མི་སྒེར་གྱི་རྒན་གསོའི་འགན་བཅོལ།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-29 10:16ལ་འགྲུབ།

མི་སྒེར་གྱི་རྒན་གསོའི་འགན་བཅོལ།

མི་སྒེར་གྱི་རྒན་གསོའི་འགན་བཅོལ།
མི་སྒེར་གྱི་རྒན་གསོའི་འགན་བཅོལ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྣམས་འགན་བཅོལ་བྱ་ཡུལ་དུ་བྱེད་པའི་མི་ལུས་འགན་བཅོལ་ཞིག་ཡིན་པ་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་འགན་བཅོལ་གྱི་འགན་བཅོལ་རིགས་ཆེན་པོ་ལྔའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་འགན་བཅོལ་རིགས་ཀྱི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
个人养老保险
འགན་བཅོལ་བྱ་ཡུལ།
ལོ16ཡན་ལ་སླེབས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི།
ངོ་བོ།
མིའི་ལུས་ཁམས་ཉེན་འགོག་འགན་ལེན།
དུས་ཚོད།
ཉེན་འགོག་འགན་ལེན་གྱི་གྲོན་དངུལ་སྤྲོད་པའི་དུས་ཡུན་དང་རྒན་གསོའི་དངུལ་གྲངས་ལེན་པའི་དུས་སྐབས།
དོན་སྙིང་།
ཐོན་སྐྱེད་བསྐྱར་མ་དང་སྤྱི་ཚོགས་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།
1 ངོ་སྤྲོད།

མི་སྒེར་གྱི་རྒན་གསོའི་འགན་བཅོལ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྣམས་འགན་བཅོལ་བྱ་ཡུལ་དུ་བྱེད་པའི་མི་ལུས་འགན་བཅོལ་ཞིག་ཡིན། ལོ་ན་བཅུ་དྲུག་ཡན་ལ་སོན་ཡོད་ཚེ། ལུས་ཁམས་བདེ་ཐང་ཡིན་པའམ་རྒྱུན་ལྡན་གྱི་ལས་ཀ་བྱེད་ཐུབ་པའམ་ངལ་རྩོལ་བྱེད་ཐུབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཚང་མ་ཉེན་འགོག་འགན་ལེན་བྱ་ཡུལ་དུ་བརྩིས་ནས་ཉེན་འགོག་འགན་ལེན་ཀུང་སིར་ཉེན་འགོག་འགན་ལེན་ཞུས་ཆོག མི་སྒེར་གྱི་རྒན་གསོའི་འགན་བཅོལ་གྱི་དུས་ཚད་ནང་འགན་བཅོལ་གྲོན་དངུལ་འཇལ་བའི་དུས་ཡུན་དང་རྒན་གསོའི་དངུལ་གྲངས་ལེན་པའི་དུས་ཡུན་ཚུད་ཡོད། ཉེན་འགོག་འགན་ལེན་གྱི་གྲོན་དངུལ་སྤྲོད་པའི་དུས་ཡུན་དེ་ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིས་ཉེན་འགོག་འགན་ལེན་བྱེད་པའི་འགྲོ་ལུགས་འགྲིམ་དགོས་པ་མ་ཟད། དུས་རིམ་དང་པོའི་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་འཇལ་སྤྲོད་བྱེད་མགོ་ཚུགས་པ་ནས་ཁ་ཆད་བཞག་པའི་འཇལ་སྤྲོད་དུས་ཡུན་མ་ཐིམ་པའི་བར་ཡིན། རྒན་གསོའི་འཚོ་དངུལ་ལེན་རྒྱུ་དེ་ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིས་ཁ་ཆད་བཞག་པའི་དངུལ་སྤྲོད་དུས་ཡུན་ཐིམ་པའི་ཟླ་བ་རྗེས་མ་ནས་ཉེན་འགོག་འགན་ལེན་བྱེད་མཁན་གྱི་ཉེན་འགོག་འགན་ལེན་གྱི་འགན་འཁྲི་སྒྲུབ་མཚམས་འཇོག་པའི་བར་ཡིན།

2 འགན་བཅོལ་འགན་འཁྲི།

མི་སྒེར་གྱི་རྒན་གསོའི་འགན་བཅོལ་གྱི་གན་རྒྱས་ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིར་གཤམ་གསལ་གྱི་འགན་བཅོལ་འགན་འཁྲི་འཁུར་དགོས་པ་སྟེ། ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིས་རྒན་གསོའི་འཚོ་དངུལ་ལེན་པའི་དུས་ཡུན་ནང་ལོ10ཡི་གཏན་འཇགས་ཀྱི་ལོ་ཕོགས་ཐོབ་ཆོག་པ་དང་། གལ་ཏེ་ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མི་གཏན་འཇགས་ཀྱི་ལོ་ཕོགས་རིང་ཚེ་ལས་འདས་པ་ཡིན་ན། དེའི་ཕན་ཆ་ཐོབ་མཁན(ཕན་ཆ་ཐོབ་མཁན་དམིགས་འཛུགས་བྱས་མེད་ན།དེའི་ཁྲིམས་བཀོད་ཤུལ་འཛིན་པ)གྱིས་མུ་མཐུད་དུ་ལོ10ལ་བླངས་ཆོག་པ་དང་། འགན་བཅོལ་འགན་འཁྲི་འཁུར་མཁན་གྱིས་མཚམས་འཇོག་དགོས། གལ་ཏེ་ཉེན་འགོག་འགན་ལེན་བྱ་ཡུལ་གྱིས་ལོ10ཡི་གཏན་འཇགས་ལོ་ཕོགས་བླངས་རྗེས་ད་དུང་འཚོ་བཞུགས་ཡོད་ཚེ་མུ་མཐུད་རྒན་གསོའི་དངུལ་ལེན་ཆོག་པ་དང་། འགན་བཅོལ་འགན་འཁྲི་འཁུར་མཁན་གྱིས་མཚམས་འཇོག་རྒྱུ། གལ་ཏེ་ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིས་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་སྤྲོད་པའི་དུས་ཡུན་ནང་ཚེ་ལས་འདས་པ་ཡིན་ན། གཏན་འབེབས་ལྟར་ཚེ་ལས་འདས་པའི་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་བླངས་ཆོག་པ་དང་། ཉེན་འགོག་འགན་ལེན་གྱི་འགན་འཁྲི་མཇུག་རྫོགས་པ་ཡིན།    

