ཕང་ཀྲེ་ཕུའུ་སློབ་ཆེན(ལ་ཧུ་ཨེར)ནི་རྒྱལ་བཙུགས་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་རྣམ་པའི་སློབ་ཆེན་ཆེ་གྲས་ཤིག་ཡིན་པ་དང་། ཕང་ཀྲེ་ཕུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལ་ཧུ་ཨེར་གྲོང་ཁྱེར་དུ་གནས་པ་དང་། དབྱིན་ཇི་དང་རྒྱ་གར་སྲིད་གཞུང་གིས་སྤྱི་ལོ1882ལོར་བཙུགས་པ་ཞིག་ཡིན་པ་དང་། ཕ་ཁི་སི་ཐན་གྱི་ལོ་རྒྱུས་རིང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ། ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེན་མོའི་མུའུ་སི་ལིན་ས་ཁུལ་དུ་བཙུགས་པའི་མཐོ་སློབ་དང་པོ་ཡིན།
ལ་ཧུ་ཨེར་ནི་དེ་སྔ་མོ་ཝོར་བཙན་རྒྱལ་གྱི་རྒྱལ་ས་ཡིན་པ་དང་ཕ་ཁི་སི་ཐན་གྱི་ལོ་རྒྱུས་དང་རིག་གནས་འཚོ་གནས་ཀྱི་གྲོང་ཁྱེར་ཞེས་བརྗོད་བཞིན་ཡོད། ཕང་ཀྲེ་ཕུའུ་སློབ་ཆེན་གྱིས་ཕ་ཁི་སི་ཐན་གྱི་མཐོ་རིམ་སློབ་གསོའི་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་དང་ཕ་ཁི་སི་ཐན་མཐོ་རིམ་སློབ་གསོ་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའིTOP10མིང་ཐོའི་ནང་ཨང་གཉིས་པར་སླེབས་ཡོད། ཕང་ཀྲེ་ཕུའུ་སློབ་ཆེན་གྱིས་རིག་གཞུང་དོན་གཉེར་བྱེད་མཁན་མང་པོར་རིག་གཞུང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། ཉེ་འགྲམ་གྱི་སྤུས་ལེགས་སློབ་གསོའི་སྤུས་ཚད་དང་། སྤྲོ་སྣང་ལྡན་པའི་ཁོར་ཡུག་གི་རྣམ་པ། སློབ་ཡོན་དམའ་བ་བཅས་ནི་རྒྱལ་ནང་དང་རྒྱལ་སྤྱིའི་སློབ་མ་མང་པོ་ཞིག་གིས་དེ་གར་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་ཡོང་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།
ཨཱ་ལཱ་མཱ•དབྱི་ཁུ་པཱ་ཨེརAllama Iqbalསློབ་ཁུལ་དུ་ཨེ་ཤེ་ཡ་ལྷོ་མའི་རླབས་ཆེན་གྱི་བསམ་བློ་མཁས་ཅན་དང་སྙན་ངག་པ་དབྱི་ཁུ་པཱ་ཨེར་གྱིས་མིང་བཏགས་པ་དང་དབྱི་སི་ལམ་གྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་ཇུས་འགོད་ཀྱི་བརྗོད་བྱ་གཙོ་བོར་བྱས་ཡོད།
ཁུའེ་ཏུ•ཨ་ལི•ཨ་ཀྲ་མུའུ(Quaid-i-Azamདབྱིན་ཡིགGreat Leader)སློབ་ཁུལ་ཨཱ་ལཱ་མཱ•དབྱི་ཁུ་པཱ་ཨེར་སློབ་ཁུལ་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ12ཀྱི་སར་གནས་ཡོད། སློབ་ཁུལ་དེ་ནི་སློབ་གྲྭའི་རིག་གཞུང་དང་སྲིད་འཛིན་བྱེད་སྒོའི་ལྟེ་གནས་ཡིན་པ་དང་། རྒྱ་ཁྱོན་དབྱིན་མུའུ1800ཡོད། མིས་བཟོས་གཙང་པོ་ཞིག་གིས་རིག་གཞུང་ཁྲོམ་གཞུང་དང་སློབ་མའི་ཉལ་ཁང་གཉིས་སོ་སོར་ཕྱེ་ཡོད།
ཧ་ན་སི་པུའུ་ཨེར(Khanaspur)སློབ་ཁུལ་ནི་དབྱར་དུས་ཀྱི་སློབ་ཁུལ་ཞིག་ཡིན་པ་དང་ས་བབ་མཐོ་ཚད་དབྱིན་ཁྲི7000ཙམ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཨ་ཡིའུ་པི་ཡ(Ayubia)ཉེ་འགྲམ་དུ་གནས་ཡོད། སློབ་ཁུལ་འདིར་ཞིབ་འཇུག་གི་སྒྲིག་ཆས་མཁོ་འདོན་བྱེད་པ་ཕུད། ད་དུང་དགེ་རྒན་དང་སློབ་མའི་རོལ་རྩེད་ལྟེ་གནས་ཀྱང་དེ་གར་བཙུགས་ཡོད།
