ཀྲའོ་ཡུའེ་ཞཱ།སྔ་མའི་པར་གཞི་དེ སྒོ་མེ་སྙིང་བྱམས་ཚེ་རིང  ནས 2022-04-28 10:58ལ་འགྲུབ།

ཀྲའོ་ཡུའེ་ཞཱ།

ཀྲའོ་ཡུའེ་ཞཱ།
ཁོ་མོ་ནི་སྤྱི་ལོ1968ལོའི་ཟླ12པར་ཧུ་པེ་ཞིང་ཆེན་ཉིང་ཅིན་རྫོང་དུ་སྐྱེས་ཤིང་། སྤྱི་ལོ1992ལོའི་ཟླ6པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1992ལོའི་ཟླ7པར་ཧྲི་ཅ་ཀྲོང་ལྕགས་ལམ་སློབ་གླིང(ད་ལྟའི་ཧྲི་ཅ་ཀྲོང་ལྕགས་ལམ་སློབ་ཆེན)ལྕགས་ལམ་བཟོ་སྐྲུན་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་ཤེས་རམས་པའི་བསླབ་གནས་ཐོབ། སྤྱི་ལོ2003ལོའི་ཟླ9པར་ལྷོ་ནུབ་ཅའོ་ཐུང་སློབ་ཆེན་གྱི་ཟམ་པ་དང་ཕུག་ལམ་བཟོ་སྐྲུན་ཆེད་ལས་ནས་སློབ་མཐར་ཕྱིན་ཏེ་རབ་འབྱམས་པའི་བསླབ་གནས་ཐོབ། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི(ཞིང་ཆེན་སྲིད་འཛིན་སློབ་གླིང)སློབ་སྤྱིའི(ཡོན་ཀྲང)འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赵月霞
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ12པ།
ཕ་ཡུལ།
ཧུ་པེ་ཉིང་ཅིན།
གོ་གནས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་།
མཐར་ཕྱིན་སློབ་གྲྭ།
ཧྲི་ཅ་ཀྲོང་ལྕགས་ལམ་སློབ་ཆེན།  ལྷོ་ནུབ་ཅའོ་ཐུང་སློབ་ཆེན།
བསླབ་གནས།
རབ་འབྱམས་ཞིབ་འཇུག་སློབ་མ།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1992ལོ་ནས་སྤྱི་ལོ1999ལོའི་བར། ཧྲི་ཅ་ཀྲོང་ལྕགས་ལམ་སློབ་གླིང་གི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་དང་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཡིན།

སྤྱི་ལོ1999ལོ་ནས་སྤྱི་ལོ2001ལོའི་བར། ཧྲི་ཅ་ཀྲོང་ལྕགས་ལམ་སློབ་གླིང་གི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར། (ཁྲུའུ་རིམ་པ་གཞོན་པ)

སྤྱི་ལོ2001ལོ་ནས་སྤྱི་ལོ2004ལོའི་བར། ཧྲི་ཅ་ཀྲོང་ལྕགས་ལམ་སློབ་གླིང་གི་གི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར། (ཁྲུའུ་རིམ་པ་རྒན་པ)

སྤྱི་ལོ2004ལོ་ནས་སྤྱི་ལོ2007ལོའི་བར། ཧྲི་ཅ་ཀྲོང་ལྕགས་ལམ་སློབ་གླིང་ཨར་ལས་ཡན་ལག་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། (དེའི་རིང་། སྤྱི་ལོ2005ལོའི་ཟླ9པ་ནས་སྤྱི་ལོ2006ལོའི་ཟླ9པའི་བར། ཧུ་པེ་ཞིང་ཆེན་ཞིན་ཐའེ་གྲོང་ཁྱེར་གྱི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས)

སྤྱི་ལོ2007ལོ་ནས་སྤྱི་ལོ2009ལོའི་བར། ཧྲི་ཅ་ཀྲོང་ལྕགས་ལམ་སློབ་གླིང་གི་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2009ལོ་ནས་སྤྱི་ལོ2010ལོའི་བར། ཧྲི་ཅ་ཀྲོང་ལྕགས་ལམ་སློབ་གླིང་གི་ཡོན་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོ་ནས་སྤྱི་ལོ2012ལོའི་བར། ཧྲི་ཅ་ཀྲོང་ལྕགས་ལམ་སློབ་ཆེན་གྱི་སློབ་སྤྱི་གཞོན་པའི་འགན་བཞེས།

སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོའི་བར། ཧྲི་ཅ་ཀྲོང་ལྕགས་ལམ་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་། སློབ་སྤྱི་གཞོན་པའི་འགན་བཞེས། 

སྤྱི་ལོ2013ལོ་ནས་སྤྱི་ལོ2015ལོའི་བར། ཧུ་པེ་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ2015སྤྱི་ལོ2017ལོའི་བར། ཧུ་པེ་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོ་ནས་སྤྱི་ལོ2018ལོའི་བར། ཧུ་པེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ(ཐིང་རིམ་པ་རྒན་པ)དང་ཞིང་ཆེན་ཏང་ཨུའི་མཐོ་སློབ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2018ལོ་ནས་སྤྱི་ལོ2021ལོའི་བར། ཧུ་པེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ལས་བྱེད་པ་རྒན་གྲས་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2021ནས་སྤྱི་ལོ2022ལོའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2022ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི(ཞིང་ཆེན་སྲིད་འཛིན་སློབ་གླིང)སློབ་སྤྱིའི(ཡོན་ཀྲང)འགན་བཞེས་ཡོད།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2022ལོའི་ཟླ4པར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བློ་མཐུན་ཀྲའོ་ཡུའེ་ཞཱ་མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་ལ་བསྐོ་གཞག་བྱས།

3 གཟི་བརྗིད་མཚན་སྙན།

སྐབས་བཅུ་པའི་ཧུ་པེ་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ཕུལ་བྱུང་ན་གཞོན་ཆེད་མཁས་པ་ཡིན་ལ། 《འོད་ཟེར་ཉིན་རེའི་ཚགས་པར》དང་།《ཀྲུང་གོའི་མཐོ་རིམ་སློབ་གསོ》《དར་དམར་ཟིན་བྲིས》སོགས་ཚགས་པར་དང་དུས་དེབ་གལ་ཆེན་ཐོག་རིག་གཞུང་དཔྱད་རྩོམ20ལྷག་ཙམ་སྤེལ་བ་དང་། ཆེད་རྩོམ་དེབ1དཔེ་སྐྲུན་བྱས་ཡོད། ཧུ་པེ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཐེབས་རྩ་དང་ཧུ་པེ་ཞིང་ཆེན་གྱི་ཚན་རིག་ཞིབ་འཇུག་འཆར་གཞིའི་ལས་གཞི་སོགས་ཞིང་ཆེན་དང་པུའུ་རིམ་པའི་ལས་གཞི་ཁག10གཙོ་སྐྱོང་བྱས་ཡོད། ཧུ་པེ་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ3དང་། ཧུ་པེ་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ3ཐོབ་ཅིང་། ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་སྲིད་གྲོས་སྐབས་བཅུ་པ་དང་བཅུ་གཅིག་པའི་ཨུ་ཡོན་ཡིན།