དུང་།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-29 16:59ལ་འགྲུབ།

དུང་།

༡ རྒྱ་མཚོའི་ནང་གི་རུས་པ་མེད་པའི་སྲོག་ཆགས་ཕྱི་ཤུན་སྲ་ཞིང་དཀར་ལ་འཁྱིལ་བའི་རི་མོ་ཡོད་པ་ཞིག་ཡིན། ༢ དབུགས་ཀྱིས་བུས་ནས་བརྡ་གཏོང་བྱེད་ཀྱི་ཡོ་བྱད་དམ་རོལ་མོའི་མིང་། ༣ སད་པ་དང་སངས་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 号角,海螺

དབྱིན་ཡིག 1.a horn 2.conch shell

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①རྒྱ་མཚོའི་ནང་གི་རུས་པ་མེད་པའི་སྲོག་ཆགས་ཕྱི་ཤུན་སྲ་ཞིང་དཀར་ལ་འཁྱིལ་བའི་རི་མོ་ཡོད་པ་ཞིག་ཡིན། ཕྱི་ཤུན་གྱིས་འབུད་པའི་རོལ་མོ་བཟོ་ཆོག་ཅིང་དེ་ལའང་དུང་ཟེར། ②དབུགས་ཀྱིས་བུས་ནས་བརྡ་གཏོང་བྱེད་ཀྱི་ཡོ་བྱད་དམ་རོལ་མོའི་མིང་སྟེ། དམག་དུང་། ཟངས་དུང་། དུང་ཆེན། རྭ་དུང་ཞེས་པ་ལྟ་བུ། ③(བྱེད་མེད་ལས་ཚིག)སད་པ་དང་སངས་པའི་དོན་ཏེ། གཉིད་དུང་། སྨུགས་པ་དུང་ལྟ་བུ། ④དུངས་ཀྱི་འབྲི་ཚུལ་གཞན།

2.བརྡ་དག་མིང་ཚིག་གསལ་བ་ལས།    རྒྱ་མཚོ་ནང་གི་སེམས་ཅན་ཞིག་སྟེ་དེའི་རུས་པ་ལའང་དུང་དཀར་གཡས་འཁྱིལ་དང་གཡོན་འཁྱིལ་ཟེར།  螺,海中的一种生物,又指其骨壳,白螺有右旋的和左旋的。

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   ①རོལ་ཆ་ཞིག  དམག་དུང་།  དུང་ཆེན།  དུང་སྐད། དུང་བརྡ་གཏོང་བ། དུང་འབུད་པ། ②རྒྱ་མཚོ་སོགས་ལས་སྐྱེས་པའི་སྲོག་ཆགས་ཀྱི་རིགས་ཤིག་སྟེ། ནང་གསེས་སུ་དབྱེ་ན་དུང་གཡས་འཁྱིལ་དང་། གཟི་དུང་། དུང་འཁྱིལ་པ།    དུང་ཚེར་མ་ཅན།  དུང་དམར་བཅས་ལྔ་མཆིས།  རོ་བསྐ།  ཞུ་རྗེས་བསིལ།   ནུས་པས་རྣག་སྐེམ་པ་དང་།  འབྲས་འཇོམས།  ཆུ་སེར་དང་དམུ་ཆུ་སྐེམ།  ཀླད་པའི་ནད་དང་དུག་ནད་ལ་ཕན།

4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།     名词。[1]རོལ་ཆ་ཞིག号角,喇叭:མག་དུང༌། 军号。དུང་ཆེན། 长号。དུང་སྐད། 号音。དུང་བརྡ་གཏོང་བ། 以号音练习。དུང་འབུད་པ། 吃号角。[2]རྒྱ་མཚོ་སོགས་ལས་སྐྱེས་པའི་སྲོག་ཆགས་ཀྱི་རིགས་ཤིག་སྟེ། ནང་གསེས་སུ་དབྱེ་ན་དུང་གཡས་འཁྱིལ་དང༌། གཟི་དུང༌། དུང་འཁྱིལ་པ། དུང་ཚེར་མ་ཅན། དུང་དམར་བཅས་ལྔ་མཆིས། རོ་བསྐ། ཞུ་རྗེས་བསིལ། ནུས་པས་རྣག་སྐེམ་པ་དང༌། རྣག་འགྱིངས་པ་འབིགས། རུས་ཚད་སེལ། འབྲས་འཇོམས། ཆུ་སེར་དང་དམུ་ཆུ་སྐེམ། ཀླད་པའི་ནད་དང་དུག་ནད་ལ་ཕན། 螺贝,海螺,阵磲。一种复足类水生软体动物。有右旋螺、玛瑙螺、旋纹贝、刺螺、赤贝等五类。味涩,性凉,功能收敛脓血,破脓头,清骨热,散疮核,收敛黄水、积水,治脑疾,解诸毒病。

5. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།     མིང་ཚིག  ①རྒྱ་མཚོར་གནས་པའི་རུས་པ་ལུས་ཀྱི་ཕྱིར་ཆགས་པའི་སྲོག་ཆགས་དུང་གི་རུས་སྐོགས་ལས་འབྱུང་བ་ཞིག་སྟེ།  ཕལ་ཆེར་རྒྱུ་སྲ་མཁྲེགས་ཁ་དོག་དཀར་པོ་རུས་པའི་རང་བཞིན་ཅན་བཅད་ཁ་བརྡར་འོས་ལ་འཁོར་འོད་ཡོད་པ།  བརྡར་ཕྱེ་དཀར་པོ་འབྱུང་བ་དང་བསྲེགས་ན་དྲི་མེད་ཅིང་དུད་པ་མི་འབྱུང་བ་ནི་དུང་གི་ཁྱད་ཆོས་ཡིན་པར་གྲག  དེ་ཡང་བཟོ་དབྱིབས་སོགས་མི་འདྲ་བས་མཆོག་དམན་གྱི་དབྱེ་བ་ནི།  དཀྴི་ཎ་ཝརྟ་ཤཾ་ཁ་ཞེས་པ་དུང་གཡས་སུ་འཁྱིལ་བ་སྟེ་འདི་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་དུང་སྐྱེ་བ་ལྔ་པ་ཡིན་པར་བཤད།  ཁ་དོག་ཀུནད་ལྟར་རབ་ཏུ་དཀར་བ་འབྱུང་བ་བཀྲ་ཤིས་པའི་རྫས་སོ། ། དུང་མཇུག་འབུད་ཁའི་ཕྱོགས་ཕྲ་ལ་རིང་བ།  ཁ་དོག་གཟི་སེར་ཁྲ་འདྲ་བར་ཁྲ་བ་འདི་གཟི་དུང་ཡིན་ལ་དེ་གཉིས་བཟང་བས་སྔ་མ་མཆོག་དང་ཕྱི་མ་རབ་ཡིན།  གཞན་སི་ཏ་ཤཾ་ཁའམ།  ཤཾ་ཁ་ཝརྟ་ཞེས་པ་དུང་དཀར་རམ་དུང་འཁྱིལ་བ་སྟེ།  ཡོངས་གྲགས་དུང་དཀར་འདི་འབྲིང་།  ཀཎྡ་ཤཾ་ཁ་ཞེས་པ་དུང་ཚེར་མ་ཅན་ནམ་དུང་རྭ་ཅན་ཟེར་ཏེ།  དུང་གི་ཕྱི་ལ་གཟུགས་མོ་བྱི་ཐུར་འདྲ་བའི་དུང་གི་རིམ་པས་དམན་པའོ། །  འདི་རུས་ཚད་སྐབས་མ་གཏོགས་སོལ་མེར་དཀར་སངས་ཚོས་པར་བསྲེགས་དགོས།  རོ་ཚ་བ།  ཞུ་རྗེས་ཁ་བ།  ནུས་པ་བསིལ་ལ་རྣོ་བའོ ། ། ངོ་བོའི་ནུས་པས་རྣག་དང་ཆུ་སེར་སྐྲན་ལ་སོགས་པ་རྣམས་སྐེམ་ཞིང་འབྱིན་པར་བྱེད་ལ།  རུས་པར་ཚ་བ་ཞུགས་པའི་ནད་ལ་སོགས་པ་སེལ་བར་བྱེད་དོ། །   མིང་གི་རྣམ་གྲངས།  ཤཾ་ཀ  ཁབ་ཀྱི་ཁ།  ཆུ་སྐྱེས།  ཆུ་སྲིན་གཤེད།  ②འབུད་རྒྱུའི་རིགས་ཀྱི་རོལ་ཆ་ཞིག་སྟེ།  དཔེར་ན།  དམག་དུང་།  ཟངས་དུང་།  དུང་ཆེན།  གཡག་དུང་།  རྭ་དུང་ཞེས་པ་ལྟ་བུ།  བྱ་ཚིག   ①བྱ་བྱེད་ཐ་མི་དད་པ།   ཡིད་ཧ་ཅང་ཞེན་པའམ་སྨར་བའི་དོན་ཏེ།   མ་འོངས་པ།  དུང་།  ད་ལྟ་བ།  དུང་།  འདས་པ།  དུངས།  དཔེར་ན།  མ་འོངས་པ།  བལྟ་རྒྱུ་མང་ན་དུང་ཡོད།  ད་ལྟ་བ།  ང་ལ་དུང་མཁན་ཁྱེད་ཡིན།  འདས་པ།  ཡིད་དུངས་ནས་འབྲལ་མ་ཐུབ་ལྟ་བུ།  ②གཉིད་སད་པའི་དོན་དུ་བཤད་པ་ཡང་ཡོད།