མི་སྒེར་གྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་སྤྲོད་པའི་བྱེད་སྟངས་དེ་ཟླ་བ་དང་། དུས་ཚིགས། ལོ་རེར་རྩིས་སྤྲོད་བྱས་ཆོག་ལ། འགན་བཅོལ་ནང་ཞུགས་སྐབས་ཐེངས་གཅིག་གིས་འཇལ་ཆོག་པ་དང་། འགན་བཅོལ་བྱ་ཡུལ་གྱི་ཟླ་རེའི་འགན་བཅོལ་གྲོན་དངུལ་སྒོར20ལས་དམའ་མི་རུང་བ་དང་། ལོ་རེའི་འགན་བཅོལ་གྲོན་དངུལ་སྒོར200ལས་ཉུང་མི་རུང་། རྒན་གསོའི་འཚོ་དངུལ་ལེན་འགོ་ཚུགས་པའི་ལོ་ཚད་ནི50དང་། 55 60 65བཅས་རིམ་པ་བཞི་ཡིན་པ་དང་། ཉེན་འགོག་འགན་ལེན་ཞུ་མཁན་གྱིས་རང་ཉིད་ཀྱིས་འོས་འཚམ་ཡིན་པར་འདོད་པའི་རིམ་པ་བདམས་ཆོག ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིས་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་སྤྲད་ནས་ལོ་གཉིས་འགོར་བ་དང་། གལ་ཏེ་དགོས་མཁོ་ཡོད་ཚེ་འཛིན་ཡིག་ལ་བརྟེན་ནས་ཉེན་འགོག་འགན་ལེན་ཀུང་སིར་དངུལ་གཡར་རྒྱུའི་རེ་འདུན་ཞུས་ཆོག དངུལ་བུན་ལེན་པའི་དངུལ་གྲངས་དེ་ཉེན་འགོག་འགན་ལེན་འཛིན་ཤོག་གི་ལག་དངུལ་རིན་ཐང་གི་བརྒྱ་ཆའི70ལས་བརྒལ་མི་ཆོག་པ་དང་དངུལ་བུན་ལེན་པའི་དུས་ཚད་ཟླ7ལས་བརྒལ་མི་ཆོག དངུལ་བུན་གཏོང་ལེན་གྱི་མ་སྐྱེད་གཉིས་དངུལ་བུན་འཇལ་དུས་ཐིམ་པའི་སྐབས་སུ་མཉམ་དུ་ཕྱིར་སྤྲོད་རྒྱུ་དང་། དུས་ལས་ཡོལ་ཡང་ཕྱིར་མ་སྤྲད་ན། དངུལ་བུན་གཏོང་ལེན་གྱི་མ་སྐྱེད་དེ་འགན་བཅོལ་ཕྱིར་འཐེན་གྱི་དངུལ་གྲངས་ལ་སླེབས་ཚེ་འགན་བཅོལ་གྱི་ནུས་པ་ཐོན་མཚམས་འཇོག་དགོས།

མི་སྒེར་གྱི་རྒན་གསོའི་འགན་བཅོལ་གྱིས་རང་རྒྱལ་གྱི་རིམ་པ་མང་བ་དང་རྣམ་པ་མང་བའི་སྤྱི་ཚོགས་རྒན་གསོའི་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་མེད་དུ་མི་རུང་བའི་ནུས་པ་ཐོན་ཡོད།

3 བདག་སྤྲོད་ཁྱབ་ཁོངས།

སྤྱི་ཚོགས་འགན་བཅོལ་ཅུའུ་ཡིས་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་ལས(མ་རྩ་སྟོངས་པ་དང་། ཁ་ཐོར་དུ་སོང་བ། སྒོ་རྒྱག་པ་བཅས་ཀྱི་ཁེ་ལས་ཚུད་པ)ལས་ཤོར་ལས་བཟོ་བ། གྲོང་ཁྱེར་དེ་གའི་ཐེམ་ཐོའི(གྲོང་གསེབ་ཀྱི་ཐེམ་ཐོ་ཚུད)ཡོད་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་གླ་བ། གྲོང་ཁྱེར་དེ་གའི་ཐེམ་ཐོའི(གྲོང་གསེབ་ཀྱི་ཐེམ་ཐོ་ཚུད་པ)དང《གཉེར་སྐྱོང་ལག་ཁྱེར》ཡོད་པའི་སྒེར་གྱི་སྐྱེལ་འདྲེན་བདག་པོ་དང་དེའི་གླ་བ་བྱེད་པ། ལས་ཁུངས་དང་བྱ་ལས་སྡེ་ཚན་དང་ངལ་རྩོལ(གདན་ཞུ)གྱི་འབྲེལ་བ་མེད་པར་བཟོས་པའི་ལས་བཟོ་བ། ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་ལས་དོན་མི་སྣ། གྲོང་ཁྱེར་དེ་གའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་ཡོད་པའི་སྟབས་བསྟུན་ལས་ཞུགས་མི་སྣ། མ་རྩ་སྟོངས་པ་དང་། ཁ་ཐོར་དུ་སོང་བ། སྒོ་བརྒྱབ་པ་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་ཚན་པའི་འགན་བཅོལ་ནང་ཞུགས་རྒྱུ་ལུས་པའི་མི་སྣ། དམག་ནས་ཕྱིར་ལོག་པའི་དམག་མི་བཀོད་སྒྲིག་བྱས་མེད།  

