ཀྲང་ཝེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 16:58ལ་འགྲུབ།

ཀྲང་ཝེ།

ཀྲང་ཝེ།
ཁོང་ནི་སྤྱི་ལོ1973ལོའི་ཟླ6པར་ཧུའུ་ནན་ཁྲང་ཧྲ་ནས་སྐྱེས་ཤིང་། སྤྱི་ལོ1995ལོའི་ཟླ7པར་ལས་ཀར་ཞུགས་ལ། ཀྲུང་གུང་ཏང་ཡོན་དང་། དོ་དམ་རིག་པའི་རབ་འབྱམས་པ་དང་བཟོ་བཀོད་པ་ཡིན་ཞིང་། ད་ལྟ་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་མིང་།
张为
སྐྱེས་ལོ།
སྤྱི་ལོ1973ལོའི་ཟླ6པ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཧུའུ་ནན་ཁྲང་ཧྲ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གླིང་།
ཧྥུའུ་ཏན་སློབ་ཆེན།
1 མི་སྣའི་བརྒྱུད་རིམ།

ཀྲུང་ཡོན་གཅིག་སྡུད་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི་མེ་གླིང་ཚོང་དོན་ཁུལ་གྱི་རྒྱུན་ལས་སྤྱི་གཉེར་བ་གཞོན་པ་དང་། ཀྲུང་ཡོན་གཅིག་སྡུད་སྐྱེལ་འདྲེན་མེ་གླིང་ཚད་ཡོད་ཀུང་སིའི་ལག་བསྟར་སྤྱི་ཁྱབ་གཞོན་པ། ཀྲུང་ཡོན་གཅིག་སྡུད་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི་འཐབ་ཇུས་འཕེལ་རྒྱས་པུའུ་ཡི་སྤྱི་གཉེར་བ། ཀྲུང་གོ་རྒྱང་རིང་སྐྱེལ་འདྲེན(ཚོགས་པ)སྤྱི་ཁྱབ་ཀུང་སི་དང་ཀྲུང་གོ་རྒྱང་རིང་མ་རྐང་ཚོད་འཛིན་མ་རྐང་ཚད་ཡོད་ཀུང་སིའི་སྐྱེལ་འདྲེན་སྤྱི་གཉེར་བ། ལས་གཉེར་དོ་དམ་པུའུ་ཡི་སྤྱི་གཉེར་བ། ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པ་ཚད་ཡོད་ཀུང་སིའི་གཉེར་སྐྱོང་དོ་དམ་པུའུ་ཡི་སྤྱི་གཉེར་བ། སྡེབ་སྒྲིག་དོ་དམ་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་མ་རྐང་ཚོད་འཛིན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་དང་ཏང་ཨུའི་ཧྲུའུ་ཅི། ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་བཅས་ཡིན།

སྤྱི་ལོ2021ལོའི་ཟླ2པར་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2021ལོའི་ཟླ2པའི་ཚེས26ཉིན་ཧྲང་ཧའེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅོ་ལྔ་བའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་བའི་ཐོག་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་གྲོས་ཞིབ་བྱས་ནས་བརྡས་ཐག་བཅད་དེ་ཀྲང་ཝེ་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པར་བསྐོ་གཞག་བྱ་བའི་གཏན་འབེབས་བྱས་པ་རེད། 


དཔྱད་གཞིའི་ཡིག་ཆ།