བྱུ་རུ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-29 11:33ལ་འགྲུབ།

བྱུ་རུ།

བྱུ་རུ།
རིན་པོ་ཆེའི་རིགས་ཏེ། མདོག་དམར་པོ་དང་ནག་པོ། དཀར་པོ་བཅས་གསུམ་མཆིས། རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཀླད་སྐྱོན་དང༌། རྩ་ཚད། དུག་ཚད། མཆིན་ཚད་བཅས་ལ་ཕན། རྒྱན་ཆའི་རིགས་ཀྱང་ཡིན།
1 ལོ་ཙཱ།

རྒྱ་ཡིག 珊瑚

དབྱིན་ཡིག coral

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  བྱི་རུ་ཡི་འབྲི་སྲོལ་གཞན།

2.བརྡ་དག་མིང་ཚིག་གསལ་བ་ལས།  བྱི་རུ་སྟེ་རིན་ཆེན་དམར་པོ།   即 བྱི་རུ།  珊瑚。

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  རྒྱུ་དངོས་རྡོ་ཡིན་ཡང་རྒྱ་མཚོའི་འགྲམ་གྱི་བྲག་དང་བྱེ་མ་ལས་ཤིང་ལྟར་སྐྱེས་པ་སྟེ་རིགས་དཀར་དམར་གཉིས་ཡོད་ཚུལ《རིན་ཆེན་བརྟག་པ》ལས་གསུངས་སོ། །

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  རིན་པོ་ཆེའི་རིགས་ཏེ། མདོག་དམར་པོ་དང་ནག་པོ། དཀར་པོ་བཅས་གསུམ་མཆིས། རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཀླད་སྐྱོན་དང༌། རྩ་ཚད། དུག་ཚད། མཆིན་ཚད་བཅས་ལ་ཕན། རྒྱན་ཆའི་རིགས་ཀྱང་ཡིན། 珊瑚。珍宝药物,亦可作装饰品。色分赤、黑及白等三种,味涩,性凉。功能治脑疾,清经络热及肝热,解诸毒。མིང་གི་རྣམ་གྲངས་ལ་ནོར་བུ་ཆེན་པོ་དང༌། ནོར་བུའི་འཁྲི་ཤིང༌། དཔལ་གྱི་མེ་ཏོགརིན་ཆེན་སྡོང་པོ། ལུས་དམར་འདབ། གསེར་ཅན་འདབ་བཅས་སོ། །

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག རིན་པོ་ཆེའི་རིགས་ཏེ། མདོག་དམར་པོ་དང་ནག་པོ། དཀར་པོ་བཅས་གསུམ་མཆིས། རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཀླད་སྐྱོན་དང༌། རྩ་ཚད། དུག་ཚད། མཆིན་ཚད་བཅས་ལ་ཕན། རྒྱན་ཆའི་རིགས་བཟོ་ཆོག དཔེར་ན། བྱུ་རུའི་ཕྱག་ཕྲེང་། བྱུ་རུའི་སྐེ་རྒྱན་ལྟ་བུ། མིང་གི་རྣམ་གྲངས། བི་དྲུ་མ། རྣམ་པར་ཤིང་། སྟོབས་རབ། མདོག་ཅན། སྡོམ་པ་ལ། ནོར་བུ་ཆེན་པོ། ནོར་བུའི་འཁྲི་ཤིང༌། དཔལ་གྱི་མེ་ཏོག མུངྐ་བ། ལུས་དམར་འདབ། གསེར་འདབ་ཅན།