ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-26 08:46ལ་འགྲུབ།

ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན།

ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན།
ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་ནིGeorge Washington Universityསྤྱི་ལོ1821ལོར་བཙུགས་པ་དང་། བསྡུས་མིང་ལGWUའམGWཟེར། དེ་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་ཨ་རིའི་སྒེར་བཙུགས་ཞིབ་འཇུག་རང་བཞིན་གྱི་སློབ་ཆེན་རྩེ་གྲ་ཞིག་ཡིན། ཨ་རིའི་ཙུང་ཐུང་སྐབས་དང་པོ་ཆའོ་ཀྲི•ཧྭ་ཧྲེང་ཏུན་གྱིས་རྒྱལ་བཙུགས་དབང་གྲགས་སློབ་ཆེན་ཞིག་འཛུགས་རྒྱུའི་འདུན་པ་གཞིར་བཟུང་ནས། ཙུང་ཐུང་མོན་ལུའོ་ཡིས་རྒྱལ་ཚོགས་ཀྱི་ཁྲིམས་གཞིར་མིང་རྟགས་བཀོད་དེ་ཨ་རི་ཡོངས་ཀྱི་ཨ་རིའི་རྒྱལ་ཚོགས་ཀྱིས་བཙུགས་པའི་སློབ་ཆེན་ལྔའི་གྲས་སུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乔治·华盛顿大学
ཕྱི་ཡིག་གི་མིང་།
George Washington University
ངོ་བོ།
སྒེར་བཙུགས་སློབ་ཆེན།
བཙུགས་ལོ།
སྤྱི་ལོ1821ལོར་བཙུགས།
རིགས་དབྱེ།
ཕྱོགས་བསྡུས་ཞིབ་འཇུག་རང་བཞིན་གྱི་སློབ་ཆེན།
ད་ལྟའི་སློབ་གཙོ།
Thomas J. LeBlanc
1 ལོ་རྒྱུས་འཕེལ་རིམ། 

རྒྱལ་ཡོངས་རང་བཞིན་གྱི་མཐོ་རིམ་སློབ་གྲྭ་ཞིག་འཛུགས་རྒྱུ་ནི་ཨ་རིའི་ཙུང་ཐུང་སྐབས་དང་པོ་ཆའོ་ཀྲི•ཧྭ་ཧྲེང་ཏུན་གྱི་རེ་འདུན་ཡིན་པ་དང་། ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་ནི་རྨང་གཞི་དེའི་ཐོག་བཙུགས་པ་ཞིག་ཡིན།

ཙུང་ཐུང་དང་སྤྱི་དམངས་ཤིག་ཡིན་པའི་ཆ་ནས་ཧྭ་ཧྲེང་ཏུན་གྱིས་གསར་དར་རྒྱལ་ཁབ་དེར་དབང་གྲགས་ལྡན་པའི་རྒྱལ་བཙུགས་སློབ་ཆེན་ཞིག་དགོས་པ་དང་རྒྱལ་ཡོངས་ས་གནས་ཁག་གི་ན་གཞོན་ཚོར་དེ་གར་རིག་གནས་དང་རང་བྱུང་ཚན་རིག་གི་སློབ་གསོ་ཐོབ་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད། ཨ་རིའི་རྒྱལ་ས་ཡིན་པའི་ངོས་ནས་སྐབས་དེ་དུས་ཀྱི་ས་ཁམས་ཐོག་གི་དབུས་རྒྱུད་གྲོང་ཁྱེར་དང་ཝ་ཧྲིང་ཏུན་གྲོང་ཁྱེར་དནི་སློབ་གྲྭའི་འོས་འཚམ་གྱི་གནས་ཡུལ་ཡིན་པའི་ངོས་འཛིན་བྱས། ཝ་ཧྲིང་ཏུན་གྱིས་པོ་ཐོ་མ་ཁེ་ཀུང་སིའི་མ་རྐང་འཛིན་ཤོག་མ་དངུལ་རོགས་སྐྱོར་བྱས་ནས་སློབ་གྲྭ་བཙུགས་པ་རེད། ཡིད་ཕངས་པ་ཞིག་ལ། པོ་ཐོ་མ་ཁེ་ཀུང་སི་མ་རྐང་འཛིན་ཤོག་མ་སྤྲད་གོང་ལ་རྡིབ་སོང་།

