ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ་ནི་ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྤྱི་ཚོགས་ལ་ཕྱོགས་ནས་འགྲེམས་སྤེལ་བྱས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་སྒོའི་ཁྱབ་ཁོངས་ཁག་ལ་སྤྱོད་པའི་འདུས་གྲུབ་གློག་ལམICབྱང་བུ་ཞིག་ཡིན།
སྤྱི་ཚོགས་འགན་སྲུང་བྱང་བུ་ཡི་ནུས་པ་ཧ་ཅང་རྒྱ་ཁྱབ་ཏུ་ཕྱིན་ཡོད། བྱང་བུ་སྤྱོད་མཁན་གྱིས་བྱང་བུ་ལ་བརྟེན་ནས་སྨན་བཅོས་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ཐོག་དུས་ཐོག་ཏུ་རྩིས་རྒྱག་ཆོག་པ་མ་ཟད། ད་དུང་རྒན་གསོའི་འགན་བཅོལ་ལས་དོན་ཡང་སྒྲུབ་ཆོག ལས་ཀ་འཚོལ་བའི་ཐོ་འགོད་དང་ལས་ཤོར་ཐོ་འགོད་ཀྱི་འགྲོ་ལུགས་འགྲིམ་རྒྱུ། ལས་ཤོར་འགན་བཅོལ་དངུལ་ལེན་རྒྱུ། ལས་ཞུགས་གསོ་སྦྱོང་ནང་ཞུགས་རྒྱུའི་རེ་འདུན་ཞུ་བ། ངལ་རྩོལ་ནུས་པ་གསལ་འབྱེད་དང་རེ་འདུན་ཞུས་ནས་ལས་རྨས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ། དྲ་ཐོག་ནས་འབྲེལ་ཡོད་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ལས་དོན་སྒྲུབ་པ་སོགས་ཡིན།
སྤྱི་ཚོགས་འགན་སྲུང་བྱང་བུ་ལ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་གཞི་སྤྱོད་རྒྱུ་དང་། སྤྱི་ཚོགས་འགན་སྲུང་ཨང་གྲངས་ནི《སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྱི་དམངས་ཀྱི་ཐོབ་ཐང་ཨང་གྲངས་སྤྱོད་དགོས།
སྤྱི་ལོ2018ལོའི་ཟླ6པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ་ཡོད་པའི་མི་གྲངས་དུང་ཕྱུར11.5ཟིན་ཡོད།
སྤྱི་ལོ2019ལོའི་ལོ་སྨད་ནས་བཟུང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སྤྱི་ཚོགས་འགན་སྲུང་བྱང་བུ་དེ་རྒྱལ་ཡོངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་ཡིག་རྒྱུགས་མིང་ཐོ་འགོད་པ་དང་རྒྱུགས་རར་ཞུགས་པའི་ནུས་ལྡན་ཐོབ་ཐང་ལག་ཁྱེར་དུ་བརྩི་རྒྱུ་ཁ་གསལ་བཏོན་ཡོད། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ས་གནས་དེ་གའི་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་བེད་སྤྱོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་རྒྱུགས་སྤྲོད་མི་སྣར་དེ་བས་ནུས་ཆེ་དང་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་དགོས།
སྤྱི་ལོ2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ནང་རྒྱལ་ནང(སྐམ་ས་ཆེན་པོ)དུ་ལས་ཞུགས་དང་། སྡོད་གནས། སློབ་སྦྱོང་བཅས་བྱེད་མཁན་ཞང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གྲོང་མིར་སྤྱི་ཚོགས་འགན་བཅོལ་བྱང་བུ་ཡོད་པ་དེ་རྒྱལ་ནང(སྐམ་ས་ཆེན་པོ)གྲོང་མི་དང་འདྲ་བར་ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པ་དང་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་ཁྲིམས་མཐུན་ཁེ་དབང་ཡོད།