4 དཔལ་འབྱོར་འབྲེལ་བ།
4_1 མཚན་ཉིད།

(ཚོང་ལས་ཉེན་འགོག་ཁོ་ནར་བསྟན་པ) ཉེན་འགོག་ཁག་ཐེག་ཞུ་མཁན་གྱིས་གན་རྒྱའི་ཁ་ཆད་ལྟར་ཉེན་འགོག་ཁག་ཐེག་བྱེད་མཁན་ལ་ཉེན་འགོག་གི་གྲོན་དངུལ་སྤྲོད་དགོས་པ་དང་། ཉེན་འགོག་མཁན་གྱིས་གན་རྒྱའི་ནང་ཁ་ཆད་བཞག་པའི་འབྱུང་སྲིད་པའི་དོན་རྐྱེན་བྱུང་བའི་རྐྱེན་གྱིས་རྒྱུ་ནོར་ལ་གྱོང་གུན་ཐེབས་པར་ཉེན་འགོག་ཁག་ཐེག་བྱེད་འགན་འཁུར་དགོས་པའམ་ཡང་ན་ཉེན་འགོག་བྱ་ཡུལ་གྱི་མི་ཤི་བ་དང་། རྨས་སྐྱོན་བྱུང་བ། ནད་ཕོག་པའམ་གན་རྒྱའི་ནང་ཁ་ཆད་བཞག་པའི་ལོ་ཚོད་དང་དུས་ཚད་ལ་སླེབས་ཚེ་ཉེན་འགོག་འགན་ལེན་བྱེད་དངུལ་སྤྲོད་འགན་འཁུར་བའི་ཚོང་ལས་ཀྱི་ཉེན་འགོག་འགན་ལེན་གྱི་བྱ་སྤྱོད་ལ་ཟེར། 

ཉེན་འགོག་འགན་ལེན་ནི་གན་རྒྱའི་རྣམ་པས་ཕྱོགས་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་གཏན་འཁེལ་བྱས་ཏེ། ཉེན་འགོག་འགན་ལེན་གྱི་གྲོན་དངུལ་སྤྲད་ནས་བཙུགས་པའི་ཉེན་འགོག་འགན་ལེན་གྱི་ཐེབས་རྩ་ཞིག་ཡིན་ལ། ཉེན་འགོག་འགན་ལེན་གྱི་གན་རྒྱའི་གཏན་འབེབས་ཀྱི་ཁྱབ་ཁོངས་ནང་གི་གནོད་འཚེའི་དོན་རྐྱེན་གྱིས་བཟོས་པའི་གྱོང་གུན་ལ་དཔལ་འབྱོར་གྱི་ཁ་གསབ་བམ་གཏོང་སྤྲོད་བྱེད་པའི་དཔལ་འབྱོར་གྱི་རྣམ་པ་ཞིག་ཡིན།  

ཉེན་འགོག་འགན་ལེན་ནི་དཔལ་འབྱོར་གྱི་ཁྱབ་ཁོངས་སུ་གཏོགས་ཤིང་། དེས་གསལ་སྟོན་བྱས་པ་ནི་ཉེན་འགོག་འགན་ལེན་གྱི་ངོ་བོ་དང་། ཉེན་འགོག་འགན་ལེན་གྱི་ངོ་བོའི་རང་བཞིན་གྱི་དངོས་པོ་ཡིན།

ངོ་བོའི་ཐོག་ནས་བཤད་ན། འགན་བཅོལ་གྱིས་མཚོན་པ་ནི་དཔལ་འབྱོར་གྱི་འབྲེལ་བ་ཞིག་ཡིན་པ་དང་། དེའི་མཚོན་ཚུལ་ནི།

(1) ཉེན་འགོག་འགན་ལེན་བྱེད་མཁན་དང་ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིའི་ཚོང་ཟོག་བརྗེ་རེས་ཀྱི་འབྲེལ་བ།

(2) ཉེན་འགོག་འགན་ལེན་བྱེད་མཁན་དང་ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིའི་བར་གྱི་ཡོང་འབབ་བགོ་བཤའ་རྒྱག་པའི་འབྲེལ་བ།

དཔལ་འབྱོར་གྱི་ཕྱོགས་ནས་བལྟས་ན།

འགན་བཅོལ་ནི་གྱོང་གུན་ཆ་བགོས་བྱེད་ཐབས་ཤིག་ཡིན་ཞིང་། སྡེ་ཚན་དང་མི་སྒེར་མང་ཆེ་བས་འགན་བཅོལ་གྲོན་དངུལ་སྤྲད་དེ་འགན་བཅོལ་ཐེབས་རྩ་བཙུགས་ནས་ཁོངས་མི་ཉུང་ཤས་ཀྱི་གྱོང་གུན་དེ་འགན་བཅོལ་བྱ་ཡུལ་ཡོངས་ཀྱིས་འཁུར་དགོས།

བཅའ་ཁྲིམས་ཀྱི་དོན་སྙིང་ཐོག་ནས་བཤད་ན།

ཉེན་འགོག་ནི་གན་རྒྱའི་བྱ་སྤྱོད་ཅིག་ཡིན་ཏེ། ཉེན་འགོག་གན་རྒྱ་བཞག་པ་བརྒྱུད་ནས་དོ་བདག་ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན་གསལ་བོར་བྱས་ཏེ། ཉེན་འགོག་བྱ་ཡུལ་གྱིས་ཉེན་འགོག་གྲོན་དངུལ་སྤྲད་དེ་ཉེན་འགོག་གན་རྒྱའི་གཏན་འབེབས་ཁྱབ་ཁོངས་ནང་གི་སྐྱིན་ཚབ་ལེན་པ་དང་། ཉེན་འགོག་མཁན་ལ་ཉེན་འགོག་གྲོན་དངུལ་ལེན་པའི་ཁེ་དབང་དང་སྐྱིན་ཚབ་སྤྲོད་པའི་འོས་འགན་ཡོད།

དེའི་ཐོག་ནས་འགན་བཅོལ་ནི་དཔལ་འབྱོར་གྱི་འབྲེལ་བ་དང་བཅའ་ཁྲིམས་ཀྱི་འབྲེལ་བ་གཅིག་གྱུར་ཡིན་པ་ཤེས་ཐུབ།

