ཝང་ཧྥུའུ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 17:04ལ་འགྲུབ།

ཝང་ཧྥུའུ།

ཝང་ཧྥུའུ།
ཁོང་ནི་སྤྱི་ལོ1962ལོའི་ཟླ3པར་ཧྲན་ཞི་ཧུན་ཡོན་ནས་སྐྱེས་ཤིང་། སྤྱི་ལོ1986ལོའི་ཟླ8པར་ལས་ཀར་ཞུགས་ལ། སྤྱི་ལོ1985ལོའི་ཟླ4བར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཞིབ་འཇུག་སློབ་མ་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པ། སྤྱི་བའི་དོ་དམ་རབ་འབྱམས་པ། དཔལ་འབྱོར་དགེ་རྒན་བཅས་ཡིན་ཞིང་། ད་ལྟ་ཁྲུང་ཆིང་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王赋
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ3པ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཧྲན་ཞི་ཧུན་ཡོན།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གླིང་།
ཀྲུང་གོ་མི་དམངས་སློབ་ཆེན།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ9བ་ནས་སྤྱི་ལོ1984ལོའི་ཟླ8པའི་བར་དུ་ཀྲུང་གོ་མི་དམངས་སློབ་ཆེན་འཆར་གཞི་བསྡོམས་རྩིས་ཚན་ཁག་བསྡོམས་རྩིས་རིག་པའི་ཆེད་ལས་སུ་སློབ་གཉེར་བྱས།

སྤྱི་ལོ1984ལོའི་ཟླ8པ་ནས་སྤྱི་ལོ1986ལོའི་ཟླ8པའི་བར་དུ་ཀྲུང་གོ་མི་དམངས་སློབ་ཆེན་བསྡོམས་རྩིས་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན།

སྤྱི་ལོ1986ལོའི་ཟླ8པ་ནས་སྤྱི་ལོ1988ལོའི་ཟླ8པའི་བར་དུ་རྒྱལ་ཁབ་ཟོག་གོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་བྱེད་པ་ཡིན།

