ཁཱ་ཐཱ་ཨེར་སློབ་ཆེན།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-26 09:28ལ་འགྲུབ།

ཁཱ་ཐཱ་ཨེར་སློབ་ཆེན།

ཁཱ་ཐཱ་ཨེར་སློབ་ཆེན།
ཁཱ་ཐཱ་ཨེར་སློབ་ཆེན་ནི་ཁཱ་ཐཱ་ཨེར་གྱི་ཏུའོ་ཧ་བྱང་རྒྱུད་དུ་གནས་པ་དང་རྒྱལ་བཙུགས་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན་པ་དང་། ཁཱ་ཐཱ་ཨེར་སློབ་གསོའི་སློབ་གླིང་རྒྱས་སྐྲུན་བྱས་པ་ལས་གྲུབ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卡塔尔大学
ཕྱི་ཡིག་གི་མིང་།
Qatar University
ངོ་བོ།
རྒྱལ་བཙུགས་སློབ་ཆེན།
རིགས་དབྱེ།
ཕྱོགས་བསྡུས།
བཙུགས་ལོ།
སྤྱི་ལོ1977ལོར་བཙུགས།
སློབ་གླིང་དང་སྡེ་ཁག་གཙོ་བོ།
སློབ་གསོ་སློབ་གླིང་། སྒྱུ་རྩལ་དང་རང་བྱུང་ཚན་རིག་རིག་པའི་སློབ་གླིང་། དབྱི་སི་ལམ་ཆོས་ལུགས་སློབ་གླིང་སོགས་ཡོད།
1 ངོ་སྤྲོད་མདོར་བསྡུས། 

ཁཱ་ཐཱ་ཨེར་སློབ་ཆེནQatar Universityཁཱ་ཐཱ་ཨེར་གྱི་རྒྱལ་ས་ཏུའོ་ཧ་རུ་གནས་ཤིང་། སློབ་གྲྭ་དེའི་སྒྲིག་བཀོད་ཆ་ཚང་བ་དང་སློབ་ཁྲིད་སྒྲིག་ཆས་སྔོན་ཐོན་ཡིན། སློབ་གྲྭར་ད་ལྟ་སློབ་མ་ཁྲི1ལྷག་དང་དགེ་རྒན་དང་ལས་བཟོ་བ1500ལྷག་ཡོད། སློབ་གསོ་དང་། མི་ཆོས། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། བཅའ་ཁྲིམས། ལས་གྲྭ། དཔལ་འབྱོར་དོ་དམ། ལག་རྩལ་སོགས་སློབ་གླིང་དང་སྡེ་ཁག7དང་ཚན་རིག་ཞིབ་འཇུག་ཚོད་ལྟའི་ལྟེ་གནས་ཀྱང་ཁ་ཤས་ཡོད།

དབྱིན་ཇིའི《ཐའེ་ཝུའུ་ཧྲིའི་ཚགས་པར》གྱི“མཐོ་རིམ་སློབ་གསོའི་འཕར་སྣོན་དུས་དེབ”སྤྱི་ལོ2003ལོའི་ཟླ11ཚེས4ཉིན་བཏོན་པའི་འཛམ་གླིང་ཐོག་གི་མཐོ་སློབ་ཡག་ཤོས200ཡི་མིང་གྲལ་ནང་ཚུད་པ་དང་། དེ་ནི་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་སློབ་གྲྭ་གྲགས་ཅན་ཁག་ལ་ཕྱོགས་ཡོངས་ནས་ཞིབ་བསྡུར་བྱེད་ཐེངས་དང་པོ་ཡིན་ཞེས་འཁོད་ཡོད་པ་རེད། ཀྲུང་གོའི་ནང་སའི་བདམས་ཐོན་བྱུང་བའི་སློབ་ཆེན་པེ་ཅིང་སློབ་ཆེན་གཅིག་པུ་དེ་ཨང17པ་དང་ཨ་རིའི་ཧ་ཧྥོ་སློབ་ཆེན་ཨང་དང་པོ་ཡིན། ཁཱ་ཐཱ་ཨེར་སློབ་ཆེན་གྱི་ཨང་རིམ99པར་སླེབས་ཡོད།

