བོད་ཀྱི་ཡིག་ཚང་གི་ཁྱབ་ཡུལ་དང་དཀར་ཆག་ཞིབ་འཇུག།སྔ་མའི་པར་གཞི་དེ སེང་མཚོ།  ནས 2022-04-26 08:36ལ་འགྲུབ།

བོད་ཀྱི་ཡིག་ཚང་གི་ཁྱབ་ཡུལ་དང་དཀར་ཆག་ཞིབ་འཇུག།

བོད་ཀྱི་ཡིག་ཚང་གི་ཁྱབ་ཡུལ་དང་དཀར་ཆག་ཞིབ་འཇུག།
《བོད་ཀྱི་ཡིག་ཚང་གི་ཁྱབ་ཡུལ་དང་དཀར་ཆག་ཞིབ་འཇུག》ཅེས་པའི་ཆེད་དེབ་འདི་ནི་སྐལ་བཟང་སྒྲོལ་མ་དང་མདོ་དགེ་བསོད་ནམས་ལྷུན་གྲུབ་གཉིས་ཀྱིས་བརྩམས་གྲུབ་གནང་ཤིང་། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏文文献分布及书目研究
རྩོམ་པ་པོ།
སྐལ་བཟང་སྒྲོལ་མ་དང་མདོ་དགེ་བསོད་ནམས་ལྷུན་གྲུབ།
རིགས་དབྱེ།
ཡིག་ཚང་།
དཔེ་སྐྲུན་ཁང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
1 ངོ་སྤྲོད།

《བོད་ཀྱི་ཡིག་ཚང་གི་ཁྱབ་ཡུལ་དང་དཀར་ཆག་ཞིབ་འཇུག》ཅེས་པའི་ཆེད་དེབ་འདི་ནི་སྐལ་བཟང་སྒྲོལ་མ་དང་མདོ་དགེ་བསོད་ནམས་ལྷུན་གྲུབ་གཉིས་ཀྱིས་བརྩམས་གྲུབ་གནང་ཤིང་། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

2 བརྗོད་བྱ།

ཆེད་དེབ་འདིར་བོད་ཀྱི་ཡིག་ཚང་དཀར་ཆག་ལས་དཔེ་མཚོན་རང་བཞིན་ཅན་གྱི་དཀར་ཆག་ཁག་ཅིག་སྟེ། བཀའ་བསྟན་དཀར་ཆག་གི་སྐོར་ལ། བུ་སྟོན་རིན་ཆེན་གྲུབ་མཆོག་གིས་མཛད་པའི་བཀའ་བསྟན་དཀར་ཆག་དང་པད་དཀར་བཟང་པོས་མཛད་པའི་བཀའ་འགྱུར་དཀར་ཆག་མདོ་སྡེ་སྤྱིའི་རྣམ་གཞག་གཉིས་དམིགས་སུ་བཀར་ནས་ཞིབ་ཕྲའི་དཔྱད་བརྗོད་བྱས་ཡོད་ལ། གསུང་འབུམ་དཀར་ཆག་གི་སྐོར་ལ། ཀློང་རྡོལ་བླ་མས་མཛད་པའི་བཀའ་གདམས་པ་དང་དགེ་ལུགས་པའི་བླ་མ་རགས་རིམ་གྱི་གསུང་འབུམ་དཀར་ཆག་དམིགས་སུ་བཟུང་ནས་དཔྱད་བརྗོད་བྱས་ཡོད། དཔེ་དཀོན་དཀར་ཆག་གི་སྐོར་ལ། ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་འདི་ཉིད་ཤིན་ཏུ་གལ་ཆེ་བར་མཐོང་ནས་ཞིབ་ཕྲའི་དཔྱད་བརྗོད་བྱས་ཡོད། དེ་བཞིན་བོད་བཙན་པོ་དུས་སྐབས་ཀྱི་དཀར་ཆག་ལྡན་དཀར་མ་དང་འཕང་ཐང་མ། མདོ་སྨད་ཆོས་འབྱུང་ལས་བྱུང་བའི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་བསྟན་བཅོས་དཀར་ཆག་སོགས་ལའང་དཔྱད་བརྗོད་གང་འཚམ་བྱས་ཡོད། 

བོད་ཀྱི་ཡིག་ཚང་རྒྱལ་ཁབ་ཕྱི་ནང་གི་ཁྱབ་ཡུལ་གྱི་སྐོར་ལས་འཕྲོས་ཏེ། རྒྱལ་ཁབ་ཕྱི་ནང་གི་དཔེ་མཛོད་ཁང་གཙོ་གྲས་ཁག་ཅིག་གིས་ཕྱོགས་སྒྲིག་གནང་བའི་བོད་ཡིག་ཡིག་ཚང་གི་དཀར་ཆག་རྣམས་ཀྱང་འཚོལ་བསྡུ་གང་ཐུབ་བྱས་ཏེ་ངོ་སྤྲོད་བྱས་ཡོད་དོ། །

3 ​རྩོམ་པ་པོ།

སྐལ་བཟང་སྒྲོལ་མ། སྤྱི་ལོ1980ལོར་མདོ་སྨད་རྡོ་སྦིས་ནས་སྐྱེས། སྤྱི་ལོ2006ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་ནས་རབ་འབྱམས་པ་མཐར་ཕྱིན་རྗེས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ལས་ཀ་གཉེར་ཞིང་།

སྤྱི་ལོ2016ལོར་ཞིབ་འཇུག་པ་གཞོན་པའི་མཚན་གནས་ཐོབ། སྔ་རྗེས་སུ《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》དང《ཀྲུང་གོའི་བོད་རིག་པ》སོགས་རིག་གཞུང་དུས་དེབ་ཀྱི་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བོད་ཀྱི་ཡིག་ཚང་དང་དཀར་ཆག་རིག་པའི་ཕྱོགས་ཀྱི་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ། 

བསོད་ནམས། སྤྱི་ལོ1981ལོར་མདོ་སྨད་རྡོ་སྦིས་ནས་སྐྱེས། སྤྱི་ལོ2006ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རབ་འབྱམས་པ་མཐར་ཕྱིན་རྗེས་ཀན་སུའུ་བོད་རིག་པ་ཞིབ་འཇུག་ཁང་དུ་ལས་ཀ་གཉེར། སྤྱི་ལོ2014ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པ་མཐར་ཕྱིན། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་དུ་ལས་ཀ་གཉེར་བཞིན་ཡོད་ལ། སྤྱི་ལོ2017ལོར་དགེ་རྒན་ཆེན་མོ་གཞོན་པའི་མཚན་གནས་ཐོབ། སྔ་རྗེས་སུ《ཏུན་ཧོང་ཞིབ་འཇུག》དང《ཀྲུང་གོའི་བོད་རིག་པ》《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》《བོད་ལྗོངས་ཞིབ་འཇུག》སོགས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ཏུན་ཧོང་ཡིག་ཚང་གཙོ་བྱས་པའི་བོད་རིག་པའི་ཕྱོགས་ཀྱི་རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ།