ཁྲེན་ཐུང་།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 16:57ལ་འགྲུབ།

ཁྲེན་ཐུང་།

ཁྲེན་ཐུང་།
ཁོང་ནི་སྤྱི་ལོ1972ལོའི་ཟླ10བར་སི་ཁྲོན་ཕིང་ཁྲང་ནས་སྐྱེས་ཤིང་། སྤྱི་ལོ1995ལོའི་ཟླ7པར་ལས་ཀར་ཞུགས་ལ། ཀྲུང་གུང་ཏང་ཡོན་དང་། ཞིབ་འཇུག་སློབ་མ། ལོ་རྒྱུས་རིག་པའི་རབ་འབྱམས་པ་ཡིན། ད་ལྟ་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་། ཧྲང་ཧའེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། ཧྲང་ཧའེ་ཧྲེ་ཧྲན་རྒྱལ་ཁབ་ཡུལ་སྐོར་གུང་གསེང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈通
སྐྱེས་ལོ།
སྤྱི་ལོ1972ལོའི་ཟླ10བ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
སི་ཁྲོན་ཕིང་ཁྲང་།
མི་རིགས།
རྒྱ་རིགས།
1 མི་སྣའི་བརྒྱུད་རིམ།

ཡར་སྔོན་རིག་གནས་པུའུ་རིག་གནས་ཁྲོམ་ར་སིའི་སྒྲ་བརྙན་གློག་བརྙན་ཁྲུའུ་ཡི་ཁྲུའུ་ཀྲང་དང་། ཞིབ་བཤེར་མཛུབ་ཁྲིད་ཁྲུའུ་ཡི་ཁྲུའུ་ཀྲང་། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་གཞུང་ལས་ཁང(རིག་གནས་ཁྲོམ་རའི་ཁྲིམས་འཛིན་མཛུབ་ཁྲིད་ལྟ་སྐུལ་ཁྲུའུ)གི་ཀྲུའུ་རེན(ཁྲུའུ་ཀྲང)དང་རིག་གནས་ཁྲོམ་ར་སིའི་སི་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ། རིག་གནས་པུའུ་རིག་གནས་ཁྲོམ་ར་སིའི་སི་ཀྲང་། དངོས་མིན་རིག་གནས་ཤུལ་བཞག་སིའི་སི་ཀྲང་། རིག་གནས་དང་ཡུལ་སྐོར་པུའུ་ཡི་དངོས་མིན་རིག་གནས་ཤུལ་བཞག་སིའི་སི་ཀྲང་བཅས་ཀྱི་འགན་བཞེས་མྱོང་།

སྤྱི་ལོ2020ལོའི་ཟླ8པར་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་། ཧྲང་ཧའེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་། ཧྲང་ཧའེ་ཧྲེ་ཧྲན་རྒྱལ་ཁབ་ཡུལ་སྐོར་གུང་གསེང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། 

ཧྲང་ཧའེ་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་བའི་འཐུས་མི་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ8པར་ཁྲེན་ཐུང་གིས་ཧྲང་ཧའེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་ཧྲང་ཧའེ་ཧྲེ་ཧྲན་རྒྱལ་ཁབ་ཡུལ་སྐོར་གུང་གསེང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་འགན་བཞེས་པ་རེད།


དཔྱད་གཞིའི་ཡིག་ཆ།