ཝུའུ་ཆིང་།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 16:56ལ་འགྲུབ།

ཝུའུ་ཆིང་།

ཁོང་ནི་སྤྱི་ལོ1965ལོའི་ཟླ4བར་ཨན་ཧུའེ་མེང་ཁྲེང་ནས་སྐྱེས་ཤིང་། ཀྲུང་གུང་ཏང་ཡོན་དང་། སྤྱི་ལོ1989ལོའི་ཟླ1པོར་ལས་ཀར་ཞུགས་ལ། ཞིབ་འཇུག་སློབ་མ་དང་དཔལ་འབྱོར་རིག་པའི་འབུམ་རམས་པ་ཡིན། ད་ལྟ་ཧྲང་ཧའེ་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཧྲང་ཧའེ་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན། ཧྲང་ཧའེ་གྲོང་ཁྱེར་ཀྲང་ཅང་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吴清
སྐྱེས་ལོ།
སྤྱི་ལོ1965ལོའི་ཟླ4བ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཨན་ཧུའེ་མེང་ཁྲེང་།
མི་རིགས།
རྒྱ་རིགས།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ2010ལོའི་ཟླ11པར་ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ་དང་ཆུས་ཀྲང་ལས་ཚབ་བཅས་ཀྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ1པོར་ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གི་འགན་བཞེས།

སྤྱི་ལོ2013ལོའི་ཟླ7པར་ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ5བར་ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་གི་ལས་འཛིན་འགོ་གཙོ་དང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ12པར་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས། 

སྤྱི་ལོ2019ལོའི་ཟླ4བར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་དང་། ཧྲང་ཧའེ་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན། ཧྲང་ཧའེ་གྲོང་ཁྱེར་ཀྲང་ཅང་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2019ལོའི་ཟླ8པར་ཧྲང་ཧའེ་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཧྲང་ཧའེ་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན། ཧྲང་ཧའེ་གྲོང་ཁྱེར་ཀྲང་ཅང་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

ཧྲང་ཧའེ་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་བའི་འཐུས་མི་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2019ལོའི་ཟླ8པར་ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་བཀོད་དེ་བློ་མཐུན་ཝུའུ་ཆིང་གིས་ཧྲང་ཧའེ་གྲོང་ཨུའི་ཨུ་ཡོན་དང་རྒྱུན་ཨུའི་འགན་བཞེས་པ་རེད། 


དཔྱད་གཞིའི་ཡིག་ཆ།