སྤྱི་ལོ2021ལོར་ཧྲན་ཞི་དང་། ཀྲེ་ཅང་། ཨན་ཧུའེ། ཅང་སུའུ། ཅང་ཞི། ཧྥུའུ་ཅན། ཐེན་ཅིན་བཅས་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ་རབས་གསུམ་པས་འགྲིམ་འགྲུལ་མཉམ་འབྲེལ་བྱང་བུ་གཅིག་ལ་རྒྱབ་སྐྱོར་བྱས་ཏེ། “བྱང་བུ་གཅིག་གིས་སྤྱོད་རྒྱུ”མངོན་འགྱུར་བྱུང་ཡོད།
སྤྱི་ཚོགས་འགན་ལེན་བྱང་བུ་དེ་བྱང་བུ་སྤྱོད་མཁན་གྱི་རིགས་ནས་བལྟས་ན། རིགས་གཉིས་སུ་དབྱེ་ཆོག་པ་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་དང་། ལས་ཤོར་མི་སྣ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བཅས་ལ་སྤྲད་པའི་སྤྱི་ཚོགས་འགན་སྲུང(མི་སྒེར)བྱང་བུ་དང་མི་སྤྱོད་ཚན་པར་ཁ་ཕྱོགས་ནས་སྤྲད་པའི་སྤྱི་ཚོགས་འགན་སྲུང(མི་སྤྱོད་ཚན་པ)བྱང་བུ་ཡིན་པ་དང་། རང་རྒྱལ་ངལ་རྩོལ་འགན་སྲུང་པུའི་འབྲེལ་ཡོད་བྱང་བུ་འཆར་འགོད་དང་ཚད་ལྡན་དུ་གཏོང་བའི་གཙོ་གནད་ནི་སྤྱི་ཚོགས་འགན་སྲུང(མི་སྒེར)བྱང་བུ་ཡིན་པ་དང་། ས་ཁུལ་ཁག་གིས་དོན་དངོས་ཐོག་སྤྲོད་རིགས་ཀྱང་མི་སྒེར་གྱི་བྱང་བུ་ནང་གཅིག་སྡུད་དུ་མང་ཙམ་ཡོད་པར་བརྟེན་ང་ཚོས་བརྗོད་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་ནི་སྤྱི་ཚོགས་འགན་སྲུང (མི་སྒེར)བྱང་བུ་ལ་ཟེར་བ་ཡིན།
སྤྱི་ཚོགས་འགན་སྲུང་བྱང་བུ་ཡི་ངོས་དང་བྱང་བུ་ནང་བྱང་བུ་འཁྱེར་མཁན་གྱི་མིང་དང་། ཕོ་མོ། སྤྱི་དམངས་ཀྱི་ཐོབ་ཐང་ཨང་གྲངས་སོགས་གཞི་རྩའི་ཆ་འཕྲིན་བཀོད་ཡོད་པ་དང་། བྱང་བུ་ནང་བྱང་བུ་འཁྱེར་མཁན་མི་སྒེར་གྱི་གནས་ཚུལ(ལས་ཞུགས་དང་། ལས་ཤོར། ལས་འཁྱུར་ངལ་གསོ་སོགས)མཚོན་ཡོད་པ། བྱང་བུ་འཁྱེར་མཁན་གྱི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པའི་གནས་ཚུལ་དང་། རྒན་གསོ་འགན་བཅོལ་མི་སྒེར་གྱི་རྩིས་ཁྲའི་ཆ་འཕྲིན། སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲའི་ཆ་འཕྲིན། ལས་རིགས་ཐོབ་ཐང་དང་རྩལ་ནུས། ལས་ཞུགས་བརྒྱུད་རིམ། ལས་བཟོར་རྨས་སྐྱོན་ཕོག་ཚད་སོགས་ཐོ་འགོད་བྱེད་ཆོག སྤྱི་ཚོགས་འགན་སྲུང་བྱང་བུ་ནི་ངལ་རྩོལ་པས་ངལ་རྩོལ་འགན་སྲུང་ཁྱབ་ཁོངས་སུ་ལས་དོན་སྒྲུབ་པའི་གློག་རྡུལ་དཔང་རྟགས་ཤིག་ཡིན་ལ། བྱང་བུ་འཛིན་མཁན་གྱིས་བྱང་བུ་ལ་བརྟེན་ནས་སྨན་པ་བསྟེན་ཆོག་པ་དང་། སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་ཐོ་ཁོངས་ནས་བསྡོམས་རྩིས་བརྒྱབ་ཆོགབྱང་བུ་ལ་བརྟེན་ནས་རྒན་གསོའི་འགན་བཅོལ་ལས་དོན་བསྒྲུབས་ཆོག བྱང་བུ་ལ་བརྟེན་ནས་འབྲེལ་ཡོད་སྡེ་ཚན་དུ་ལས་ཀ་འཚོལ་བའི་ཐོ་འགོད་དང་ལས་ཤོར་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་ནས་ལས་ཤོར་འགན་བཅོལ་དངུལ་རེ་ཞུ་བྱེད་པ་དང་ལས་ཞུགས་གསོ་སྦྱོང་ནང་ཞུགས་རྒྱུའི་རེ་ཞུ་བྱེད་ཆོག བྱང་བུ་ལ་བརྟེན་ནས་ངལ་རྩོལ་ནུས་པ་གསལ་འབྱེད་བྱེད་རེ་ཞུས་ཆོག་པ་དང་ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་རེ་ཞུས་ཆོག གཞན་ཡང་སྤྱི་ཚོགས་འགན་ལེན་བྱང་བུ་དེ་ངལ་རྩོལ་བའི་ལག་ཏུ་མ་ལག་དང་འབྲེལ་གཏུག་བྱེད་པའི་སྒོ་འབྱེད་ལྡེ་མིག་ཅིག་ཡིན་པས་ལྡེ་མིག་དེ་ལ་བརྟེན་ནས་བྱང་བུ་འཁྱེར་ནས་དྲ་ཐོག་ནས་ཆ་འཕྲིན་འཚོལ་ཆོག་པ་དང་སླད་ཕྱིན་ད་དུང་དྲ་ཐོག་ནས་ངལ་རྩོལ་དང་སྤྱི་ཚོགས་འགན་ལེན་གྱི་འབྲེལ་ཡོད་ལས་དོན་གཉེར་ཆོག