སྤྱི་ལོ1988ལོའི་ཟླ8པ་ནས་སྤྱི་ལོ1991ལོའི་ཟླ10བའི་བར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟོག་གོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1991ལོའི་ཟླ10བ་ནས་སྤྱི་ལོ1993ལོའི་ཟླ10བའི་བར་དུ་རྒྱལ་ཁབ་ཟོག་གོང་ཅུའུ་ཞིང་ལས་ཐོན་རྫས་རིན་གོང་སིའི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ10བ་ནས་སྤྱི་ལོ1995ལོའི་ཟླ12པའི་བར་དུ་རྒྱལ་ཁབ་འཆར་འགོད་ཨུ་ལྷན་ཁྲོམ་ར་དང་རིན་གོང་ཚོད་འཛིན་སིའི་རིན་གོང་འཆར་གཞི་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ12པ་ནས་སྤྱི་ལོ1999ལོའི་ཟླ2པའི་བར་དུ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་རིན་གོང་སྙོམ་སྒྲིག་སི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1999ལོའི་ཟླ2པ་ནས་སྤྱི་ལོ2000ལོའི་ཟླ6པའི་བར་དུ་ཧྲན་ཞི་ཞིང་ཆེན་ལུས་རྩལ་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ6པ་ནས་སྤྱི་ལོ2001ལོའི་ཟླ1པོའི་བར་དུ་ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ1པོ་ནས་སྤྱི་ལོ2004ལོའི་ཟླ3པའི་བར་དུ་ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ3པ་ནས་སྤྱི་ལོ2009ལོའི་ཟླ12པའི་བར་དུ་ཧྲན་ཞི་ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2009ལོའི་ཟླ12པ་ནས་སྤྱི་ལོ2010ལོའི་ཟླ5བའི་བར་དུ་ཧྲན་ཞི་ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ5བ་ནས་སྤྱི་ལོ2012ལོའི་ཟླ1པོའི་བར་དུ་ཧྲན་ཞི་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གྱིས་ཞིན་ཅང་རོགས་སྐྱོར་ལས་དོན་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོའི་ཟླ1པོ་ནས་སྤྱི་ལོ2012ལོའི་ཟླ3པའི་བར་དུ་ཧྲན་ཞི་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་གྱིས་ཞིན་ཅང་རོགས་སྐྱོར་ལས་དོན་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ། ཞིན་ཅང་ཁྲང་ཅི་ཀྲོའུ་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོའི་ཟླ3པ་ནས་སྤྱི་ལོ2016ལོའི་ཟླ12པའི་བར་དུ་ཧྲན་ཞི་ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་ཕྱོགས་བསྒྱུར་ཕྱོགས་བསྡུས་བསྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན། ཞིང་ཆེན་གྱིས་ཞིན་ཅང་རོགས་སྐྱོར་ལས་དོན་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ། ཞིན་ཅང་ཁྲང་ཅི་ཀྲོའུ་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ12པ་ནས་སྤྱི་ལོ2017ལོའི་ཟླ5བའི་བར་དུ་ཧྲན་ཞི་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་། ཞིང་ཆེན་འཕེལ་བསྒྱུར་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་ཕྱོགས་བསྡུས་བསྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ5བ་ནས་སྤྱི་ལོ2017ལོའི་ཟླ6པའི་བར་དུ་ཧྲན་ཞི་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ6པ་ནས་སྤྱི་ལོ2017ལོའི་ཟླ7པའི་བར་དུ་ཧྲན་ཞི་ཞིང་ཨུའི་རྒྱུན་ཨུ་དང་། དྲུང་ཡིག་ཆེ་མོ། ཧྲེང་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ7པ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་དུ་ཧྲན་ཞི་ཞིང་ཨུའི་རྒྱུན་ཨུ་དང་དྲུང་ཡིག་ཆེ་མོའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོ་ནས་སྤྱི་ལོ2018ལོའི་ཟླ10བའི་བར་དུ་ཁྲུང་ཆིང་གྲོང་ཨུའི་རྒྱུན་ཨུ་དང་། དྲུང་ཡིག་ཆེ་མོ། གཞུང་དོན་ཐིང་གི་ཀྲུའུ་རེན། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་། གྲོང་ཨུ་བསྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན། གྲོང་ཨུ་ཁྲིམས་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ10བ་ནས་སྤྱི་ལོ2021ལོའི་ཟླ3པའི་བར་དུ་ཁྲུང་ཆིང་གྲོང་ཨུའི་རྒྱུན་ཨུ་དང་། དྲུང་ཡིག་ཆེ་མོ། གཞུང་དོན་ཐིང་གི་ཀྲུའུ་རེན། གྲོང་ཨུ་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2021ལོའི་ཟླ3པ་ནས་སྤྱི་ལོ2021ལོའི་ཟླ7པའི་བར་དུ་ཁྲུང་ཆིང་གྲོང་ཨུའི་རྒྱུན་ཨུ་དང་། དྲུང་ཡིག་ཆེ་མོ། གཞུང་དོན་ཐིང་གི་ཀྲུའུ་རེན། གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། གྲོང་ཨུ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2021ལོའི་ཟླ7པར་ཁྲུང་ཆིང་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་འཐུས་མི་དང་། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་ལྔ་བའི་ཨུ་ཡོན། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་ལྔ་བའི་འཐུས་མི་བཅས་ཡིན།

2 བསྐོ་འཐེན་ཆ་འཕྲིན།

སྤྱི་ལོ2021ལོའི་ཟླ3པའི་ཚེས31ཉིན་གྱི་ཕྱི་དྲོ་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་ལྔ་བའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་བའི་ཐོག་མི་དོན་བསྐོ་འཐེན་གྱི་དོན་ཚན་ཁག་གཅིག་ལ་གྲོས་འཆམ་བྱུང་ཞིང་། ཝང་ཧྥུའུ་ནི་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པར་བསྐོ་གཞག་བྱ་བའི་གཏན་འབེབས་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།