འོན་ཀྱང་ཧྭ་ཧྲེང་ཏུན་གྱི་འཐབ་གྲོགས་ཚོས་ཁོང་གི་ཕུགས་བསམ་རྒྱུན་འཛིན་བྱས་ཏེ་གང་སར་སློབ་ཆེན་གསར་འཛུགས་ཀྱི་འཆར་གཞི་བསྒྲགས། ཁོ་ཚོས་འབད་བརྩོན་བྱས་པ་སྟོང་ཟད་དུ་མ་བཏང་བར། མཐར་སྐབས་དེའི་ཙུང་ཐུང་དང་ཧྭ་ཧྲེང་ཏུན་གྱི་མ་ལི་སློབ་གླིང་གི་སློབ་གྲོགས་ཀྲན་མུའུ་སི•མོན་ལུའོ་དང་རྒྱལ་ཚོགས་ཀྱི་གྲོས་མི32ཡིས་སྤྱི་ལོ1821ལོའི་ཟླ2པའི་ཚེས9ཉིན། ཙུང་ཐུང་མོན་ལུའོ་ཡིས་སྐུ་དངོས་སུ་རྒྱལ་ཚོགས་ཀྱི་ཁྲིམས་གཞིར་མིང་རྟགས་བཀོད་པ་དང་། རྒྱལ་ཡོངས་རང་བཞིན་གྱི་ཆོས་ཚོགས་མ་ཡིན་པའི་སློབ་ཆེན་ཞིག་ཁོ་ལོམ་པི་ཡའི་དམིགས་བསལ་ས་ཁུལ་དུ་བཙུགས་པ་དང་། མིང་ལ“ཁོ་ལོམ་པི་ཡའི་སློབ་གླིང”ཞེས་བཏགས། སྤྱི་ལོ1873ལོར་ཁོ་ལོམ་པི་ཡའི་སློབ་གླིང་གི“ཁོ་ལོམ་པི་ཡ་སློབ་ཆེན”ཞེས་པར་མིང་བསྒྱུར་བ་དང་། སྤྱི་ལོ1904ལོར་སློབ་གྲྭས་མཐར་ཆའོ་ཀྲི•ཝ་ཧྲིང་ཏུན་སློབ་ཆེན་དུ་བསྒྱུར་ནས་ཆའོ་ཀྲི•ཧྭ་ཧྲེང་ཏུན་གྱིས་སློབ་གྲྭ་དེ་བཙུགས་པར་བྱས་རྗེས་ཆེན་པོ་བཞག་པར་དྲན་གསོའི་ཆེད་དུ་མིང་དེ་ལྟར་བཅོས། 

སློབ་གྲྭ་བཙུགས་མ་ཐག་པའི་དུས་སུ་སློབ་གྲྭ་དེ་ཧྥོ་ལོ་ལི་ཏ་ལམ་ཆེན་གྱི་ཁྲོམ་གཞུང14དང15དབར་གནས་པ་དང་། རྒྱལ་ཚོགས་རི་བོ་དང་བར་ཐག་སྐར་མ30ཡོད། སྐབས་དེར་དགེ་རྒན3དང་། ཟུར་ཁྲིད་དགེ་རྒན1སློབ་མ30བཅས་ལས་མེད། ཆེད་ལས་ལ་མཚོ་འགྲུལ་དང་། མཚན་ཉིད་རིག་པ། དབྱིན་ཡིག ལ་ཏིང་སྐད་དང་ཀེ་རི་སེའི་སྐད་བཅས་ཡོད།སྤྱི་ལོ1824ལོར་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་གྱིས་སྐབས་དང་པོའི་མཐར་ཕྱིན་མཛད་སྒོ་སྤེལ་བ་དང་ཨ་རིའི་ཙུང་ཐུང་མོན་ལུའོ་དང་ཨ་རིའི་རང་བཙན་དམག་འཁྲུག་གི་དཔའ་བོ་དམག་དཔོན་ཆེན་མོ་མ་ཀུའེ་སི•ལ་ཧྥ་ཡེ་དངོས་སུ་སློབ་གྲྭར་ཡོང་ནས་དགའ་བསུ་བྱས། ལ་ཧྥ་ཡེ་ནི་ཨ་རིའི་རང་བཙན་དམག་འཁྲུག་སྐབས་སུ་ཨ་རིའི་དམག་དཔུང་ལ་རོགས་རམ་བྱས་ནས་འཐབ་འཛིང་བྱེད་བཞིན་པའི་ཧྥ་རན་སིའི་དམག་དཔོན་ཞིག་ཡིན་ལ། ཁོང་ནི་ཆའོ་ཀྲི•ཧྭ་ཧྲེང་ཏུན་གྱི་གྲོགས་པོ་བཟང་པོ་ཞིག་ཡིན། མྱུར་དུ་སློབ་གྲྭར་གསོ་རིག་སློབ་གླིང་དང་ཁྲིམས་ལུགས་སློབ་གླིང་བཙུགས།