གཞན་ཡང་ཀུའུ་ཅི་ལན་ཝ་ལཱGujranwalaདང་ཀྲེ་ལུན(Jhelum)དུ་ཡན་ལག་སློབ་གྲྭ་བཙུགས་པར་བཟོ་ཚོང་དོ་དམ་དང་། ཚོང་ལས། བཅའ་ཁྲིམས། ཆ་འཕྲིན་ལག་རྩལ་བཅས་བཞི་ཡོད། མི་རིང་བར་རིག་ཚན་དེ་བས་མང་བ་སྣོན་འཆར་ཡོད།
ཕང་ཀྲེ་ཕུའུ་སློབ་ཆེན་ནི་སློབ་ཁུལ5(Campuses)དང་། སློབ་གླིང13(Faculties)གྲུབ་ཆའི་སློབ་གླིང10(Constituent Colleges)སློབ་གླིང་དང་སྡེ་ཁག73(Departments)ལྟེ་གནས(Centres)སློབ་གླིང(Institutes)ཞོར་གཏོགས་སློབ་གླིང614(afiliated colleges)བཅས་ལས་གྲུབ་ཡོད། སློབ་གྲྭའི་ནང་ཚེ་གང་དགེ་རྒན་དང་ལས་བཟོ་མི་སྣ818ཡོད། སློབ་ཁྲིད་དང་ཞིབ་འཇུག་ནང་ཞུགས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ36000ལས་བརྒལ་ཡོད།
སྤྱི་ལོ2021QSའཛམ་གླིང་སློབ་ཆེན་གྱི་ཨང་རིམ་ཁྲོད801-1000བར་སླེབས་ཡོད།
སྤྱི་ལོ2020ལོར་འཛམ་གླིང་སློབ་ཆེན་གྱི་ཨང་རིམ་ཁྲོད801-1000བར་ཟིན་ཡོད།
ཕང་ཀྲེ་ཕུའུ་སློབ་ཆེན་ནི་སྤྱི་ལོ1882ལོའི་ཟླ10བའི་ཚེས14ཉིན་ཞི་མོའུ་ལཱ་ཚོགས་འདུ་ཐེངས་དང་པོའི་ཐོག་དངོས་སུ་གྲོས་འཆམ་བྱུང་བཙུགས་པ་ཞིག་ཡིན། འདི་ནི་དབྱིན་ཇིའི་མི་སེར་སྤེལ་བའི་དབང་འཛིན་ལས་ཁུངས་ཀྱིས་རྒྱ་གར་གྱི་སྐམ་ས་ཆེ་མོར་བཙུགས་པའི་སློབ་ཆེན་བཞི་པ་ཡིན་ཞིང་། མུའུ་སི་ལིན་གྱིས་མང་ཆེ་བ་བཟུང་བའི་ས་ཁུལ་གྱི་སློབ་ཆེན་དང་པོ་དེ་ཡིན། སློབ་གྲྭ་ཆེན་མོ་སྔོན་མ་གསུམ་ནི་དབྱིན་ཇིའི་དབང་སྒྱུར་པས་ཁོ་ཚོའི་ཐོག་མའི་རྟེན་གཞི་སྟེ་འབོམ་འབེལ་དང་། མ་ཏེ་ལ་སི། ཅར་ཀེ་ཏ་བཅས་ནས་བཙུགས་པ་རེད། ཕང་ཀྲེ་ཕུའུ་སློབ་ཆེན་ནི་སྤྱི་ལོ1857ལོའི་རང་བཙན་དམག་འཁྲུག་གི་རྗེས་སུ་ཕང་ཀྲེ་ཕུའུ་མི་དམངས་ཀྱིས་ཡུན་རིང་འབད་འཐབ་བྱས་པའི་འབྲས་བུ་ཡིན། དེ་གོང་བཙུགས་པའི་ཞིབ་འཇུག་རྣམ་པའི་སློབ་ཆེན་གསུམ་དང་མི་འདྲ་བ་ནི་ཕང་ཀྲེ་ཕུའུ་སློབ་ཆེན་དེ་ཐོག་མ་ཉིད་ནས་སློབ་ཁྲིད་དང་ཚན་ཞིབ་ཀྱི་བཀོད་སྒྲིག་གཉིས་ཡོད་པས་ཡིན།
སྤྱི་ལོ1947ལོར་རྒྱ་གར་དང་ཕ་ཁི་སི་ཐན་སོ་སོར་མ་གྱེས་གོང་ཕང་ཀྲེ་ཕུའུ་སློབ་ཆེན་གྱིས་རྒྱ་གར་སྐམ་ས་ཆེ་མོའི་རྒྱ་ཆེའི་ས་ཁུལ་གྱི་སློབ་གསོའི་དགོས་མཁོ་བསྐངས་ཡོད། སྐམ་ས་ཆེན་པོའི་ཁག་བགོས་བཅོས་སྐྱོང་གིས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཕང་ཀྲེ་ཕུའུ་སློབ་ཆེན་གྱི་ས་ཁམས་ཁྱབ་ཁོངས་ཇེ་དམའ་རུ་བཏང་། སྤྱི་ལོ1947ལོར་རྒྱ་གར་གྱི་ཕང་ཀྲེ་ཕུའུ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཁྲང་ཏི་ཅར་དུ་ཕང་ཀྲེ་ཕུའུ་སློབ་ཆེན་གསར་པ་བཙུགས་ནས་ལཱ་ཧུ་ཨེར་གྲོང་ཁྱེར་དུ་གནས་པའི་ཕང་ཀྲེ་ཕུའུ་སློབ་ཆེན་དང་མཐོ་རིམ་སློབ་གསོའི་འགན་འཁྲི་དང་གཟི་བརྗིད་མཉམ་སྤྱོད་བྱས།