བྱུ་རུ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-29 11:33ལ་འགྲུབ།

བྱུ་རུ།

བྱུ་རུ།
བྱུ་རུས་མཆིན་ཚད་རྩ་ཚད་དུག་ཚད་སེལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玛瑙
ཕྱི་ཡིག་གི་མིང་།
agate
མིང་གཞན།
ཝནྣ་ཀ མདོག་ཅན། པྲ་བ་ལ། སྟོབས་རབ། རྣམ་པར་ཤིང་། ས་བ་ར།
བྱེད་ནུས།
བྱུ་རུས་མཆིན་ཚད་རྩ་ཆད་དུག་ཚད་སེལ།
1 ངོ་བོ། 

རིགས་དཀར་པོ་དང་། དམར་པོ། ནག་པོ་གསུམ་ཡོད་པ་ནི་རྒྱ་མཚོ་ཆེན་པོའི་གླིང་ལག་ནས་ཁ་ཅིག་བྲག་ལས་ཤིང་ལྟར་སྐྱེས་པ་ངོ་བོ་རྡོ་རིགས་ཡིན་པ། སྨིན་ཆེ་ཆུང་གིས་ཁ་དོག་གསུམ་དུ་འགྱུར་བ་ཡིན་གསུངས། དེང་སང་དཀར་ཤས་ཅན་དང་དམར་པོ་གཉིས་ལས་ནག་པོ་མཐོང་རྒྱུ་མེད། སྐབས་འདིར་བསྔགས་པ་ནི་དམར་པོའོ༎ བྱུར་འདྲ་དང་ནོར་སོ་ཡོད་པས་གཟབ་དགོས། 

2 ནུས་པ། 

མཆིན་ཚད་དང་རྩ་ཚད་དུག་ཚད་རྣམས་སེལ་བར་བྱེད། རང་བྱུང་བས། བྱུ་རུས་འདུས་པའི་ནད་ལ་ཕན༎