྲིམས་ལྟར་གཞུང་བཞེས་བཏང་བའི་རིག་གནས་ཤུལ་དངོས་རྣམས་ཐོ་འགོད་བྱས་ནས་ཉར་ཚགས་དོ་དམ་འོས་འཚམས་བྱ་དགོས་པ་དང་། གྱོད་ཐག་བཅད་རྗེས་རིན་སྐྱིན་མི་དགོས་པར་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་རྩིས་སྤྲོད་བྱ་དགོས་ཤིང་། རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་ཉར་ཚགས་བྱ་རྒྱུ། 

9 ལེའུ་བརྒྱད་པ། ཞར་བྱུང་དོན་ཚན། 

དོན་ཚན་བརྒྱད་ཅུ་པ། བཅའ་ཁྲིམས་འདི་ཉིད་ཁྱབ་བསྒྲགས་བྱས་ཉིན་ནས་ལག་ལེན་བསྟར་རྒྱུ།

དཔྱད་གཞིའི་ཡིག་ཆ།