ལྷོ་བྱང་དམག་འཁྲུག་གི་མེ་མདའ་བརྒྱབ་རྗེས་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་ལ་གནོད་འཚེ་ཚབས་ཆེན་ཕོག་ནས་སློབ་མ་བསྡུ་བའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་དགེ་རྒན་རྣམས་ཀྱིས་ཕྱིར་བཤོལ་མི་བྱེད་པར་དམག་འཁྲུག་གི་མེ་ལྕེའི་ཁྲོད་མུ་མཐུད་སློད་ཁྲིད་འཁྱོངས་བྱས། མག་འཁྲུག་ཛ་དྲག་ཆེ་བའི་སྐབས་སུ་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་གྱི་སློབ་གྲྭ་དེ་སྐབས་ཤིག་རིང་གནས་སྐབས་སྨན་ཁང་དུ་བསྒྱུར་ནས་བྱང་ཕྱོགས་དམག་གི་རྨས་དམག་མང་པོ་རྩིས་ལེན་བྱས་མྱོང་། སྐབས་དེར་སློབ་ཐོན་སློབ་མ46གིས་སྨྱུ་གུ་བཞག་ནས་བྱང་ཕྱོགས་དམག་ལ་ཞུགས་པ་དང་མཐར་ཕྱིན་སློབ་མ24ལྷོ་ཕྱོགས་དམག་ནང་ཞུགས། ལྷོ་བྱང་དམག་འཁྲུག་གིས་ཧྭ་ཧྲེང་ཏུན་གྲོང་རྡལ་ཆུང་ཆུང་ཞིག་ནས་མི་འབོར་མགྱོགས་མྱུར་འཕར་བའི་གྲོང་ཁྱེར་ཞིག་ཏུ་གྱུར། དམག་འཁྲུག་གི་རྗེས་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་གླ་པ་མྱུར་དུ་འཕར་བ་དང་ཆབས་ཅིག་སློབ་གྲྭ་འཕར་བར་ཡང་སྐུལ་འདེད་བཏང་། སློབ་གྲྭས་སློབ་གྲྭ་གསར་འཛུགས་བྱས་ནས་སློབ་ཚན་གསར་པ་ཁ་སྣོན་བྱས་པར་མ་ཟད། ས་གནས་དེ་གའི་ལས་ཚན་པའི་ནང་ནས་གཅིག་ལྕོགས་དགེ་རྒན་གདན་འདྲེན་ཞུས། སློབ་གྲྭའི་སྐབས་དྲུག་པའི་སློབ་གཙོJames Clarke Welling(སྤྱི་ལོ1871ནས་སྤྱི་ལོ1894)ཡི་འགན་བཞེས་པའི་རིང་སློབ་གྲྭས་རང་བྱུང་ཚན་རིག་སློབ་གླིང་བཙུགས་ནས་འབུམ་རམས་པའི་བསླབ་གནས་སྤྲོད་འགོ་ཚུགས་པ་དང་འབྲེལ་བུད་མེད་སློབ་མ་དང་པོ་བསྡུས། སྤྱི་ལོ1873ལོར་སློབ་གྲྭས་སྣེ་ལེན་ཚོགས་འདུ་འཚོགས་ནས་རྟེན་འབྲེལ་གྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་སྐབས་དེའི་ཙུང་ཐུང་ཡིའུ་ལི་སའེ་སི་ཀེ་ལན་ཐེUlysses S. Grantཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས།

