མུ་ཏིགསྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-29 08:24ལ་འགྲུབ།

མུ་ཏིག

མུ་ཏིག
སྲོག་ཆགས་ཉ་ཕྱིས་ཀྱི་སྐོགས་ཤུན་ནང་དུ་ཟེགས་མ་ཞུགས་པ་ན། ཉ་ཕྱིས་ཀྱི་ལུས་ནས་གཤེར་ཁུའི་རིགས་ཤིག་ཟགས་ནས་ཟེགས་མ་བཏུམས་པ་ལས་གྲུབ་པའི་དངོས་པོ་རིལ་མོ་འོད་འཚེར་བ་ཆེ་ཆུང་སྣ་ཚོགས་ཡོད་པ་ཞིག་ཡིན་ཞིང་། སྨན་མཆོག་ཅིག་ཡིན་ལ་རྒྱན་ཆ་ཡང་བྱེད་ཆོག
1 ལོ་ཙཱ།

རྒྱ་ཡིག 珍珠

དབྱིན་ཡིག pearl

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  སྲོག་ཆགས་ཉ་ཕྱིས་ཀྱི་སྐོགས་ཤུན་ནང་དུ་ཟེགས་མ་ཞུགས་པ་ན། ཉ་ཕྱིས་ཀྱི་ལུས་ནས་གཤེར་ཁུའི་རིགས་ཤིག་ཟགས་ནས་ཟེགས་མ་བཏུམས་པ་ལས་གྲུབ་པའི་དངོས་པོ་རིལ་མོ་འོད་འཚེར་བ་ཆེ་ཆུང་སྣ་ཚོགས་ཡོད་པ་ཞིག་ཡིན་ཞིང་། སྨན་མཆོག་ཅིག་ཡིན་ལ་རྒྱན་ཆ་ཡང་བྱེད་ཆོག

2.བརྡ་དག་མིང་ཚིག་གསལ་བ་ལས།  ﹝梵﹞མུཀྟིཀཱའམ་མཽཀྟིཀཱའི་ཟུར་ཆག་སྟེ་བསྒྱུར་ན་གྲོལ་བ་ཅན།  珍珠,梵文 མུཀྟིཀཱ 或 མཽཀྟིཀཱ 之变音,义为已得解脱者。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  [ལེགས]རིན་པོ་ཆེའི་བྱེ་བྲག་གྲོལ་བ་ཅན་ཏེ། ནང་གསེས་སུ་དབྱེ་ན་རིགས་དྲུག་མཆིས། རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཀླད་སྐྱོན་གསོ། རྩ་དཀར་གྱི་ནད་སེལ། དུག་ནད་ལ་ཕན། 珍珠。梵义译为蜕变者。内分六种,入药味涩,性凉,功能治脑病、瘫痪,解诸毒:སོ་མུ་ཏིག་ཙམ་ཡང་མེད་པ། 牙无一颗。བྱ་ཁྭ་ཏའི་ཁ་ནས་མུ་ཏིག་མེད། 乌鸦嘴里无珍珠。喻同汉谚“狗嘴吐不出象牙”。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ཉ་ཕྱིས་ཀྱི་སྐོགས་ཤུན་ནང་དུ་ཡོད་པའི་རིན་པོ་ཆེའི་རིགས་ཤིག་སྟེ། རང་བཞིན་མཁྲེགས་པོ་དང་། མདོག་དཀར་ཞིང་དབྱིབས་ཟླུམ་པོ་ཡིན། རྒྱན་ཆ་བཟོ་བ་དང་། སྨན་མཆོག་ཅིག་ཀྱང་ཡིན། དཔེར་ན། མུ་ཏིག་གི་སྐེ་རྒྱན། གསེར་གྱི་མཛུབ་དཀྲིས་མུ་ཏིག་གི་ཕྲ་ཅན་ལྟ་བུ། མིང་གི་རྣམ་གྲངས། མུཀྟི་ཀ གྲོལ་བ། ཆུ་ཡི་འབྲས་བུ། ཆུ་ཡི་རུས་པ། ཉ་ཕྱིས་ས་བོན། ཉ་ཕྱིས་སྐྱེས། སྦུབས་སྐྱེས། རཀྟ་མུཀྟི་ཀ ག་ཛ་མུཀྟི་ཀ གླང་བོའི་མུ་ཏིག བ་ལུ་མུཀྟི་ཀ རཾ་པ་མུ་ཀྟིཀ སརྦ་མུཀྟི་ཀ ཤི་སཾ་ཀ་མུཀྟི་ཀ