སྤྱི་ཚོགས་འགན་སྲུང་བྱང་བུ་གཅིག་ཀུན་འཐུས་ཁྱབ་གདལ་གཏོང་བཞིན་ཡོད་པ་དང་སྤྱི་ཚོགས་འགན་སྲུང་བྱང་བུ་བེད་སྤྱོད་ཁྱབ་ཁོངས་ཀྱི་ལས་དོན་བཀོད་སྒྲིག་དང་རྒྱ་ཆེར་གཏོང་བཞིན་ཡོད། དེར་བརྟེན་པུའུ་དེས《སྤྱི་ཚོགས་འགན་སྲུང་བྱང་བུའི་དངུལ་རྩའི་ནུས་པ་ཁུར་སྣོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་དང་། དངུལ་རྩའི་ནུས་པ་བསྣན་རྗེས་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ་དེ་ཆ་འཕྲིན་ཐོ་འགོད་དང་། ཆ་འཕྲིན་འདྲི་རྩད། ལས་སྒོ་གཉེར་བ་སོགས་ཀྱི་ནུས་པ་ལྡན་པ་དང་ཆབས་ཅིག་དངུལ་ཁང་བྱང་བུ་ལ་བརྩིས་ནས་སྤྱོད་ཆོག་པ་དང་དངུལ་སྨར་བཅོལ་ལེན་དང་། རྩིས་སྒྱུར། འཛད་སྤྱོད་སོགས་དངུལ་རྩའི་ནུས་པ་ལྡན་ཡོད། དངུལ་རྩས་དམངས་འཚོར་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་ནས་མང་ཚོགས་ལ་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་དང་དངུལ་རྩའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུར་སྟབས་བདེ་བསྐྲུན་དགོས།
དངུལ་རྩའི་ནུས་པ་ལྡན་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་ཡི་དངུལ་རྩའི་བེད་སྤྱོད་དེ་མི་དམངས་ཤོག་སྒོར་གཡར་འཛིན་བེད་སྤྱོད་བྱེད་པ་ལས་གནས་སྐབས་དངུལ་བུན་གཏོང་བའི་ནུས་པ་ལ་རྒྱབ་སྐྱོར་མི་བྱེད། ཤོག་བྱང་དེའི་བར་རྫས་ནི་སྤྱིར་བཏང་འབྲེལ་གཏུག་རྣམ་པའི་སྙིང་ལེབ་བྱང་བུ་ཡིན་མོད། འོན་ཀྱང་དངུལ་ཁང་གིས་འགྲེམས་སྤེལ་བྱེད་པའི་སྨྱན་རྫས་ནི་འབྲེལ་གཏུག་མིན་པའི་ངོས་གཉིས་བྱང་བུ་ཡི་སྤྱི་ཚོགས་འགན་སྲུང་བྱང་བུ་ཡིན་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་ཡི་ཉིང་ལྷེབ་ཐོག་ཁབ་ལེན་གྱི་མཉམ་འདྲེས་བྱང་བུ་བསྣན་པའི་རྣམ་པ་གནས་སྐབས་བར་བརྒལ་བྱེད་ཀྱིན་ཡོད། ཉིང་ལྷེབ་ནང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བེད་སྤྱོད་དང་དངུལ་རྩའི་བེད་སྤྱོད་ཚུད་ཡོད། སྤྱི་ཚོགས་འགན་སྲུང་བྱང་བུ་ལ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་གཞི་སྤྱོད་རྒྱུ་དང་། སྤྱི་ཚོགས་འགན་སྲུང་ཨང་གྲངས་ནི《སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྱི་དམངས་ཀྱི་ཐོབ་ཐང་ཨང་གྲངས་སྤྱོད་རྒྱུ། དེ་ནས་བཟུང་སྤྱི་ཚོགས་འགན་བཅོལ་བྱང་བུ་དངུལ་རྩའི་ནུས་པའི་ནང་ཞུགས་ནས་རྒྱལ་ཡོངས་གཅིག་གྱུར་ཡོང་རྒྱུ།
དཔེར་ན། པེ་ཅིང་གྲོང་ཁྱེར་གྱི་གྲོང་མིའི་བདེ་ཐང་བྱང་བུ་དང་། པེ་ཅིང་གི་སྨན་བཅོས་ཤར་གཏོང་བྱང་བུ་དང་དེ་བཞིན་པེ་ཅིང་གི་ཤར་གཏོང་བྱང་བུ་བཅས“བྱང་བུ་གསུམ་གཅིག་སྒྲིལ”མངོན་འགྱུར་ཐུབ་རྒྱུ་དང་། དེ་གོང་པེ་ཅིང་གི་གྲོང་མི་མང་ཆེ་བར་སྨན་བཅོས་བྱེད་རིང་གནད་དོན་དེ་འདྲ་འཕྲད་མྱོང་ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་ཁོ་ནར་བླངས་ཀྱང་སྐབས་འགར་ཨང་ཐོ་འགོད་པ་དང་རྩིས་རྒྱག་སྨན་ཁང་གིས་ཁས་མི་ལེན་པ་ཤེས་རྟོགས་བྱུང་བ་མ་ཟད། ད་དུང་སྨན་ཁང་ཁག་གི་སྨན་བཅོས་བྱང་བུ་འཐོལ་པ་གཉེར་དགོས་ཀྱིན་ཡོད།
