ཀྲང་ཝེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 17:01ལ་འགྲུབ།

ཀྲང་ཝེ།

ཀྲང་ཝེ།
ཁོང་ནི་སྤྱི་ལོ1970ལོའི་ཟླ6པར་སྐྱེས་ཤིང་ཀྲུང་གུང་ཏང་ཡོན། ཁྲུང་ཆིང་གྲོང་ཁྱེར་ཐུང་ལིའང་ཆུས་ནས་ཡིན། བཟོ་རིག་འབུམ་རམས་པ་དང་འབུམ་རམས་ཕྱི་ཚར། དགེ་རྒན་ཆེན་མོ་བཅས་ཡིན། ཁྲུང་ཆིང་གྲོང་ཁྱེར་གྱི་སྔོན་ཐོན་ལས་དོན་པ་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་སྐབས་གཉིས་པའི་རིག་གཞུང་ལག་རྩལ་སྣེ་ཁྲིད་པའི་རྗེས་སྣོན་འོས་མི། ཁྲུང་ཆིང་གྲོང་ཁྱེར་གྱི་མཐོ་སློབ་ཀྱི་ཕུལ་བྱུང་རྐང་འཛིན་དགེ་རྒན་དར་གཞོན་ཁག་དང་པོ་བཅས་ཡིན། སྔ་རྗེས་སུ་ཁྲུང་ཆིང་སློབ་གསོའི་སློབ་གླིང་ཚན་ཁག་གི་ཀྲུའུ་རེན་དང་། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི། ཏང་ཨུའི་ཨུ་ཡོན། གླིང་གཙོ་གཞོན་པ། ཁྲུང་ཆིང་དགེ་འོས་སློབ་གྲྭ་གཉིས་པའི་ཏང་ཨུའི་ཨུ་ཡོན། གླིང་གཙོ་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་། ད་ལྟ་ཁྲུང་ཆིང་སན་ཞཱ་སློབ་གླིང་གི་སློབ་གཙོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་མུས་སུ་མཆིས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张伟
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཁྲུང་ཆིང་གྲོང་ཁྱེར་ཐུང་ལིའང་ཆུས།
སྐྱེས་ལོ།
སྤྱི་ལོ1970ལོའི་ཟླ6པ།
1 བྱ་བའི་བརྒྱུད་རིམ། 

སྤྱི་ལོ1992ལོར་ཁྲུང་ཆིང་སློབ་ཆེན་གྱི་རྩིས་འཁོར་ཚན་ཁག་གི་རྩིས་འཁོར་བཟོ་སྐྲུན་དང་ཉེར་སྤྱོད་ཆེད་ལས་ནས་མཐར་ཕྱིན་ཏེ་བཟོ་རིག་ཤེས་རམས་པའི་བསླབ་གནས་ཐོབ། 

སྤྱི་ལོ1999ལོར་ལྷོ་ནུབ་དགེ་འོས་སློབ་ཆེན་གྱི་རྩིས་འཁོར་ཚན་རིག་ཚན་ཁག་གི་རྩིས་འཁོར་དང་དེའི་ཉེར་སྤྱོད་ཆེད་ལས་ནས་མཐར་ཕྱིན་ཏེ་བཟོ་རིག་རབ་འབྱམས་པའི་སློབ་གནས་ཐོབ། 

སྤྱི་ལོ2003ལོར་ཁྲུང་ཆིང་སློབ་ཆེན་གྱི་རྩིས་འཁོར་སློབ་གླིང་གི་རྩིས་འཁོར་མཉེན་ཆས་དང་གཞུང་ལུགས་ཆེད་ལས་ནས་མཐར་ཕྱིན་ཏེ་བཟོ་རིག་འབུམ་རམས་པའི་སློབ་གནས་ཐོབ། 

སྤྱི་ལོ2007ལོར་ཁྲུང་ཆིང་སློབ་ཆེན་རང་འགུལ་ཅན་སློབ་གླིང་གི་ཚན་རིག་དང་བཟོ་བཀོད་ཀྱི་འབུམ་རམས་ཕྱི་ཚར་འཁོར་སྐྱོད་ས་ཚིགས་ནས་ཕྱིར་ཐོན།  

