ཉ་ཕྱིས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-29 11:34ལ་འགྲུབ།

ཉ་ཕྱིས།

སྐོགས་ཤུན་ནང་དུ་མུ་ཏིག་ཆགས་པའི་མཚོར་གནས་ཀྱི་སྲོག་ཆགས་ཤིག
1 ལོ་ཙཱ།

རྒྱ་ཡིག 蚌壳,贝壳

དབྱིན་ཡིག pearl

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ཚྭ་མེད་པའི་ཆུ་ནང་དུ་འཚོ་བའི་ལུས་སྙི་བའི་སྲོགས་ཆགས་སྐོགས་ཤུན་ཅན་ཞིག་ཡིན། སྐོགས་ཤུན་འཇོང་འཇོང་དང་མདོག་སྨུག་པོ་ཅན། སྐོགས་ཤུན་གྱི་ནང་ན་མུ་ཏིག་གི་ཤུན་རིམ་ཡོད། ལ་ལས་མུ་ཏིག་བསྐྱེད་ཐུབ།

2.བརྡ་དག་མིང་ཚིག་གསལ་བ་ལས།  མུ་ཏིག་གི་ཤུན་པའམ།  珠母,珠壳。【增】蛤蜊。﹝四﹞

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ①རིན་པོ་ཆེའི་སྨན་གྱི་རིགས་ཤིག་སྟེ། རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཀླད་སྐྱོན་གསོ། རྩ་དཀར་གྱི་ནད་སེལ། དུག་ནད་འཇོམས། 牡砺。珍贵药物之一。味涩,性凉,功能治脑疾、瘫痪及中毒。②ཁོག་པའི་ནང་དུ་མུ་ཏིག་ཆགས་ཐུབ་པའི་ཆུ་སྐྱེས་སྲོག་ཆགས་ཤིག蚌壳,贝壳。有的腹中能生珍珠。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①སྐོགས་ཤུན་ནང་དུ་མུ་ཏིག་ཆགས་པའི་མཚོར་གནས་ཀྱི་སྲོག་ཆགས་ཤིག་སྟེ། ཁ་ཟས་སུ་བྱེད། མིང་གི་རྣམ་གྲངས། ཤུཀྟི། གྲོལ་བ་ཅན། ཉ་སྐྱོགས། དུག་གིས་མི་བརྫིའི་སྣོད། མུ་ཏིག་སྐྱེ་གནས། མུ་ཏིག་སྐྱེད། མུ་ཏིག་འབྱུང་གནས། མུ་ཏིག་མ། མུ་ཏིག་ཤུན་པ། ②ཉ་ཕྱིས་ཀྱི་སྐོགས་ཤུན་མཁྲེགས་པོ་དེའི་མིང༌སྟེ། ཉ་ཕྱིས་བཟང་པོའི་རིགས་རྣམས་བཟའ་བཏུང་བྱེད་སའི་སྣོད་དུ་བེད་སྤྱོད་བྱས་ན། ཟས་དུག་སེལ་བའི་རིན་པོ་ཆེའི་སྣོད་ཅིག་ཡིན་པར་གྲགས་ཏེ། ཀློང་རྡོལ་བླ་མའི་རིན་པོ་ཆེ་བརྟག་ཐབས་ལས། ཉ་ཕྱིས་བཟང་བ་བཟའ་བཏུང་གང་བྱས་རྣམས། །དུག་ཏུ་མི་འགྱུར་རིན་ཆེན་སྣོད་དང་ནི། །དུང་དཀར་དབྱིབས་སོགས་རབ་འབྲིང་ཐ་གསུམ་ཡོད། །ཅེས་གསུངས། ③རིན་པོ་ཆེའི་སྨན་གྱི་རིགས་ཤིག་སྟེ། རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཀླད་སྐྱོན་གསོ། རྩ་དཀར་གྱི་ནད་སེལ། དུག་ནད་འཇོམས།