དེ་དང་ཆབས་ཅིག་གྲོང་ཁྱེར་དེས་ལོ་ལྔ་ལས་བརྒལ་བའི་གྲོང་མིའི་བདེ་ཐང་བྱང་བུ་དང་། པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་སྨན་ཁང་གི་ཁྱབ་ཁོངས་ནང་ཡོངས་སུ་ཁྱབ་པའི་པེ་ཅིང་གི་སྨན་པའི་ཤར་གཏོང་བྱང་བུ་དང་དེ་བཞིན་གྲོང་ཁྱེར་དེ་གའི་གྲོང་གསེབ་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་ཞིང་པར་སྤྲད་པའི་པེ་ཅིང་གི་བྱང་བུ་རིགས་གསུམ་གྱི་ནུས་པའི་ཐད་ཕན་ཚུན་སྣོལ་འདྲེས་དང་རིམ་བརྩེགས་བྱུང་ཡོད།
མཉམ་འདྲེས་བྱས་རྗེས་ཀྱི་པེ་ཅིང་གསར་པའི་འཕྲིན་གཏོང་བྱང་བུ་དེ་པེ་ཅིང་སྤྱི་ཚོགས་འགན་སྲུང་བྱང་བུ་དང་། པེ་ཅིང་གི་གཞི་རྩའི་བྱང་བུཔེ་ཅིང་གི་གནས་སྐབས་བྱང་བུ་བཅས་རིགས་གསུམ་དུ་དབྱེ་ཡོད། པེ་ཅིང་གི་སྤྱི་ཚོགས་འགན་སྲུང་བྱང་བུ་དང་པེ་ཅིང་གི་གཞི་རྩའི་བྱང་བུ་སྤྲོད་ཡུལ་ནི་པེ་ཅིང་དུ་སྤྱི་ཚོགས་འགན་བཅོལ་གྱི་རྒྱུན་སྡོད་གྲོང་མི(པེ་ཅིང་གི་ཐེམ་ཐོའི་མི་འབོར་དང་པེ་ཅིང་གི་ཐེམ་ཐོ་མིན་པའི་མི་འབོར་ཚུད་པ)ཡིན་པ་དང་པེ་ཅིང་གི་གནས་སྐབས་བྱང་བུ་སྤྲོད་ཡུལ་ནི་གནས་སྐབས་པེ་ཅིང་དུ་ཡོང་མཁན་ཡིན་པ་དང་། སྐབས་དེ་དུས་པེ་ཅིང་གི་སྤྱི་ཚོགས་འགན་བཅོལ་བྱང་བུ་དེ་སྤྱི་ཚོགས་འགན་བཅོལ་བེད་སྤྱོད་དང་། “པེ་ཅིང་ཀུན་ཁྱབ”བེད་སྤྱོད། བདེ་ཐང་བེད་སྤྱོད། དངུལ་རྩ་བཀོལ་སྤྱོད། འགྲིམ་འགྲུལ་བེད་སྤྱོད་བཅས་ཚུད་ཡོད། པེ་ཅིང་གི་གཞི་རྩའི་བྱང་བུ་ནང“པེ་ཅིང་ཀུན་ཁྱབ”བེད་སྤྱོད་དང་། བདེ་ཐང་བེད་སྤྱོད། དངུལ་རྩ་བེད་སྤྱོད། འགྲིམ་འགྲུལ་བེད་སྤྱོད་བཅས་ཚུད་ཡོད། “པེ་ཅིང་ཀུན་ཁྱབ”དེ་ནུས་མང་སྤྱི་ཚོགས་ཞབས་ཞུའི་བྱང་བུ་ཞིག་ཏུ་འགྱུར་རྒྱུ་རེད།
པེ་ཅིང་གྲོང་ཁྱེར་སྨན་བཅོས་དོ་དམ་ཅུས་ཀྱིས་ཀྱང་ལག་རྩལ་སྦྲེལ་མཐུད་ཡག་པོ་བྱེད་པ་དང་ཆབས་ཅིག་སྨན་བཅོས་སྒྲིག་གཞི་ཁག་གིས་ཀྱང་སྒོ་རའི་ནང་གི་བྱང་བུ་ཀློག་འཕྲུལ་འཁོར་རིམ་སྤོར་སྒྱུར་བཀོད་རིམ་བཞིན་ལེགས་སྒྲུབ་བྱ་རྒྱུ་ཡིན་ལ། སྤྱི་ལོ2017ལོའི་ལོ་མཇུག་ཏུ་སླེབས་སྐབས་སྔོན་དཔག་བྱས་ན་གྲོང་ཁྱེར་དེ་གའི་གྲོང་གསེབ་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་པའི་ཞིང་པ་ཁྲི270ལ་ཕྱོགས་ནས་བྱང་བུ་སྤྲོད་ཚད8588%ཟིན་རྒྱུ་དང་། པེ་ཅིང་དུ་བྱང་བུ་སྤྲད་རྗེས་སྨན་ཁང་ཆེ་གྲས་ཁག་གི་སྨན་བཅོས་བྱང་བུ་དང་པེ་ཅིང་གི་སྨན་བཅོས་བྱང་བུ་སོགས་ཚུད་ཡོད།
