ཕེང་ཁྲེན་ལེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 16:56ལ་འགྲུབ།

ཕེང་ཁྲེན་ལེ།

ཕེང་ཁྲེན་ལེ།
ཁོང་ནི་སྤྱི་ལོ1962ལོའི་ཟླ11པར་པེ་ཅིང་གྲོང་ཁྱེར་དུ་སྐྱེས་ཤིང་། སྤྱི་ལོ1984ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། སྤྱི་ལོ1982ལོའི་ཟླ9བར་ལས་ཀར་ཞུགས་ལ། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན་ཞིང་། མཐོ་རིམ་དཔལ་འབྱོར་མཁས་ཅན་ཞིག་ཡིན་ལ། ད་ལྟ་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་། ཧྲང་ཧའེ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་ཡིན།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ2006ལོའི་ཟླ4བར་ཧྥེང་ཞན་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་ལས་ཚབ་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ1པོར་ཧྥེང་ཞན་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་བཞེས།

སྤྱི་ལོ2008ལོའི་ཟླ4བར་ཁྲུང་མིང་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ4བར་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེ་མོ་གཞོན་པའི་འགན་བཞེས།

སྤྱི་ལོ2015ལོའི་ཟླ8པར་ཧྲང་ཧའེ་གྲོང་ཨུའི་དྲུང་ཡིག་ཆེ་མོ་གཞོན་པ་དང་གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ7པར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཧྲང་ཧའེ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་བཞེས།

སྐབས་བཅུ་གཅིག་པའི་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་འཐུས་མི། ཧྲང་ཧའེ་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་བའི་འཐུས་མི་བཅས་ཀྱི་འགན་བཞེས།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ7པའི་ཚེས28ཉིན་ཧྲང་ཧའེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དགུ་བའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་ཕེང་ཁྲེན་ལེ་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པར་བསྐོ་གཞག་བྱ་བའི་གཏན་འབེབས་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།