ཉེན་འགོག་འགན་ལེན་ནི་དཔལ་འབྱོར་ལམ་ལུགས་ཤིག་ཡིན་ལ། དུས་མཚུངས་སུ་བཅའ་ཁྲིམས་ཀྱི་འབྲེལ་བ་ཞིག་ཀྱང་ཡིན། ཉེན་འགོག་འགན་ལེན་ནི་མཚོ་ཐོག་གི་དངུལ་བུན་གཏོང་ལེན་ལས་བྱུང་བ་ཡིན།དུས་རབས་བར་མར་སླེབས་དུས། དབྱི་ཐ་ལིར་ཉེན་མཆོང་གི་བུ་ལོན་གཏོང་ལེན་བྱུང་བ་དང་། ཉེན་མཆོང་གི་བུ་ལོན་གཏོང་ལེན་གྱི་སྐྱེད་ཀ་དེ་ད་ལྟའི་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་དང་འདྲ། འོན་ཀྱང་དེའི་སྐྱེད་ཀ་མཐོན་པོ་ཆོས་ཚོགས་ཀྱིས་བཀག་འགོག་བྱས་པས་ཉམས་རྒུད་དུ་སོང་། སྤྱི་ལོ1384ལོར་པི་སཱ་འཛམ་གླིང་སྟེང་གི་ཉེན་འགོག་འཛིན་ཡིག་དང་པོ་བྱུང་བ་དང་། དེང་རབས་ཀྱི་ཉེན་འགོག་ལམ་ལུགས་དེ་ནས་བཟུང་བྱུང་བ་ཡིན།

ཉེན་འགོག་འགན་ལེན་ནི་ཐོག་མར་དཔལ་འབྱོར་ལམ་ལུགས་ཤིག་ཡིན།

ཉེན་འགོག་འགན་ལེན་ནི་དཔལ་འབྱོར་འཚོ་བ་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་ཆེད་དང་། དམིགས་བསལ་གྱི་ཉེན་ཁའི་དོན་རྐྱེན་ནམ་དམིགས་བསལ་གྱི་དོན་རྐྱེན་བྱུང་བ་ལས་བྱུང་བའི་གྱོང་གུན་ལ་སྡེ་ཚན་མང་ཆེ་བའི་ཐུན་མོང་གི་སྟོབས་ཤུགས་སྤྱད་དེ་ལུགས་མཐུན་གྱི་རྩིས་བརྒྱབ་ནས་ཐུན་མོང་དུ་ཐེབས་རྩ་བཙུགས་པ་ཞིག་ཡིན།

གུན་གསབ་དང་སྤྲོད་དགོས་པའི་དཔལ་འབྱོར་ལམ་ལུགས་ཀྱིས་ཉེན་འགོག་གྲུབ་པར་ཆ་རྐྱེན་གཙོ་བོ་བཞི་ཚང་དགོས་ཏེ།

①ཉེན་འགོག་འགན་ལེན་ལ་ངེས་པར་དུ་ཉེན་ཁ་ཡོད།

ཉེན་འགོག་འགན་ལེན་ལམ་ལུགས་འཛུགས་པའི་དམིགས་ཡུལ་ནི་དམིགས་བསལ་གྱི་ཉེན་ཁ་ཆེ་བའི་བྱུར་ཉེས་བྱུང་བར་ཁ་གཏད་འཇལ་རྒྱུ་དེ་ཡིན་པ་དང་། ཉེན་ཁ་མེད་ན་ཉེན་འགོག་འགན་ལེན་མེད།

②ཉེན་འགོག་འགན་ལེན་གྱིས་ངེས་པར་དུ་ཉེན་ཁའི་བྱུར་ཉེས་ལས་བྱུང་བའི་གྱོང་གུན་ལ་དཔལ་འབྱོར་ཐོག་ནས་སྐྱིན་ཚབ་སྤྲོད་དགོས།

དཔལ་འབྱོར་གུན་གསབ་ཅེས་པ་ནི་གུན་གསབ་དེ་རིགས་ནི་མེད་པར་གྱུར་པའི་ཐོག་མའི་དངོས་པོ་སླར་གསོ་བྱེད་པ་མིན་ལ། དངོས་པོའི་སྐྱིན་ཚབ་ཀྱང་མིན་པར། དངུལ་ལོར་གྱི་གུན་གསབ་བྱེད་པ་ཡིན། དེའི་ཕྱིར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱིས་བཟོས་པའི་གྱོང་གུན་དེ་ངེས་པར་དུ་དཔལ་འབྱོར་སྟེང་རིན་ཐང་རྩིས་རྒྱག་ཐུབ་པ་ཡིན་དགོས། མི་ལུས་ཉེན་འགོག་འགན་ལེན་ཁྲོད་དུ། མི་ལུས་རང་ཉིད་ཀྱིས་རིན་ཐང་བརྩི་ཐབས་བྲལ་བ་ཡིན་མོད། འོན་ཀྱང་མིའི་ངལ་རྩོལ་གྱིས་རིན་ཐང་གསར་སྐྲུན་བྱེད་ཐུབ་པ་དང་། མི་ཤི་བ་དང་རྨས་སྐྱོན་བྱུང་ན། ངལ་རྩོལ་ནུས་ཤུགས་ཤོར་དུ་འཇུག་པ་དང་། མི་སྒེར་རམ་ཡང་ན་དེའི་ཁྱིམ་ཚང་གི་ཡོང་འབབ་ཇེ་ཉུང་དུ་སོང་ནས་འགྲོ་སོང་འཕར་སྣོན་བྱེད་སྲིད། དེར་བརྟེན། མི་ལུས་ཉེན་འགོག་འགན་ལེན་ནི་དཔལ་འབྱོར་གྱི་ཁ་གསབ་བམ་ཡང་ན་གཏོང་སྤྲོད་ཀྱི་ཐབས་ཤེས་སྤྱད་དེ་དཔལ་འབྱོར་སྟེང་གི་ཁུར་པོ་ཁ་སྣོན་བྱེད་པ་ལས། ཤོར་ཟིན་པའི་ངལ་རྩོལ་ནུས་ཤུགས་སམ་ཚེ་སྲོག་སླར་གསོ་བྱེད་པར་ཁག་ཐེག་བྱེད་པ་མིན།

③ཉེན་འགོག་འགན་ལེན་ལ་ངེས་པར་དུ་ཕན་ཚུན་རོགས་རམ་དང་སྐྱིད་སྡུག་མཉམ་མྱོང་གི་འབྲེལ་བ་ཡོད་དགོས།