བྱང་གཅིག་ཀུན་རྒྱུག་འགྱུར་བ། སྤྱི་ལོ2021ལོའི་ཟླ3པའི་ཚེས30ཉིན་པེ་ཅིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས《པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ(པེ་ཅིང་གི་དམངས་འཚོའི་བྱང་བུ་ཀུན་རྒྱུག)དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》(བསྡུ་ལེན་མ་ཟིན)》ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་ཡིན། བསམ་འཆར་བསྡུ་ལེན་མ་ཟིན་གཞིར་བཟུང་། པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ(པེ་ཅིང་གི་དམངས་འཚོའི་བྱང་བུ་གཅིག་ཀུན་རྒྱུག)ཡིས་སྤྱི་ཚོགས་འགན་སྲུང་བྱང་བུ་གཞི་རྟེན་དུ་བྱས་ནས་སྤྱི་ཚོགས་འགན་ལེན་དང་། ཐོབ་ཐང་སྤྲོད་པ། རྒན་གསོ་དང་དབང་པོ་སྐྱོན་ཅན་ལ་རོགས་རམ། སྨན་བཅོས་བདེ་ཐང་། སྤྱི་གླིང་ལོ་རེའི་སྤ་སེ། གྲོང་ཁྱེར་གྱི་འགྲིམ་འགྲུལ། འཚོ་བའི་གྲོན་དངུལ་སྤྲོད་པ། དངུལ་རྩའི་ཞབས་ཞུ་སོགས་ཀྱི་ནུས་པ་ལྡན་དགོས་པ་མ་ཟད། སྲིད་གཞུང་གི་སྤྱི་བའི་ཞབས་ཞུའི་ཁྱབ་ཁོངས་སུ་ཐོབ་ཐང་ཆ་འཕྲིན་དབྱེ་འབྱེད་འདྲི་རྩད་དང་དམངས་འཚོའི་ཁ་གསབ་ཐོབ་ཐང་སྤྲོད་པ་སོགས་ཀྱི་བེད་སྤྱོད་བྱང་བུ་མང་པོ་གཅིག་གྱུར་དང་བྱང་བུ་གཅིག་དེ་དང་ཆབས་ཅིག་པེ་ཅིང་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་བྱང་བུ(པེ་ཅིང་དམངས་འཚོའི་བྱང་བུ་གཅིག་ཀུན་རྒྱུག)གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤྲད་པའི་དམངས་འཚོའི་རིགས་ཀྱི་བྱང་བུ་དང་ལག་ཁྱེར་གྱི་ཚབ་བྱེད་ཆོག
1. མི་སྒེར་གྱི་སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་ཆ་འཕྲིན་ཟིན་ཐོ་དང་། གློག་རྡུལ་དཔང་འཛིན། ཆ་འཕྲིན་འདྲི་རྩད་སོགས།
2. འགན་བཅོལ་ནང་ཞུགས་མཁན་གྱི་རུས་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། སྐྱེས་ལོ། ཕོ་མོའི་དབྱེ་བ། མི་རིགས། ཐེམ་ཐོ་གནས་ཡུལ་སོགས་གཞི་རྩའི་ཆ་འཕྲིན་ཟིན་ཐོར་འགོད་དགོས།
3. རང་ཉིད་ཀྱི་རྒན་གསོ་དང་། ལས་ཤོར། སྨན་བཅོས། ལས་རྨས་དང་བུ་བཙའི་འགན་བཅོལ་འཇལ་སྤྲོད་བྱས་ཚུལ་འདྲི་རྩད་བྱ་རྒྱུ།
4. བྱང་བུ་འཁྱེར་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དེ་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོའི་ནང་རྩིས་རྒྱག་པ་དང་སྨན་ཁང་དུ་སྨན་ཉོ་བར་བསྐྱོད་ཆོག
5. སྨན་བཅོས་དང་། ལས་ཤོར། རྒན་གསོ། ལས་རྨས་དང་ཕྲུ་གུ་སྐྱེ་བ་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་ལས་དོན་བསྒྲུབ་རྒྱུ།
6. རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་རིམ་རྩིས་བསྡོམས་འབོར་སོགས་ཀྱི་ཆ་འཕྲིན་འདྲི་རྩད་བྱ་རྒྱུ།
7. རྒན་གསོའི་དངུལ་ལེན་པ་སོགས་སྤྱི་ཚོགས་འགན་བཅོལ་གྱི་ལས་དོན་སྒྲུབ་པ་དང་། ལས་ཀ་འཚོལ་བ་དང་ལས་ཤོར་ཐོ་འགོད། ལས་ཤོར་འགན་བཅོལ་དངུལ་རེ་ཞུ་བྱེད་པ། ལས་རིགས་གསོ་སྦྱོང་ནང་ཞུགས་རྒྱུའི་རེ་ཞུ་བྱེད་པ་སོགས་ཡིན།
8. ཐོབ་ཐང་དཔང་ཡིག་ལ་བཀོལ་བ།
རེ་ཞུའི་ཆ་རྐྱེན་དང་མཐུན་པའི་མི་སྣས་ཁ་པར་བརྒྱུད་རེ་ཞུའི་དྲ་ཚིགས་སུ་སྔོན་མངགས་བྱེད་པའམ་ཡང་ན་ཁྲོམ་གཞུང(གྲོང་རྡལ)སྤྱི་ཚོགས་འགན་སྲུང་བྱང་བུ་རེ་ཞུའི་ཞབས་ཞུའི་དྲ་ཚིགས་སུ་བསྐྱོད་དེ་སྤྱི་ཚོགས་འགན་སྲུང་བྱང་བུ(སློབ་ཁོངས་བྱང་བུ་ཚུད་པ)གཉེར་རྒྱུའི་རེ་ཞུ་བྱེད་ཆོགརེ་འདུན་ཞུ་སྐབས་ཐོབ་ཐང་ལག་ཁྱེར་དང་། ཐེམ་ཐོ། རེ་ཞུའི་རེའུ་མིག(མཉམ་སྡེབ་ཐེམ་ཐོའི་གྲོང་མིས་ཐེམ་ཐོ་གནས་སའི་ཉེན་རྟོག་ཧྲུའུ་འམ་ཡང་ན་མངགས་གཏོང་ཁང་གིས་བྲིས་པའི་ཐེམ་ཐོའི་དཔང་ཡིག)སོགས་འབྲེལ་ཡོད་དཔྱད་ཡིག་འཁྱེར་དགོས། བློ་འདྲིའི་ཁ་པར12333