སྤྱི་ལོ1904ལོར་སློབ་གྲྭའི་མིང་ལ་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་ཞེས་བཏགས། སྤྱི་ལོ1912ལོར་སློབ་གྲྭའི་གནས་ཡུལ་ཝུའུ་ཀུའུ་Foggy Bottomལ་སྤོས་པ་དང་། ཧྭ་ཧྲེང་ཏུན་གྱིས་ཐོག་མར་སློབ་གྲྭ་འཛུགས་དུས་འཆར་འགོད་བྱས་གནས་ཡིན། དེ་ནི་པིན་ཞི་ཧྥ་ཉི་ཡ་ལམ་ཆེན་གྱི་ལྷོ་རྒྱུད་ཀྱི་ཁྲོམ་གཞུང་ཁུལ19ནས24བར་ཡོད་པ་དང་། ཕོ་བྲང་དཀར་པོ་དང་། འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བཅས་དང་དེ་བཞིན་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞི་དང་། རྒྱལ་ཁབ་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་མཛོད་ཁང་སོགས་དང་འབྲེལ་ཡོད།

Cloyd Heck Marvin(སྤྱི་ལོ1927ནས་སྤྱི་ལོ1959)ཡིས་སློབ་གཙོའི་འགན་བཞེས་པའི་ལོ32རིང་སློབ་གྲྭས་གཞི་ཁྱོན་ཆེ་བའི་རྨང་གཞིའི་འཛུགས་སྐྲུན་བྱས་ནས་ཚོགས་ཁངLisnerདང་། སྨན་ཁང་གཅིག་དང་སྒྲིག་བཀོད་གཞན་དག་མང་དུ་བཏང་ཡོད། ཁོང་གིས་ལས་གནས་འཛིན་པའི་སྔ་དུས་སུ་རྒྱ་སེ་མེ་ཏོག་ལྡུམ་ར་འཛུགས་སྐྲུན་བྱས།“ལོ་འཁོར་གྱི་སློབ་གྲོགས་ལ་ལག་རྟགས་སྤྲོད་པའི”རྣམ་གྲངས་འགོ་བཙུགས་པས་སློབ་གྲྭའི་ཡོང་འབབ་ཆེས་ཆེར་འཕར་ཡོད།

དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་པར་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་ནི་སྐབས་ཤིག་རིང་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་དངོས་ལུགས་རིག་པ་བ་འདུ་འཛོམས་བྱེད་སར་གྱུར་ནས་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་དངོས་ལུགས་རིག་པ་བ་མང་པོ་ཞིག་གི་ཡིད་དབང་བཀུག་པ་དང་། གཞུང་ལུགས་དང་དངོས་ལུགས་ཐད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་གལ་ཆེན་མང་པོ་ཞིག་འཚོགས་ཤིང་། ཨའེ་ཏེ་ཧྭ•ཐེ་ལེ་ནི་ཨ་རིའི“ཆིང་མདེལ་གྱི་ཡབ་ཆེན”ཞེས་འབོད་པའི་རླབས་ཆེན་གྱི་དངོས་ལུགས་རིག་པ་བ་ཡིས་སྐབས་དེར་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་དུ་སློབ་གཉེར་བྱས་མྱོང་། སྤྱི་ལོ1935ལོར་དམག་འཁྲུག་ལ་གཡོལ་ཆེད་ཐེ་ལེ་དང་ཆུང་མ་སྨི་ཆི་བཅས་ཁྱིམ་མི་ཡོ་རོབ་ནས་ཨ་རིར་སྤོས་པ་དང་། སྤྱི་ལོ1941ལོའི་སྔོན་དུ་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་དུ་དངོས་ལུགས་དགེ་རྒན་ཆེན་མོའི་འགན་བཞེས།

