ཙུང་མིང་།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 16:57ལ་འགྲུབ།

ཙུང་མིང་།

ཙུང་མིང་།
ཁོ་མོ་ནི་སྤྱི་ལོ1963ལོའི་ཟླ1པོར་ཅང་སུའུ་དབྱི་ཞིན་ནས་སྐྱེས་ཤིང་། སྤྱི་ལོ1983ལོའི་ཟླ8པར་ལས་ཀར་ཞུགས་ལ། ཀྲུང་གུང་ཏང་ཡོན་དང་། ལས་ཐོག་ཞིབ་འཇུག་སློབ་མ། ཁྲིམས་ལུགས་རིག་པའི་འབུམ་རམས་པ། མཐོ་རིམ་ཆབ་སྲིད་ལས་དོན་པ་བཅས་ཡིན་ཞིང་། ད་ལྟ་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་། ཧྲང་ཧའེ་ཧུང་ཆའོ་ཚོང་དོན་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཧྲང་ཧའེ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宗明
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ1པོ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཅང་སུའུ་དབྱི་ཞིན།
མི་རིགས།
རྒྱ་རིགས།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ2006ལོའི་ཟླ9བར་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་ལས་ཚབ་ཀྱི་འགན་བཞེས།

སྤྱི་ལོ2007ལོའི་ཟླ1པོར་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཆུས་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2009ལོའི་ཟླ9བར་ཧྲང་ཧའེ་གྲོང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ12པར་ཧྲང་ཧའེ་གྲོང་ཁྱེར་རིག་གནས་གསར་གཏོད་ཐོན་ལས་སྐུལ་སྤེལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ2པར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེ་མོ་གཞོན་པའི་འགན་བཞེས།

སྤྱི་ལོ2019ལོའི་ཟླ2པར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་འགན་བཞེས།

ད་ལྟ་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་། ཧྲང་ཧའེ་ཧུང་ཆའོ་ཚོང་དོན་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཧྲང་ཧའེ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་བཞེས་བཞིན་ཡོད།

ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཨུ་ཡོན་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ8པར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཙུང་མིང་གི་ཧྲང་ཧའེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་ཧྲང་ཧའེ་ཧྲེ་ཧྲན་རྒྱལ་ཁབ་ཡུལ་སྐོར་གུང་གསེང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གོ་གནས་མེད་པར་བཟོ་བའི་གཏན་འབེབས་བྱས་པ་རེད།

སྤྱི་ལོ2021ལོའི་ཟླ7པར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཙུང་མིང་གིས་ཧྲང་ཧའེ་ཧུང་ཆའོ་ཚོང་དོན་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་འཁུར་བའི་གཏན་འབེབས་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།