ཉེན་འགོག་འགན་ལེན་ལམ་ལུགས་ནི་གྱོང་གུན་དེ་སྡེ་ཚན་མང་པོར་བགོས་ནས་འགན་འཁུར་བའི་བྱེད་ཐབས་སྤྱད་དེ་གནོད་འཚེ་ཕོག་པའི་སྡེ་ཚན་གྱི་གྱོང་གུན་ཆུང་དུ་གཏོང་རྒྱུ་དེ་ཡིན། ཉེན་འགོག་འགན་ལེན་ཞུ་མཁན་གྱིས་ཐུན་མོང་དུ་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་སྤྲོད་དགོས་པ་དང་། ཉེན་འགོག་འགན་ལེན་གྱི་ཁ་གསབ་ཐེབས་རྩ་བཙུགས་ནས་ཐུན་མོང་དུ་འགན་སྲུང་བྱེད་དགོས། 

④ཉེན་འགོག་འགན་ལེན་གྱི་འགན་བགོས་དངུལ་ངེས་པར་དུ་ལུགས་མཐུན་ཡིན་དགོས།

ཉེན་འགོག་འགན་ལེན་གྱི་ཁ་གསབ་ཐེབས་རྩ་ནི་ཉེན་འགོག་འགན་ལེན་ནང་ཞུགས་པའི་མིས་འགན་འཁུར་རྒྱུ་ཡིན་ཞིང་། མི་སོ་སོའི་འགན་འཁུར་ལུགས་མཐུན་དྲང་གཞག་ཡོང་ཆེད་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཡན་ལག་དངུལ་རྩིས་རྒྱག་དགོས།

ཉེན་འགོག་འགན་ལེན་ནི་བཅའ་ཁྲིམས་ཀྱི་འབྲེལ་བ་ཞིག་ཡིན།

ཉེན་འགོག་འགན་ལེན་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་ཡང་ན་དོ་བདག་ཕྱོགས་གཉིས་ཀྱིས་ཁ་ཆད་བྱས་པ་ལྟར་ཕྱོགས་གཅིག་གིས་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་སྤྲོད་པའི་འོས་འགན་འཁུར་ནས་ཕྱོགས་ཅིག་ཤོས་ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ནམ་དམིགས་བསལ་གྱི་དོན་རྐྱེན་བྱུང་བའི་རྐྱེན་གྱིས་བྱུང་བའི་གྱོང་གུན་ལ་དཔལ་འབྱོར་གྱི་གུན་གསབ་བམ་དངུལ་སྤྲོད་པའི་ཁེ་དབང་ལ་འགན་འཁུར་བའི་བཅའ་ཁྲིམས་ཀྱི་འབྲེལ་བ་ཞིག་ཡིན།

དེའི་ཁྱད་ཆོས་ནི།

①ཉེན་འགོག་འགན་ལེན་ནི་གན་རྒྱའི་བཅའ་ཁྲིམས་ཀྱི་འབྲེལ་བ་ཞིག་ཡིན།

②ཉེན་འགོག་འགན་ལེན་གྱི་གན་རྒྱས་ཕྱོགས་གཉིས་ཀའི་དོ་བདག་ཚང་མར་གཅུན་ནུས་ཡོད་པ།

③ཉེན་འགོག་གན་རྒྱའི་ཁྲོད་ཁ་དན་བཞག་པའི་དོན་རྐྱེན་ནམ་ཡང་ན་དོན་རྐྱེན་བྱུང་མིན་ནི་ངེས་པར་དུ་ངེས་གཏན་མིན་པ་སྟེ། སྟེས་དབང་རང་བཞིན་ལྡན།

④བྱུར་ཉེས་བྱུང་བ་ནི་ཉེན་འགོག་འགན་ལེན་གྱི་གན་རྒྱའི་དོ་བདག་ཕྱོགས་གཞན་ཞིག་སྟེ་ཉེན་འགོག་འགན་ལེན་བྱ་ཡུལ་གྱིས་ཚོད་འཛིན་བྱེད་ཐབས་བྲལ་བ།

⑤ཉེན་འགོག་མཁན་གྱིས་ཉེན་འགོག་དོན་རྐྱེན་བྱུང་རྗེས་སྒོར་མོ་དང་ཡང་ན་རིགས་འདྲ་བའི་གུན་གསབ་སྤྲོད་འགན་འཁུར་དགོས།

⑥ཉེན་འགོག་འགན་ལེན་ནི་ཉེན་འགོག་འགན་ལེན་འཛིན་ཤོག་གི་རྣམ་པ་བརྒྱུད་ནས་གཉེར་སྐྱོང་བྱེད་དགོས།

5 གོ་དོན།

རྒན་གསོའི་འགན་བཅོལ་ནི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་འགན་བཅོལ་གྱི་འགན་བཅོལ་རིགས་ཆེན་པོ་ལྔའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་འགན་བཅོལ་རིགས་ཀྱི་གྲས་ཤིག་ཡིན། རྒན་གསོའི་འགན་བཅོལ(ཡང་ན་རྒན་གསོའི་འགན་བཅོལ་ལམ་ལུགས)ཞེས་པ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ངེས་ཅན་ཞིག་གཞིར་བཟུང་སྟེ། ངལ་རྩོལ་པས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ངལ་རྩོལ་འོས་འགན་མེད་པར་བཟོ་བའི་ངལ་རྩོལ་ལོ་ཚད་ལ་སླེབས་པའམ་ཡང་ན་ལོ་ན་རྒས་པའི་དབང་གིས་ངལ་རྩོལ་ནུས་པ་ཤོར་ནས་ངལ་རྩོལ་ལས་གནས་ནས་ཕྱིར་འཐེན་བྱས་རྗེས་ཀྱི་གཞི་རྩའི་འཚོ་བ་ཐག་གཅོད་བྱེད་ཆེད་བཙུགས་པའི་སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ལུགས་ཤིག་ཡིན།   