ཨའེ་ལུའེ་ཐེ(Lloyd Hartman Elliott,སྤྱི་ལོ1965ལོ་ནས་སྤྱི་ལོ1988)ཡིས་སློབ་གཙོའི་འགན་བཞེས་པའི་རིང་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་དུ་འཕེལ་རྒྱས་ཆེན་པོའི་དུས་སྐབས་གཞན་ཞིག་བརྒྱུད་ཡོད། སློབ་གྲྭས་སྤྱི་ལོ1965ལོ་ནས་བསྡུས་པའི་ཞལ་འདེབས་ཨ་སྒོར་ཁྲི800ནས་སྤྱི་ལོ1988ལོའི་བར་ཨ་སྒོར་དུང་ཕྱུར2.24བར་འཕར་བ་དང་། དཔེ་མཛོད་ཁང3གསར་དུ་བསྐྲུན། ཞིབ་འཇུག་ཁང་མང་པོ་ཁ་སྣོན་བྱས་པ་མ་ཟད།“སློབ་ཆེན་གྱི་དགེ་རྒན་ཆེན་མོUniversity Professor”ཞེས་པའི་གོ་གནས་དེ་བཙུགས་ནས་ཆེས་ཕུལ་དུ་བྱུང་བའི་དགེ་རྒན་ཆེ་མོར་སྐུལ་ལྕག་བྱས་པ་རེད། སྤྱི་ལོ1988ལོའི་ཟླ8པའི་ཚེས1ཉིན། སི་ཏི་ཧྥུན•ཐེ་ལ་ཆི་ཐེང་པོ་ཀེ(Stephen Joel Trachtenberg,སྤྱི་ལོ1988ནས་སྤྱི་ལོ2007ལོའ་བར)སློབ་གྲྭའི་སློབ་གཙོ་ཨང15པའི་འགན་བཞེས། ཁོང་གིས་ལས་འགན་འཁུར་བའི་རིང་ལ་སློབ་གྲྭས་རྫོགས་ལྡན་གྱི་ལོ་ཟླ་བརྒྱུད་མྱོང་། སློབ་གཙོ་གྲོན་དངུལ་བསྡུ་མཁས་པའི་རྐྱེན་གྱིས་སློབ་གྲྭའི་ཐེབས་རྩ་དེ་སྤྱི་ལོ1988ལོར་ཨ་སྒོར་དུང་ཕྱུར2.24ནས་སྤྱི་ལོ2004ལོར་ཨ་སྒོར་དུང་ཕྱུར10ལས་བརྒལ། མ་དངུལ་འབོར་ཆེན་གྱིས་འགན་ལེན་བྱས་པས། ཐེ་ལ་ཆི་ཐེང་པོ་ཀེ་ཡིས་དཔེ་མཛོད་ཁང་དང་ །སློབ་ཁྲིད་ཐོག་ཁང་། སྨན་ཁང་། སློབ་གླིང་ཐོག་ཁང་བཅས་མང་པོ་བསྐྲུན་པས། དེའི་མཁྲེགས་ཆས་སྒྲིག་བཀོད་འཛམ་གླིང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།