སྤྱི་ལོ2011ལོའི་ཟླ9བ་ནས་བཟུང་ས་གནས་མང་པོའི་སྤྱི་ཚོགས་འགན་ལེན་བྱང་བུའི་དངུལ་རྩའི་ནུས་པ་ཁུར་སྣོན་དང་སྤྱི་ཚོགས་འགན་བཅོལ་བྱང་བུ་ཡིས་དངུལ་རྩའི་ཉིང་ལྷེབ་བརྗེས་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་དེ་བྱང་བུ་སྤྱོད་མཁན་གྱིས་སྤྱི་ཚོགས་འགན་ལེན་དང་སྤྱི་བའི་ལས་ཞུགས་ཞབས་ཞུའི་ཁེ་དབང་ལོངས་སུ་སྤྱོད་པའི་གློག་རྡུལ་དཔང་རྟགས་ཤིག་ཏུ་གྱུར་ནས་ཆ་འཕྲིན་ཟིན་ཐོ་དང་། ཆ་འཕྲིན་འདྲི་རྩད། ལས་སྒོ་གཉེར་བ་སོགས་སྤྱི་ཚོགས་འགན་སྲུང་བྱང་བུའི་གཞི་རྩའི་ནུས་པ་བཏོན་པ་དང་དུས་མཚུངས་དངུལ་ཁང་བྱང་བུ་ཡིན་པའི་ངོས་ནས་སྤྱོད་ཆོག་པས་དངུལ་སྨར་གསོག་ལེན་དང་། རྩིས་སྒྱུར། འཛད་སྤྱོད་སོགས་ཀྱི་དངུལ་རྩའི་ནུས་པ་ལྡན།
སྤྱི་ལོ2016ལོའི་ལོ་མཇུག་བར་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་ཡོད་པའི་མི་གྲངས་དུང་ཕྱུར9.72ཟིན་པ་དང་། སྤྱི་ལོ2017ལོར་སྤྱི་ཚོགས་འགན་བཅོལ་བྱང་བུ་ད་དུང་རྒྱལ་ཡོངས་ཀྱི་བྱང་གཅིག་ཀུན་རྒྱག་མངོན་འགྱུར་ཐུབ་པ།
སྤྱི་ལོ2018ལོའི་ཟླ6པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ་ཡོད་པའི་མི་གྲངས་དུང་ཕྱུར11.5ཟིན་ཡོད།
སྤྱི་ལོ2020ལོའི་ཟླ10བའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་བྱང་བུ་ཡོད་པའི་མི་གྲངས་དུང་ཕྱུར13.29ཟིན་ནས་མི་འབོར94.99%ལ་ཁྱབ་ཡོད། བྱང་བུ་འཛིན་མཁན་ལྔ་རེའི་ནང་ནས་མི་གཅིག་གིས་དུས་གཅིག་ཏུ་གློག་རྡུལ་སྤྱི་ཚོགས་འགན་བཅོལ་བྱང་བུ་རེ་ཞུ་བྱས་ཡོད།
དངུལ་རྩའི་སྤྱི་ཚོགས་འགན་བཅོལ་བྱང་བུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་བའི་ནང་ཀོང་ཏུང་དང་། ཧུའུ་པེ། ནང་སོག ཧེ་ལུང་ཅང་། ཧྲན་ཞི། ཧྲན་ཏུང་། ཉིང་ཞ། ཧུ་པེ། ཀུའེ་ཀྲོའུ། ཞིན་ཅང་། ཁྲུང་ཆིང་། ཀྲེ་ཅང་། ཨན་ཧུའེ་སོགས་ས་ཁུལ་ཚང་མར་དངུལ་རྩའི་སྤྱི་ཚོགས་འགན་བཅོལ་བྱང་བུ་འགྲེམས་སྤེལ་བྱེད་མགོ་ཚུགས་ཡོད།
བྱང་བུའི་མ་ལག་གི་མཉེན་ཆས་ལ་གསང་ལྡེ་དོ་དམ་མ་ལག་དང་། བྱང་བུ་སྤྲོད་པའི་དོ་དམ་མ་ལག བྱང་བུ་དོ་དམ་སྲུང་སྐྱོང་མ་ལག ཉོ་ཚོང་དོ་དམ་མཐུད་ཁ། བྱང་བུའི་ནང་གི་འདྲི་རྩད་མ་ལག རྩིས་ཐོའི་དོ་དམ། གཞི་གྲངས་དྲ་རྒྱ་བརྒྱུད་གཏོང་། ཞིབ་རྩིས་དོ་དམ། HIS(སྨན་བཅོས་ཆ་འཕྲིན་དོ་དམ་མ་ལག) རྒྱུན་ལྡན་མིན་པའི་ཉོ་ཚོང་ཐག་གཅོད་བྱེད་ནུས་སོགས་ཚུད་ཡོད།
སྤྱི་ཚོགས་འགན་བཅོལ་བྱང་བུ་ཡི་མཁྲེགས་ཆས་མ་ལག་གི་གྲུབ་ཆ་གཙོ་བོ་ཞབས་ཞུའི་འཕྲུལ་ཆས་དང་། ལས་ཀའི་མཐའ་སྣེ། ཐོག་མའི་འདོན་ཀློག་སྒྲིག་ཆས། གསང་སྣོན་འཕྲུལ་འཁོར་སོགས་ཚུད་ཡོད།
བྱང་བུ་དེས་གསང་གྲངས་རྩིས་ཐབས་སྤྱད་དེ་ཉིང་ལྷེབ་ལག་རྩལ་མཉམ་ལས་བྱེད་དགོས་པ་དང་། གསང་ལྡེ་དོ་དམ་མ་ལག་དང་ཞིབ་མཆན་འགོད་པའི་གོ་རིམ་ནན་པོ་ཡོད་པས་རྫུན་བཟོ་བྱེད་སྲིད་པའི་རང་བཞིན་ཧ་ཅང་ཆུང་།
