ཀོང་ཏུང་ནན་ཐའེ་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།སྔ་མའི་པར་གཞི་དེ སེང་མཚོ།  ནས 2022-04-26 08:41ལ་འགྲུབ།

ཀོང་ཏུང་ནན་ཐའེ་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།

ཀོང་ཏུང་ནན་ཐའེ་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
ཀོང་ཏུང་ནན་ཐའེ་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་ཀོང་ཏུང་ཞིང་ཆེན་ཕིང་ཡོན་རྫོང་ཧྲི་ཀྲེང་གྲོང་རྡལ་དང་ཏ་ཀྲེ་གྲོང་རྡལ་གྱི་མངའ་ཁོངས་སུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང2073.20ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广东南台山国家森林公园
གནས་ཡུལ།
ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་གྲོང་ཁྱེར།
རྒྱ་ཁྱོན།
སྤྱི་ཆིང2073.20ཡོད།
སྤྱི་གླིང་རིམ་པ།
རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
དོ་དམ་སྡེ་ཁག
ཕིང་ཡོན་རྫོང་ནགས་ལས་ཅུའུ།
མཆན་བཀོད་དུས་ཚོད།
སྤྱི་ལོ2009ལོའི་ཟླ12པ།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
1 ངོ་སྤྲོད།

ཀོང་ཏུང་ནན་ཐའེ་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་ཀོང་ཏུང་ཞིང་ཆེན་ཕིང་ཡོན་རྫོང་ཧྲི་ཀྲེང་གྲོང་རྡལ་དང་ཏ་ཀྲེ་གྲོང་རྡལ་གྱི་མངའ་ཁོངས་སུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང2073.20ཟིན་ཡོད། ཚ་ཁུལ་དབུས་མའི་དུས་རླུང་གི་ནམ་ཟླའི་ཁུལ་དུ་གནས་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད20.6℃ཡིན་ལ། “ཀྲུང་གོའི་རིག་གནས་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཡག་ཤོས”དང“ཀྲུང་གོའི་རིག་གནས་སྤྲོ་གསེང་ཡུལ་སྐོར་རྫོང་ཡག་ཤོས”ཀྱི་མཛེས་ལྗོངས་ཁུལ་གཙོ་བོ་ཞིག་ཡིན།  


སྤྱི་ལོ2009ལོའི་ཟླ12པར་དེ་སྔའི་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དུ་ཆོག་མཆན་བཀོད།


2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།

ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི112°51′54″~113°07′48″དང་འཕྲེད་ཐིག་བྱང་མའི24°47′30″~25°00′33″བར་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང2073.20ཡོད།

2_2 ནམ་ཟླ།

སྤྱི་གླིང་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི20.6℃ཡིན་པ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི་1630.4ཡིན།

3 ཐོན་ཁུངས།
3_1 རྩི་ཤིང་།

སྤྱི་གླིང་ནི་ཚ་ཁུལ་ཕལ་བའི་རྒྱུན་ལྗང་གི་ལོ་མ་ཆེ་བའི་ནགས་ཚལ་ལྷོ་རྒྱུད་ཀྱི་ཡ་ས་རྒྱུད་དང་། ལྷོ་གླིང་རི་ཁུལ་གྱི་རིགས་ཏེ་ཐན་ཧྲུའུ་ནགས་ཁུལ་དུ་གནས་ཡོད། བརྟག་དཔྱད་རགས་ཙམ་བྱས་པར་གཞིགས་ན། ཁུལ་དེར་རྩི་ཤིང་གི་ཚན191ཁོངས628རིགས1296ཡོད།

3_2 སྲོག་ཆགས།

སྤྱི་གླིང་དུ་རི་སྐྱེས་སྲོག་ཆགས་རིགས245ཡོད་པ་དང་། ཁོངས5ཡི་ཚན27དང་ཚན84ལ་གཏོགས་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་རིགས5དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་རིགས18བཅས་ཡོད།

4 དོ་དམ་སྒྲིག་སྲོལ།

སྤྱི་ལོ2006ལོའི་ཟླ12པར་ཀོང་ཏུང་ནན་ཐའེ་རི་བོའི་ནགས་ཚལ་སྤྱི་གླིང་དོ་དམ་ཁྲུའུ་བཙུགས་པ་དང་། དོ་དམ་མི་སྣ12ཡོད་པ་དེ་སྤྱི་གླིང་དུ་ཐོན་ཁུངས་སྲུང་སྐྱོང་དང་རྒྱུན་ལྡན་དོ་དམ་བྱེད་པའི་རྒྱུན་གནས་ལས་ཁུངས་ཤིག་ཏུ་གྱུར་ཡོད།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2007ལོའི་ཟླ7པར་ཀོང་ཏུང་ཞིང་ཆེན་ནགས་ལས་ཅུའུ་ཡི་ཆོག་མཆན་ཐོབ་སྟེ་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་དུ་གྱུར།

སྤྱི་ལོ2009ལོའི་ཟླ12པར་དེ་སྔའི་རྒྱལ་ཁབ་ནགས་ལས་ཅུའུ་ཡི་ཆོག་མཆན་ཐོབ་སྟེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བཙུགས།


དཔྱད་གཞིའི་ཡིག་ཆ།