སྤྱི་ལོ2015ལོའི་ཟླ11པར་ཁྲུང་ཆིང་སན་ཞཱ་སློབ་གླིང་གི་གླིང་གཙོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

2 གྲུབ་འབྲས་གཙོ་བོ།

ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་ཆ་འཕྲིན་བདེ་འཇགས་དང་། རྩིས་རྒྱག་རིག་ནུས་དང་གྲངས་གཞི་སྔོག་འདོན་བྱ་རྒྱུ་དེ་རེད། སློབ་ཁྲིད་ཐད་ཁྲུང་ཆིང་གྲོང་ཁྱེར་གྱི་མཐོ་རིམ་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་དང་པོ1དང་བྱ་དགའ་རིམ་པ་གཉིས་པ1 རྒྱལ་ཁབ་ཀྱི་སྤུས་དག་སློབ་ཚན1  ཁྲུང་ཆིང་གྲོང་ཁྱེར་གྱི་སྤུས་དག་སློབ་ཚན2 ཁྲུང་ཆིང་གྲོང་ཁྱེར་རིམ་པའི་སློབ་ཁྲིད་ཚོགས་པ1བཙུགས། མཐོ་རིམ་སློབ་གསོ་དཀྱུས་མའི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་རྒྱལ་ཁབ་རིམ་པའི་འཆར་འགོད་སློབ་གཞི2གཙོ་སྒྲིག་བྱས། ཚན་རིག་ཞིབ་འཇུག་ཐད་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་སོགས་ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་བྱ་གཞི་ཁག26གཙོ་སྐྱོང་བྱས་པའམ་ཞིབ་འཇུག་ནང་ཞུགས། ཁྲུང་ཆིང་གྲོང་ཁྱེར་གྱི་རང་བྱུང་ཚན་རིག་བྱ་དགའ་རིམ་པ་གཉིས་པ1དང་བྱ་དགའ་རིམ་པ་གསུམ་པའི་རྣམ་གྲངས1ཐོབ། ཁྲུང་ཆིང་གྲོང་ཁྱེར་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་རིམ་པ་གསུམ་པའི་རྣམ་གྲངས1ཐོབ།《Pattern Recognition》སོགས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་ཐོག་དཔྱད་རྩོམ130ལྷག་ཙམ་སྤེལ་ཡོད། 

3 སྤྱི་ཚོགས་ཀྱི་གཅིག་ལྕོགས་ལས་འགན།

ཀྲུང་གོའི་མཐོ་རིམ་སློབ་གྲྭའི་གློག་རྡུལ་སློབ་གསོའི་སློབ་ཚོགས་ཀྱི་གཅིག་ལྕོགས་ལས་འཛིན་གཞོན་པ་དང་། སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་རྩིས་རྒྱག་འཕྲུལ་འཁོར་ཚན་རིག་དང་ལག་རྩལ་ཆེད་ལས་སློབ་ཁྲིད་ཡན་ལག་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་ལས་དོན་ཚོགས་ཆུང་གི་ཁོངས་མི། ཁྲུང་ཆིང་གྲོང་ཁྱེར་མི་ཐབས་རིག་ནུས་སློབ་ཚོགས་ཀྱི་ལས་འཛིན་གཞོན་པ། ཁྲུང་ཆིང་གྲོང་ཁྱེར་མི་ཐབས་རིག་ནུས་སློབ་ཚོགས་ཀྱི་ལས་འཛིན་གཞོན་པ། ཁྲུང་ཆིང་གྲོང་ཁྱེར་གྱི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས།  དར་མའི་མཐོ་སློབ་དགེ་རྒན་གྱི་མཐོ་རིམ་གོ་གནས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་བཟོ་པའི་རིག་ཚན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཀྱི་འགན་བཞེས་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲིད་འཛིན་མི་སྣ། རྒྱལ་ནང་།