མུ་མེན།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-29 16:59ལ་འགྲུབ།

མུ་མེན།

མུ་མེན།
མུ་མེན་གྱིས་དུག་དང་ཆུ་སེར་མཛེ་ནད་སེལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青金石
ཕྱི་ཡིག་གི་མིང་།
lazurite
མིང་གཞན།
བཻ་ར་ཊ། མུ་མེན། རཱ་ཛ་ཝརྟ། རྒྱལ་པོ་འཁྱིལ་བ་སོགས་ཟེར།
བྱེད་ནུས།
མུ་མེན་གྱིས་དུག་དང་ཆུ་སེར་མཛེ་ནད་སེལ།
1 ངོ་བོ། 

འདི་ལ་རིགས་གསུམ་སྟེ། མཐིང་མདོག་གསེར་ཐིག་འདྲེན་པ་གསེར་མུ་མེན་མཆོག་དང་། སྔོ་ནག་ལྷད་མེད་སྣུམ་ཞད་ཅན་མཐིང་མུ་མེན་འབྲིང་། སྔོ་སྐྱ་དཀར་འདྲེས་པ་རྡོ་མུ་མེན་དུ་བཞེད་པ་ནི་དམན་པ་ཡིན་ནོ༎

2 ནུས་པ། 

དུག་དང་ཁྱད་པར་ཆུ་སེར་གྱི་ནད་དང་དེ་ལས་གྱུར་པའི་མཛེ་ནད་སེལ་བར་བྱེད༎ རང་བྱུང་པས། མུ་མེན་དུག་དང་སྐྲ་དཀར་འཇོམས༎ ཞེས་སོ༎ འདིར་དངོས་བསྟན་རིན་པོ་ཆེ་ཉུང་ངུ་འདི་ཙམ་ལས་མ་བསྟན་པ་ནི་ས་བོན་ཙམ་ཞིག་ཡིན། འོན་ཀྱང་རིན་ཆེན་རིལ་ནག་ཆེན་མོ་དང་། དབང་རིལ་ཤེལ་དཀར་མཆོད་རྟེན། རཏྣ་བསམ་འཕེལ་སོགས་ཀྱི་སྦྱོར་སྡེའི་སྐབས་རིན་པོ་ཆེའི་སྨན་མང་པོ་གསུངས་པ་རྣམས་ནི་སྐབས་དེ་དང་དེར་ཤེས་པར་བྱའོ༎