མིག་ཕར་འོག་གསང་།སྔ་མའི་པར་གཞི་དེ སེང་མཚོ།  ནས 2022-04-26 08:35ལ་འགྲུབ།

མིག་ཕར་འོག་གསང་།

མིག་ཕར་འོག་གསང་།
གཞུང་རྩ་འདི་ནི་མིག་ཕོར་འོག་གསང་ནས་མགོ་བརྩམས་ཏེ་ཐུར་དུ་མཁུར་ཚོས་ནང་ཕྱོགས་བརྒྱུད་དེ་ཁ་དང་མཆུ་ལ་བསྐོར། སླར་ཡང་མ་མགལ་བརྒྱུད་ནས་ཕྱིར་མ་མགལ་ལྷུ་ཚིགས་ཀྱི་ཉེ་འདབས་སུ་ཐོན་ནས་ཕྱོགས་གཉིས་ལ་གྱེས་ཏེ། གཅིག་གྱེན་དུ་ཕྱོགས་ནས་རྣ་བའི་མདུན་བརྒྱུད་དེ་སྐྲའི་མཐར་དེད་ནས་དཔྲལ་ཟུར་ཉེ་འདབས་ཀྱི་གསེར་མདུང་འདྲ་གསང་དུ་ཐོན། གཞན་གཅིག་ཐུར་དུ་ཕྱོགས་ཏེ་སྐེ་དང་བྲང་ག་གསུས་པ་སོགས་ཀྱི་གནས་བརྒྱུད་དེ་བརླའི་དྲང་ཕྱོགས་ནས་རྐང་སོར་མཛུབ་མོའི་ཕྱི་ལོགས་ཀྱི་རྐང་མཛུབ་རྩེ་གསང་དུ་ནུབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
承泣穴
ཁོངས་གཏོགས།
བོད་ལུགས་གསོ་རིགས།
རིགས་དབྱེ།
དངུལ་ཁབ།
ཁབ་ཚད།
ཚུན། 1-1.5ཅན།
1 ངོ་སྤྲོད།

གཞུང་རྩ་འདི་ནི་མིག་ཕོར་འོག་གསང་ནས་མགོ་བརྩམས་ཏེ་ཐུར་དུ་མཁུར་ཚོས་ནང་ཕྱོགས་བརྒྱུད་དེ་ཁ་དང་མཆུ་ལ་བསྐོར། སླར་ཡང་མ་མགལ་བརྒྱུད་ནས་ཕྱིར་མ་མགལ་ལྷུ་ཚིགས་ཀྱི་ཉེ་འདབས་སུ་ཐོན་ནས་ཕྱོགས་གཉིས་ལ་གྱེས་ཏེ། གཅིག་གྱེན་དུ་ཕྱོགས་ནས་རྣ་བའི་མདུན་བརྒྱུད་དེ་སྐྲའི་མཐར་དེད་ནས་དཔྲལ་ཟུར་ཉེ་འདབས་ཀྱི་གསེར་མདུང་འདྲ་གསང་དུ་ཐོན། གཞན་གཅིག་ཐུར་དུ་ཕྱོགས་ཏེ་སྐེ་དང་བྲང་ག་གསུས་པ་སོགས་ཀྱི་གནས་བརྒྱུད་དེ་བརླའི་དྲང་ཕྱོགས་ནས་རྐང་སོར་མཛུབ་མོའི་ཕྱི་ལོགས་ཀྱི་རྐང་མཛུབ་རྩེ་གསང་དུ་ནུབ་ཡོད།

2 གསང་གི་ཕན་ནུས།

མིག་དམར་ཞིང་ན་ཟུག་བྱེད་པ་དང་། མིག་ཆུ་བཞུར་བ། སྲོད་ལོང་། མིག་གིས་ཐག་ཉེ་སར་མི་མཐོང་བ། མིག་ཤ་འགུལ་བ། ཁ་ཡིག་ཡོ་བ་བཅས་ལ་ཕན།

3 གསང་གནས་འཚོལ་སྟངས།

མིག་གིས་ཐད་དྲང་དུ་བལྟས་པའི་རྒྱལ་མོའི་འོག་གི་མཁུར་སྟེང་།

4 གཙག་ཚུལ།

དྲང་གཙག་བྱེད་དགོས།

5 ​ཁབ་ཚད།

ཚུན། 1-1.5ཅན་སྤྱོད་དགོས།


བརྡ་འགྲེལ་གདོང་འཛར།

གསང་གནས། གཙག་ཚུལ། ཕན་ནུས།