ལི་ཏུང་རོང་གིས་ཁོང་དུ་ཆུད་པའི་གནས་ཚུལ་ལ་བལྟས་ན། རྫུན་བཟོ་བྱེད་སྲིད་པའི་རང་བཞིན་ཧ་ཅང་དམའ་བོ་ཡོད། བྱང་བུ་དེའི་བླང་བྱ་ནི་གསང་གྲངས་རྩིས་ཐབས་སྤྱད་དེ་ཉིང་ལྷེབ་ལག་རྩལ་མཉམ་ལས་བྱས་པས་གསང་ལྡེ་དོ་དམ་མ་ལག་དང་ཞིབ་མཆན་འགོད་པའི་གོ་རིམ་ནན་པོ་ཡོད། ལི་ཏུང་རོང་གིས་ད་དུང་སྤྱི་ཚོགས་འགན་བཅོལ་བྱང་བུ་ཡི་དངུལ་རྩའི་བེད་སྤྱོད་ཀྱིས་དངུལ་བུན་གཏོང་བའི་ནུས་པར་རྒྱབ་སྐྱོར་མི་བྱེད་པ་དང་བེད་སྤྱོད་བྱེད་ཁོངས་ཀྱང་རྒྱལ་ནང་དུ་ཡོད་ཅེས་བཤད།
སྤྱི་ཚོགས་འགན་བཅོལ་བྱང་བུ་ནི་རྒྱལ་ཁབ་ཀྱིས་མི་སྒེར་གྱི་སྤྱི་ཚོགས་འགན་སྲུང་ཁེ་དབང་ལ་སྤྲད་པའི་གཞི་རྟེན་ཞིག་ཡིན་པས་ཚང་མས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་དངུལ་རྩའི་ནུས་པ་བསྣན་རྗེས་བྱང་བུ་གཞན་ལ་གཡར་བ་དེ་རང་ཉིད་ཀྱི་དངུལ་ཁང་བྱང་བུ་གཞན་ལ་གཡར་བ་དང་གཅིག་མཚུངས་ཡིན་པ་དང་། རང་ཉིད་ཀྱི་ཁེ་དབང་ལ་གྱོང་གུན་ཞིག་ཡིན་ལ་ཉེས་གསོག་པའི་ས་ཞིང་ཡང་མཁོ་འདོན་བྱས་ཡོད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ〔2011〕ཨང47པ།
“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུའི”དོ་དམ་བྱེད་ཐབས་དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།(མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་འགྲེམས་སྤེལ་བྱས་པའི〔2011〕ཨང47པ།)
ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང(ཅུའུ)དང་། ཧྥུའུ་ཅན་ཞིང་ཆེན་གཞུང་ཞབས་པའི་ཅུའུ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་མི་དོན་ཅུའུ། ངལ་རྩོལ་འགན་སྲུང་ཅུའུ་བཅས་ལ། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ”(གཤམ་དུ་སྤྱི་ཚོགས་འགན་སྲུང་བྱང་བུ་ཞེས་བསྡུ་རྒྱུ)འགྲེམས་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་བྱང་བུ་དོ་དམ་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་བྱང་བུ་འཛུགས་སྐྲུན་བརྟན་པོ་དང་། གོ་རིམ་ལྡན་པ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ད་ལྟ《“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ”ཡི་དོ་དམ་བྱ་ཐབས》པར་འགྲེམས་བྱས་ཡོད་པས་དེར་གཞིགས་ནས་ལག་བསྟར་གནང་རོགས།
བྱ་ཐབས་འདིའི་ནང་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་དོ་དམ་བྱེད་པའི་ལྷུ་ཚིགས་ཁག་ཚད་ལྡན་དུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་བྱང་བུ་བཀག་སྡོམ་དང་། སྐྱེལ་འདྲེན། བེད་སྤྱོད། དེ་བཞིན་བྱང་བུ་བདག་གི་ཁེ་དབང་སོགས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གི་ཕྱི་རོལ་ལྷུ་ཚིགས་དང་འབྲེལ་བ་ཡོད་པའི་དོ་དམ་བླང་བྱར་ངེད་པུས་ལོགས་སུ་གཏན་འབེབས་བྱེད་དགོས།
ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་ནང་སར་འགན་བཅོལ་ནང་ཞུགས་པའི་གཏན་འབེབས།
ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མིའི་རྒྱལ་ནང་དུ(སྐམ་ས་ཆེན་མོ)སྤྱི་ཚོགས་འགན་བཅོལ་ལ་ཞུགས་པའི་གནས་སྐབས་ལག་བསྟར་བྱ་ཐབས།
སྤྱི་ལོ2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་རྒྱལ་ནང(སྐམ་ས་ཆེན་པོ)དུ་ལས་ཞུགས་དང་། སྡོད་གནས། སློབ་སྦྱོང་བཅས་བྱེད་མཁན་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མིར་སྤྱི་ཚོགས་འགན་བཅོལ་བྱང་བུ་ཡོད་པ་དེ་རྒྱལ་ནང(སྐམ་ས་ཆེན་པོ)གྲོང་མི་དང་འདྲ་བར་ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པ་དང་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་ཁྲིམས་མཐུན་ཁེ་དབང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས《ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་རྒྱལ་ནང་(སྐམ་ས་ཆེན་པོ)དུ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་གནས་སྐབས་ལག་བསྟར་བྱ་ཐབས》གསར་ཤོས་ཁྱབ་བསྒྲགས་བྱས་པ་ཡིན།
གནས་སྐབས་ལག་བསྟར་བྱ་ཐབས་ནང་རྒྱལ་ནང(སྐམ་ས་ཆེན་པོ)དུ་ཁྲིམས་ལྟར་ཐོ་འགོད་བྱས་པའམ་ཡང་ན་ཐོ་འགོད་བྱས་པའི་ཁེ་ལས་དང་དོན་ལས་ཚན་པ། སྤྱི་ཚོགས་རྩ་འཛུགས། གླ་བ་ཡོད་པའི་ཁེར་རྐྱང་དཔལ་འབྱོར་རྩ་འཛུགས་སོགས་མི་སྤྱོད་ཚན་པས་ཁྲིམས་ལྟར་གདན་ཞུས་བཀོལ་སྤྱོད་དང་བསྡུ་སྤྱོད་བྱས་པའི་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མི་ཁྲིམས་ལྟར་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ། ལས་རྨས་འགན་བཅོལ། ལས་ཤོར་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ནང་ཞུགས་ནས་མི་སྤྱོད་ཚན་པ་དང་མི་སྒེར་གྱིས་གཏན་འབེབས་ལྟར་སྤྱི་ཚོགས་ཀྱི་འགན་བཅོལ་དངུལ་འབབ་འཇལ་སྤྲོད་བྱེད་དགོས།
རྒྱལ་ནང(སྐམ་ས་ཆེན་པོ)དུ་ཁྲིམས་ལྟར་ཁེར་རྐྱང་བཟོ་ཚོང་གཉེར་སྐྱོང་བྱེད་པའི་ཀང་ཨའོ་ཐའེ་ཡི་ཡུལ་མི་ཐོ་འགོད་བྱ་ཡུལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག
རྒྱལ་ནང(སྐམ་ས་ཆེན་པོ)དུ་སྟབས་བསྟུན་ལས་ཞུགས་བྱེད་པ་མ་ཟད་ཀང་ཨའོ་ཐའེ་ཡི་ཡུལ་མིའི་གནས་སྡོད་ལག་ཁྱེར་གཉེར་མཁན་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མིས་སྡོད་གནས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག
རྒྱལ་ནང(སྐམ་ས་ཆེན་པོ)དུ་སྡོད་པ་མ་ཟད་ཀང་ཨའོ་ཐའེ་ཡི་གྲོང་མིའི་གནས་སྡོད་ལག་ཁྱེར་གཉེར་བའི་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མིས་སྡོད་གནས་སུ་གཏན་འབེབས་གཞིར་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག
རྒྱལ་ནང(སྐམ་ས་ཆེན་པོ)དུ་སློབ་སྦྱོང་བྱེད་བཞིན་པའི་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སློབ་ཆེན་སློབ་མས་རྒྱལ་ནང(སྐམ་ས་ཆེན་པོ)སློབ་ཆེན་སློབ་མ་དང་འདྲ་མཉམ་གྱི་སྨན་བཅོས་འགན་ལེན་སྲིད་ཇུས་ལག་བསྟར་བྱེད་པ་དང་གཏན་འབེབས་ལྟར་མཐོ་རིམ་སློབ་གསོའི་སྒྲིག་གཞི་གནས་སའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་དགོས།