སྟབས་བདེའི་སྒོ་ནས་བཤད་ན། རྒན་གསོའི་འགན་བཅོལ་ནི་རྒྱལ་ཁབ་ཀྱིས་ཁྲིམས་འཛུགས་བརྒྱུད་དེ་བཙན་ཤེད་ཀྱིས་ལག་བསྟར་བྱས་ཏེ། ངལ་རྩོལ་པར་ལོ་ན་རྒས་པའི་སྐབས་སུ་ངལ་རྩོལ་བྱེད་ནུས་ཤོར་བར་ཁག་ཐེག་བྱེད་དུས་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་ལམ་ལུགས་ཞིག་བཙུགས་ཏེ། གཞི་རྩའི་རྒན་གསོའི་འགན་བཅོལ་ལ་སྤྱི་ཚོགས་ཀྱིས་གཅིག་གྱུར་འཆར་འགོད་དང་མི་སྒེར་གྱི་རྩིས་ཐོ་ཟུང་འབྲེལ་བྱ་རྒྱུ་ལག་བསྟར་བྱེད་དགོས།  

5_1 འཇལ་སྤྲོད།

⑴ཁེ་ལས་དང་མི་སྒེར་གྱིས་རྒན་གསོའི་འགན་བཅོལ་དངུལ་འབབ་འཇལ་སྤྲོད་བྱེད་པའི་ཚད་གཞི་ནི།

རང་ཉིད་ཀྱིས་ལོ་གོང་མའི་ཟླ་རེའི་ཆ་སྙོམས་གླ་ཕོགས་དེ་གྲོན་དངུལ་སྤྲོད་པའི་གླ་ཕོགས་ཀྱི་གཞི་གྲངས་སུ་བརྩིས་ནས་ཁེ་ལས་ཀྱིས16%འཇལ་བ་དང་མི་སྒེར་གྱིས88%འཇལ་དགོས།

གྲོན་དངུལ་སྤྲོད་པའི་གཞི་གྲངས། (དོན་དངོས་ཐོག་ལོའི་ཟླ་གོང་མའི་ཆ་སྙོམས་གླ་ཕོགས)

ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིའི་ཟླ་རེའི་ཆ་སྙོམས་གླ་ཕོགས་དེ་ལོ་གོང་མའི་གྲོང་ཁྱེར་དེ་གའི་ལས་བཟོ་བའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་བ་ཡོད་ཚེ། ཡན་གྱི་ལོ་གཅིག་རིང་གྲོང་ཁྱེར་དེ་གའི་ལས་བཟོ་པའི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་གཞི་གྲངས་སུ་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་སྤྲོད་དགོས། 

ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མི་རང་ཉིད་ཀྱི་ཟླ་རེའི་ཆ་སྙོམས་གླ་ཕོགས་དེ་ལོ་གོང་མའི་གྲོང་ཁྱེར་དེ་གའི་ལས་བཟོ་པའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཀྱི300%ཡན་གྱི་ཆ་ཤས་ལས་མཐོ་བ་ཡོད་པ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་མི་སྤྲོད་ལ། གཞི་རྩའི་རྒན་གསོའི་དངུལ་གྱི་གཞི་གྲངས་ཀྱང་མི་བརྩི།

ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིས་རང་ཉིད་ཀྱི་ལོ་གོང་མའི་ཟླ་རེའི་ཆ་སྙོམས་གླ་ཕོགས་གཏན་འཁེལ་བྱེད་ཐབས་མེད་ན། ཡན་གྱི་ལོ་གཅིག་རིང་གྲོང་ཁྱེར་དེ་གའི་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་གླ་ཕོགས་དེ་གཞི་གྲངས་སུ་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་སྤྲོད་དགོས།(གསར་དུ་བསྡུས་པའི་མི་སྣ་དང་ལས་ཤོར་བྱུང་རྗེས་བསྐྱར་དུ་ལས་ཞུགས་མི་སྣས་རང་ཉིད་ཁེ་ལས་སུ་ལས་ཀ་བྱེད་པར་ཡོང་བའི་ཟླ་དང་པོའི་གླ་ཕོགས་དེ་ལོ་དེའི་གྲོན་དངུལ་སྤྲོད་པའི་གླ་ཕོགས་ཀྱི་གཞི་གྲངས་སུ་བརྩིས་ནས་གཏན་འབེབས་བྱས་པའི་བསྡུར་ཚད་ལྟར་རྒན་གསོའི་འགན་བཅོལ་གྲོན་དངུལ་སྤྲོད་རྒྱུ། ལོ་གཉིས་པའི་གྲོན་དངུལ་སྤྲོད་པའི་གླ་ཕོགས་ཀྱི་གཞི་གྲངས་དེ་མི་རང་ཉིད་ཀྱིས་ལོ་གོང་མར་དངོས་སུ་སྤྲད་པའི་གླ་ཕོགས་ཀྱི་ཟླ་རེའི་ཆ་སྙོམས་གླ་ཕོགས་ལྟར་གཏན་འཁེལ་བྱ་རྒྱུ)

5_2 སྒེར་གྱི་ཐོ་ཁོངས།

སྤྱི་ཚོགས་ཀྱི་གཅིག་གྱུར་འཆར་འགོད་དང་མི་སྒེར་གྱི་རྩིས་ཐོ་ཟུང་འབྲེལ་བྱེད་དགོས། ལས་བཟོ་རང་ཉིད་ཀྱིས་གྲོན་དངུལ་འཇལ་བའི་གཞི་གྲངས་ཀྱི88%ལྟར་རྒན་གསོའི་འགན་བཅོལ་གྲོན་དངུལ་སྤྲོད་དགོས་པ་དང་། ཁེ་ལས་ཀྱིས་དེའི་འཇལ་སྤྲོད་གཞི་གྲངས་ཀྱི3%ལྟར་མི་སྒེར་གྱི་ཐོ་ཁོངས་སུ་འཇུག་རྒྱུ་དང་། ཁྱོན་བསྡོམས111%དེ་མི་སྒེར་གྱི་ཐོ་ཁོངས་སུ་འཇུག་རྒྱུ། སྤྱི་ལོ2006ལོའི་ཟླ1པོ་ནས་བཟུང་རྒྱལ་ཁབ་ཀྱིས་ཁེ་ལས་ཀྱིས་བརྒྱ་ཆའི3དེ་མི་སྒེར་གྱི་ཐོ་ཁོངས་སུ་མི་འཇུག་རྒྱུའི་གཏན་འབེབས་བྱས་ཡོད་པ་དང་། མི་སྒེར་གྱི་ཐོ་ཁོངས་ནི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཆ་ཤས་ཤིག་ཡིན།

རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བའི་མི་སྒེར་གྱི་རྩིས་ཁྲའི་གསོག་ཉར་དངུལ་གྲངས་དེ་ལས་བཟོ་བ་མི་སྒེར་གྱི་རྒན་གསོ་ཁོ་ནར་སྤྱོད་རྒྱུ་དང་། མི་སྒེར་གྱི་རྩིས་ཁྲའི་གསོག་ཉར་དངུལ་གྲངས་སྔ་སྣུར་དུ་ལེན་མི་ཆོག མི་སྒེར་གྱི་རྩིས་ཁྲའི་ལྷག་གྲངས་མི་སྒེར་གྱི་འཇལ་སྤྲོད་བྱས་པའི་ཆ་ཤས་དང་དེའི་སྐྱེད་ཀ་ཤུལ་འཛིན་བྱས་ཆོག དེ་བྱིངས་རྒན་གསོའི་འགན་བཅོལ་དངུལ་ཁོངས་སུ་འཇུག་དགོས།

5_3 ཆ་རྐྱེན

(1)རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལོན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན།

(2)ཁྲོན་འོག་དང་། མཐོ་ས། ཚ་བ་ཆེ་ས། ལྗིད་རྫོབ་ཆེ་བའི་ལུས་ཤུགས་ངལ་རྩོལ་ལམ་ཡང་ན་ལུས་ཕུང་བདེ་ཐང་ལ་གནོད་པའི་ལས་ཀ་གཞན་དག་སྒྲུབ་པ། ཕོ་རང་ལོ55དང་མོ་ཡིན་ན་ལོ45

(3)ཕོ་ཡིན་ན་རང་ལོ་ལྔ་བཅུ་དང་མོ་ཡིན་ན་རང་ལོ་ཞེ་ལྔར་སོན་ཞིང་། གྲོང་ཁྱེར་དང་། ཆུས། རྫོང་བཅས་ཀྱི་ངལ་རྩོལ་གསལ་འབྱེད་ཨུ་ཡོན་ཀྲང་གིས་དངོས་གནས་ཡོངས་སུ་ཤོར་བར་ངོས་འཛིན་བྱས་ཡོད།

(4)《གཏན་འབེབས》ལག་བསྟར་མ་བྱས་གོང་ལས་ཀར་ཞུགས་པའི་མི་སྣས་གྲོན་དངུལ་འཇལ་བའི་ལོ་གྲངས(གྲོན་དངུལ་སྤྲོད་པའི་ལོ་ཚད་དང་མཚུངས་པ)ལོ10ཡན་ཟིན་པ་དང་།  《གཏན་འབེབས》ལག་བསྟར་བྱས་རྗེས་ལས་ཀར་ཞུགས་པའི་མི་སྣས་གྲོན་དངུལ་འཇལ་བའི་ལོ་གྲངས(གྲོན་དངུལ་སྤྲོད་པའི་ལོ་ཚད་དང་གཅིག་མཚུངས་ཡིན་པ)ལོ15ཡན་ཟིན་པ།

5_4 ས་གནས་སྲིད་ཇུས།

པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཏན་འབེབས་གཞིར་བཟུང་། གྲོན་དངུལ་འཇལ་བའི་ལོ་ཚད་རིམ་རྩིས་བྱས་ན་ལོ15ཟིན་རིགས་ལས་འཁྱུར་ངལ་གསོ་བྱས་རྗེས་ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་རྒྱུ་ཡིན།

མི་སྒེར་གྱི་གྲོན་དངུལ་འཇལ་བའི་ལོ་ཚད་ལོ15མ་ལོན་པའི་རིགས(ས་ཞིང་བཟུང་བའི་ཞིང་པའི་ལས་སྒྱུར་མི་སྣ་ཕུད)ལས་འཁྱུར་ངལ་གསོ་བྱས་རྗེས་ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་འཚོ་དངུལ་ལེན་པའི་ཐོབ་ཐང་ལོངས་སྤྱོད་བྱེད་མི་ཆོག་པ་དང་། མི་སྒེར་གྱི་རྩིས་ཁྲའི་བཅོལ་དངུལ་གྲངས་འབོར་ཐེངས་གཅིག་ལ་རང་ཉིད་ལ་སྤྲོད་དགོས་པ་དང་དུས་མཚུངས་སུ་ཐེངས་གཅིག་རང་བཞིན་གྱི་རྒན་གསོའི་ཁ་གསབ་དངུལ་སྤྲོད་དགོས།

གཞི་རྩའི་རྒན་གསོའི་དངུལ=རྨང་གཞིའི་རྒན་གསོའི་དངུལ(ལོ་གོང་མར་གྲོང་ཁྱེར་དེ་གའི་ལས་བཟོ་པའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཀྱི་བརྒྱ་ཆའི20%)+མི་སྒེར་གྱི་རྩིས་ཁྲའི་རྒན་གསོའི་དངུལ(རང་ཉིད་ཀྱི་རྩིས་ཁྲའི་བཅོལ་དངུལ་གྱི་1/120)བཅས་ལས་གྲུབ་པ་ཡིན། 

