ཐང་ཀྲི་ཕིང་།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 16:54ལ་འགྲུབ།

ཐང་ཀྲི་ཕིང་།

ཐང་ཀྲི་ཕིང་།
ཁོང་ནི་སྤྱི་ལོ1965ལོའི་ཟླ11པར་ཧྲང་ཧའེ་ནས་སྐྱེས་ཤིང་། སྤྱི་ལོ1990ལོའི་ཟླ3པར་ལས་ཀར་ཞུགས་པ་དང་། སྤྱི་ལོ2003ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ལ། ཉིན་གང་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མ་དང་། བཟོ་རིག་པའི་རབ་འབྱམས་པ། མཐོ་རིམ་བཟོ་སྐྲུན་དགེ་རྒན་བཅས་ཡིན་ལ། ད་ལྟ་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汤志平
སྐྱེས་ལོ།
སྤྱི་ལོ1965ལོའི་ཟླ11པ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཧྲང་ཧའེ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གླིང་།
ཐུང་ཅི་སློབ་ཆེན།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ1996ལོའི་ཟླ8པའི་སྔ་རྗེས་སུ་ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་དོ་དམ་ཅུའུ་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། ཅུའུ་ཡི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ། ཅུའུ་ཀྲང་གི་ལས་རོགས་པ། སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2001ལོའི་ཟླ8པར་ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ12པར་ཧྲང་ཧའེ་གྲོང་ཁྱེར་གྱི་ཞུའུ་ཧུའེ་ཆུས་སྲིད་གཞུང་གི་ཆུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ7པར་ཧྲང་ཧའེ་གྲོང་ཁྱེར་གྱི་ཞུའུ་ཧུའེ་ཆུས་ཨུའི་རྒྱུན་ཨུ་དང་ཆུས་སྲིད་གཞུང་གི་ཆུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2009ལོའི་ཟླ8པར་ཧྲང་ཧའེ་གྲོང་ཁྱེར་གྱི་གོང་སྤེལ་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ1པོར་ཧྲང་ཧའེ་གྲོང་ཁྱེར་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་གྲོང་ཁྱེར་ཟོག་གོང་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2013ལོའི་ཟླ3པར་ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་འགྲིམ་འགྲུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ1པོར་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཆུས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ། ལས་ཚབ་ཆུས་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ3པར་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་སྲིད་གཞུང་གི་ཆུས་ཀྲང་འགན་བཞེས།

སྤྱི་ལོ2016ལོའི་ཟླ7པར་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ8པར་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་། གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འོས་མིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ9བར་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་། གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ2པར་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2019ལོའི་ཟླ9བར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་གཞོན་པའི་འགན་བཞེས།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་འཐུས་མི་དང་། ཧྲང་ཧའེ་གྲོང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན། ཧྲང་ཧའེ་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་བའི་འཐུས་མི་བཅས་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2019ལོའི་ཟླ9བའི་ཚེས23ཉིན་ཧྲང་ཧའེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅོ་ལྔ་བའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་བའི་ཐོག་ཐང་ཀྲི་ཕིང་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པར་བསྐོ་གཞག་བྱ་བའི་གཏན་འབེབས་བྱས་པ་རེད།

3 བྱ་བའི་ལས་བགོས།

སྡོད་ཁང་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་དང་། འཆར་འགོད་དང་རང་བྱུང་ཐོན་ཁུངས། ཆུའི་ལས་དོན། སྔོ་ལྗང་ཅན་དང་གྲོང་ཁྱེར་གྱི་བཀོད་པ་དོ་དམ། སྐྱེ་ཁམས་ཁོར་ཡུག དམངས་ཟོན། གནམ་གཤིས་སོགས་ཀྱི་ལས་དོན་སྒྲུབ་པའི་འགན་བཞེས།

གྲོང་ཁྱེར་སྡོད་ཁང་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་ཨུ་ཡོན་ལྷན་ཁང་དང་དེ་བཞིན་གྲོང་ཁྱེར་དོ་དམ་སྲིད་འཛིན་ཁྲིམས་འཛིན་ཅུའུ་དང་གྲོང་ཁྱེར་སྡོད་ཁང་དོ་དམ་ཅུའུ། གྲོང་ཁྱེར་འཆར་འགོད་དང་རང་བྱུང་ཐོན་ཁུངས་ཅུའུ། གྲོང་ཁྱེར་ཆུ་དོན་ཅུའུ(གྲོང་ཁྱེར་རྒྱ་མཚོ་ཅུའུ)གྲོང་ཁྱེར་སྔོ་ལྗང་ཅན་དང་གྲོང་ཁྱེར་གྱི་བཀོད་པ་དོ་དམ་ཅུའུ(གྲོང་ཁྱེར་ནགས་ལས་ཅུའུ)གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུའུ། གྲོང་ཁྱེར་མི་དམངས་དོགས་ཟོན་གཞུང་ལས་ཁང་སོགས་སོ་སོར་དོ་དམ་བྱ་དགོས།


དཔྱད་གཞིའི་ཡིག་ཆ།