གཡུ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-29 08:24ལ་འགྲུབ།

གཡུ།

གཡུ།
རིན་པོ་ཆེ་གཡུ་ཡིས་དུག་དང་མཆིན་པའི་ཚ་བ་སེལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
绿松石
ཕྱི་ཡིག་གི་མིང་།
Turquoise
མིང་གཞན།
བཻ་རཱ་ཛ། རིན་པོ་ཆེའི་རྒྱལ་པོ། རྡོའི་རྒྱལ་པོ།
བྱེད་ནུས།
གཡུ་ཡིས་དུག་དང་མཆིན་ནད་སེལ།
ཁ་དོག
ལྗང་མདོག སྔོན་པོ། སྔོ་ལྗང་། སེར་ལྗང་།
1 ངོ་བོ། 

གཡུ་རྙིང་རིགས་གསུམ། བར་གཡུ་རིགས་གཉིས། གཡུ་གསར་རིགས་གསུམ་བཅས་བརྒྱད་དུ་དབྱེ་བ་དང་། དེང་སྐབས་དྲུག་དཀར། དྲུག་དམར། གཡུ་སྤྱང་། གཡུ་སྔོན། བར་དམར། གཡུ་གསར་བཅས་འབྱུང་བས། སྔོ་ནེ་འདྲ་ལ་རྡོ་རོ་འདྲེས་པ་དེ་ནི་ཐ་མའམ་གཡུ་རོ་ཡིན། སྨན་ལ་སྔོན་མ་གཡུ་རྙིང་རྣམས་གང་བྱུང་བཏང་བ་ལས་ཕྱི་མས་ནི་མི་རུང་། ལྷག་པར་གཡུ་གསར་ནི་ངོ་བོ་ས་ཡིན་པ་འདྲ་བས་བཙོས་པའི་རྗེས་ས་འདམ་འདྲ་བ་ཞིག་ཏུ་འགྱུར་མི་འགྲོ་འདུག་པས་སྨན་དུ་བཏང་མི་རུང་། གཡུ་བཟང་གཞན་གང་ལྟར་ངོ་བོ་རྡོ་ཡིན་པ་ཞིག་ངེས་པར་དགོས། 

2 ནུས་པ། 

དུག་དང་མིན་པའི་ཚད་པ་མ་ལུས་སེལ་བར་བྱེད།