5_5 དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད།

རྒྱལ་ཁབ་ཁག་གིས་རྒན་གསོའི་འགན་བཅོལ་ལམ་ལུགས་ཇུས་འགོད་བྱས་ནས་དྲང་གཞག་དང་ལས་ཕྱོད་ཟུང་འབྲེལ་བྱ་རྒྱུ་དང་ལྷག་པར་དུ་གསོག་འཇོག་ཁག་གཅིག་དང་ཡོངས་སུ་གསོག་འཇོག་བྱས་པའི་རྒན་གསོའི་དངུལ་གྲབས་གསོག་བྱེད་སྟངས་ཤིག་ཡིན་ལ། ངལ་རྩོལ་བ་ལས་འཁྱུར་ངལ་གསོ་བྱས་རྗེས་རྒན་གསོའི་འཚོ་དངུལ་ལེན་པའི་གྲངས་འབོར་དེ་ལས་ཐོག་ངལ་རྩོལ་བྱེད་རིང་གི་གླ་ཕོགས་ཡོང་འབབ་དང་གྲོན་དངུལ་མང་ཉུང་ལ་ཐད་ཀར་འབྲེལ་བ་ཡོད་པ་དེས་ངལ་རྩོལ་པའི་ལས་ཞུགས་ལ་སྐུལ་མ་གཏོང་བའི་རིང་ལ་ཧུར་བརྩོན་གྱིས་ངལ་རྩོལ་བྱས་ནས་ལས་ཆོད་ཆེ་རུ་གཏོང་ཐུབ།

གཞན་ཡང་རྒན་གསོའི་འགན་བཅོལ་ཁྱབ་རྒྱ་ཆེ་བ་དང་ཞུགས་མཁན་མི་གྲངས་མང་པོ་ཡོད་པའི་དབང་གིས་དེའི་འཁོར་རྒྱུག་ཁྲོད་རྒན་གསོའི་འགན་བཅོལ་དངུལ་འབོར་ཆེན་གྲབས་གསོག་བྱེད་ཐུབ་པ་དང་། མ་རྩའི་ཁྲོམ་རར་མ་དངུལ་གྱི་ཡོང་ཁུངས་ཆེན་པོ་མཁོ་འདོན་བྱེད་ཐུབ་པ་དང་། ལྷག་པར་དུ་ཐེབས་རྩའི་ལམ་ལུགས་ལག་བསྟར་བྱེད་པའི་རྒན་གསོའི་འགན་བཅོལ་བྱེད་སྟངས་ལག་བསྟར་བྱེད་ཐུབ་པས། མི་སྒེར་གྱི་རྩིས་ཐོའི་ནང་གི་མ་དངུལ་གསོག་འཇོག་དེ་ལོ་བཅུ་ཕྲག་ཁ་ཤས་ནས་རྩིས་བརྒྱབ་པས། རྒན་གསོའི་འགན་བཅོལ་ཐེབས་རྩའི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ནས་ཁྲོམ་རར་མ་དངུལ་སྔར་བས་མང་བ་མཁོ་འདོན་བྱས་པ་དང་། གཞི་ཁྱོན་ལྡན་པའི་མ་དངུལ་འཁོར་རྒྱུག་དང་བེད་སྤྱོད་བྱས་པ་དེས་རྒྱལ་ཁབ་ཀྱིས་རྒྱལ་དམངས་དཔལ་འབྱོར་ལ་སྤྱི་ཁོག་སྙོམས་སྒྲིག་བྱ་རྒྱུར་ཕན་ཐོགས་ཡོད།

6 དོན་སྙིང་།
6_1 ཐོན་སྐྱེད་བསྐྱར་མ་འགན་ལེན།

རྒན་གསོའི་འགན་བཅོལ་ལམ་ལུགས་བཙུགས་པ་བརྒྱུད་ངལ་རྩོལ་ནུས་ཤུགས་ཁྱུ་ཚོགས་རྒྱུན་ལྡན་དུ་མི་རབས་ནས་མི་རབས་བར་བརྗེ་རེས་བྱེད་པར་ཕན་ཐོགས་ཡོད་པ་དང་། རྒན་རྒོན་ལོ་ན་རྒས་ནས་ལས་འཁྱུར་ངལ་གསོ་བྱེད་པ། ངལ་རྩོལ་ནུས་ཤུགས་གསར་བ་བདེ་བླག་ངང་ལས་ཞུགས་ཐུབ་པ་བཅས་བྱས་ནས་ལས་ཞུགས་གྲུབ་ཚུལ་ལུགས་མཐུན་ཅན་དུ་འགྱུར་བར་ཁག་ཐེག་བྱེད་དགོས།

6_2 སྤྱི་ཚོགས་བདེ་འཇགས།

རྒན་གསོའི་འགན་བཅོལ་གྱིས་རྒན་རྒོན་ལ་གཞི་རྩའི་འཚོ་བའི་འགན་ལེན་བྱས་ནས་རྒན་རྒོན་ལ་རྒས་དུས་འཚོ་རྟེན་ཡོད་པ་བྱས་ཡོད། མི་འབོར་རྒན་རྒོན་ཅན་དུ་འགྱུར་བ་དང་བསྟུན་ནས་རྒན་རྒོན་མི་འབོར་གྱི་བསྡུར་ཚད་ཇེ་ཆེར་འགྲོ་བ་དང་མི་གྲངས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པས་རྒན་གསོའི་འགན་བཅོལ་གྱིས་རྒན་རྒོན་ངལ་རྩོལ་པའི་གཞི་རྩའི་འཚོ་བ་འགན་ལེན་བྱས་པ་དེ་སྤྱི་ཚོགས་ཀྱི་མི་འབོར་མང་པོ་ཞིག་གི་གཞི་རྩའི་འཚོ་བ་འགན་ལེན་བྱས་པ་དང་གཅིག་མཚུངས་ཡིན། ལས་ཐོག་ངལ་རྩོལ་བའི་ངོས་ནས་བརྗོད་ན། རྒན་གསོའི་འགན་བཅོལ་ནང་ཞུགས་པ་དེས་འབྱུང་འགྱུར་ལོ་ན་རྒས་རྗེས་ཀྱི་འཚོ་བར་སྔོན་དཔག་ཐུབ་པ་དང་།སེམས་ཁྲལ་མེད་པར་བཟོས་པ་མཚོན་ཡོད། སྤྱི་ཚོགས་ཀྱི་སེམས་ཁམས་ནས་བཤད་ན། མི་རྣམས་བརྟན་ལྷིང་དང་ངང་ཐུང་ཉུང་དུ་ཕྱིན་པ་དེས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཕན་ཐོགས་ཡོད།


དཔྱད་གཞིའི་ཡིག་ཆ།