སྤྱི་ལོ2002ལོར་སློབ་གྲྭར་སློབ་མ་8621ཡོད་པའི་ནང་ནས73%བུད་མེད་ཡིན། སློབ་ཁྲིད་ལ་དབྱིན་སྐད(སློབ་གསོ་དང་སྒྱུ་རྩལ། སྤྱི་ཚོགས་ཚན་རིག་བཅས་ཀྱི་རིག་ཚན)དང་ཨ་རབ་ཀྱི་སྐད(རང་བྱུང་ཚན་རིག་དང་། ལས་གྲྭ། ཚོང་ལས་རིག་ཚན)སྤྱོད་བཞིན་ཡོད།

སློབ་གྲྭ་སྤྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8ཟིན་ཡོད། སློབ་གྲྭའི་འཛུགས་སྐྲུན་ལ་དེང་རབས་ཅན་གྱི་འཛུགས་སྐྲུན་ཇུས་འགོད་བྱས་ཡོད་མོད། འོན་ཀྱང་ཁཱ་ཐཱ་ཨེར་གྱི་སྲོལ་རྒྱུན་ཁྱད་ཆོས་ཆེན་པོ་ལྡན་ཡོད། སྒྲིག་བཀོད་ཚང་མར་སྐྱེས་པ་དང་བུད་མེད་ལོགས་སུ་དབྱེ་ནས་ཡོད། རང་ཚུགས་ཀྱི་ཚོད་ལྟ་ཁང་དང་དཔེ་གཟིགས་ཁང་སོགས་ཡོད། སློབ་ཆེན་འདིར་ཚོད་ལྟའི་རང་བཞིན་གྱི་ཞིང་ར་གཞན་ཞིག་ཡོད་པ་ནི་ཏུའོ་ཧའི་བྱང་རྒྱུད་ཀྱི་སྤྱི་ལེ65ཡི་སར་ཡོད།

2 ལོ་རྒྱུས། 

སྤྱི་ལོ1973ལོར་ཁཱ་ཐཱ་ཨེར་གྱི་ཨེ་སྨི་ཨེརKhalifa bin Hamad Al Thaniཁཱ་ཐཱ་ཨེར་གྱི་སློབ་གསོའི་སློབ་གླིང་བཙུགས་པ་དང་། སྤྱི་ལོ1977ལོར་ཁཱ་ཐཱ་ཨེར་གྱི་སློབ་གསོའི་སློབ་གླིང་ཁཱ་ཐཱ་ཨེར་སློབ་ཆེན་དུ་བསྒྱུར་ནས་སྐབས་དེ་དུས་སློབ་གསོ་རིག་པ་དང་། མི་ཆོས་དང་སྤྱི་ཚོགས་རིག་པ། དབྱི་སི་ལམ་ཆོས་ལུགས་དང་བཅའ་ཁྲིམས་རིག་པ། དེ་བཞིན་རང་བྱུང་ཚན་རིག་བཅས་སློབ་ཚན་བཞི་བཀོད་སྒྲིག་བྱས་ཡོད།

སྤྱི་ལོ2005ལོར་ཁཱ་ཐཱ་ཨེར་སློབ་ཆེན་དུ་སློབ་གླིང་ལྔ་ཡོད་པ་སྟེ། སློབ་གསོའི་སློབ་གླིང་དང་། སྒྱུ་རྩལ་དང་རང་བྱུང་ཚན་རིག་སློབ་གླིང་། དབྱི་སི་ལམ་ཆོས་ལུགས་སློབ་གླིང་། བཟོ་སྐྲུན་སློབ་གླིང་། དེ་བཞིན་དངུལ་རྩ་དང་བཅའ་ཁྲིམས་སློབ་གླིང་བཅས་ཡོད།

སྤྱི་ལོ2008ལོར་ཁཱ་ཐཱ་ཨེར་སློབ་ཆེན་ལ་སློབ་གླིང6ཡོད་པ་སྟེ། སློབ་གསོའི་སློབ་གླིང་དང་། རྩོམ་རིག་དང་རང་བྱུང་ཚན་རིག་སློབ་གླིང་། དབྱི་སི་ལམ་ཆོས་ལུགས་སློབ་གླིང་། བཟོ་སྐྲུན་སློབ་གླིང་། བཟོ་ཚོང་དོ་དམ་སློབ་གླིང་། བཅའ་ཁྲིམས་སློབ་གླིང་བཅས་ཡོད།


དཔྱད་གཞིའི་ཡིག་ཆ།