2 སློབ་གྲྭའི་ཁྱད་ཆོས། 

ཨ་རི་ཡོངས་ཀྱི་ཆེས་དགའ་བསུ་ཐོབ་པའི་སློབ་ཆེན25ཡི་གྲས་ཤིག་ཡིན

ཨ་རིའི《གསར་འགྱུར་གཟའ་འཁོར་རེའི་དུས་དེབ》དང་གྲགས་ཅན་སློབ་གསོའི་སྒྲིག་གཞི་ཁ་ཕུའུ་ལན་གྱིས་སྤྱི་ལོ2005ལོར“ཨ་རི་ཡོངས་ཀྱི་དགའ་བསུ་ཆེ་ཤོས་ཐོབ་པའི་སློབ་ཆེན25”མཉམ་འབྲེལ་ཐོག་བཏོན་པ་དང་། ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་མིང་ཐོའི་ནང་ཚུད་ཡོད། སློབ་ཆེན25ཚང་མར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་དེ་ནི་སློབ་གསོའི་ཆུ་ཚད་ཧ་ཅང་ཡག་པོ་ཡོད་པ་རེད། སློབ་ཆེན་དེ་དག་རང་རང་སོ་སོའི་ཁྱད་ཆོས་དང་ཧེ་བག་ལ་བརྟེན་ནས་སློབ་མའི་དགའ་བསུ་ཆེན་པོ་ཐོབ་ཡོད། སློབ་མའི་སྦྱངས་འབྲས་དང་། བྱང་ཚད། སློབ་ཕྱིའི་ཁྱད་ཆོས་བཅས་ཀྱང་མངོན་གསལ་དོད་པོ་ཡོད། དེའི་ནང་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་ལ‘དགའ་བསུ་ཐོབ་པའི་ཆབ་སྲིད་སློབ་ཆེན’ཞེས་པའི་མཚན་སྙན་ཐོབ་ཡོད། དེ་ནི་འཛམ་གླིང་དངུལ་ཁང་དང་ཆབ་སྲིད་རིག་པའི་སྒྲིག་གཞི་གཅིག་གི་སློབ་མའི་ཕུགས་བསམ་དང་ཆབ་སྲིད་རིག་པའི་སློབ་ཁྲིད་སློབ་གྲྭས་ཐུག་འཕྲད་བྱེད་མྱོང་བའི་གྲགས་ཅན་མི་སྣ་གྲངས་ལས་འདས་པ་ཞིག་ཡོད་པ་དེ་མཐོ་རིམ་རྩ་འཛུགས་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། འཛམ་གླིང་ཐོག་གི་སློབ་གྲྭ་དང་མཛའ་གྲོགས་དྲ་བ་ཆེ་ཤོས་ཀྱི་གྲས་ཤིག་ཡོད་པས་སློབ་ཐོན་སློབ་མར་གླ་ཕོགས་མཐོ་བའི་བྱ་བ་འཚོལ་བར་སྟབས་བདེ་བསྐྲུན་ཡོད། ལོ་ལྟར་མཐོ་རིམ་གདན་ཞུའི་ཚོགས་འདུ་སློབ་གྲྭ་ནས་འཚོགས་པ་རེད། གླེང་རིན་ཡོད་པ་ཞིག་ནི་ཆའོ་ཀྲི་ཧྭ་ཧྲེང་ཐོན་སློབ་ཆེན་གྱི་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཀ་བྱེད་པར་འགྲོ་བ་ནི་ཡོངས་ཁྱབ་ཀྱི་གདམ་ག་ཞིག་རེད།

2_1 “ཆབ་སྲིད་པའི་འབྱུང་གནས”

ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་ལ་ཨ་རི་བས“ཆབ་སྲིད་མཁས་ཅན་གྱི་འབྱུང་གནས”ཞེས་འབོད་པ་དང་། དབུ་བརྙེས་པའི་ཉིན་ནས་བཟུང་ཨ་རིའི་སྲིད་གཞུང་དང་འབྲེལ་བ་དམ་ཟབ་ཡོད། དེའི“བློས་འགེལ་ཆོག་པའི་རང་བཞིན་དང་ཉེན་ཁའི་དབྱེ་ཞིབ་ཞིབ་འཇུག་སུའོ”དང་“སྲིད་གཞུང་དང་ཚོང་ལས་དོ་དམ་སློབ་གླིང”གིས་ཕོ་བྲང་དཀར་པོ་དང་སྐུ་འཁོར་དཔོན་རིགས་ལས་ཁུངས་སུ་རྒྱུན་ཆད་མེད་པར་ཁྲག་རྒྱུན་གསར་པ་སྐྱེལ་འདྲེན་བྱེད་བཞིན་ཡོད། ཐ་ན་རྒྱལ་ཁབ་འགའ་ཞིག་གི“སྲོག་སྒོ”སློབ་གྲྭ་དེར་བཅོལ་ཡོད་པ་དཔེར་ན། གསང་འཕྲིན་བརྡར་གཅོད་སྒྲིག་གཞི་ཞིག་གི་མིང་ཆ་ཚང་ལ“ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ཡིག་ཚགས་དབྱེ་ཞིབ་ཁང”ཟེར་བ་དང་། ད་དུང་སྐད་གྲགས་ཆེ་བའི“ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་གྱི་བར་སྟོང་སྲིད་ཇུས་ཞིབ་འཇུག་ཁང”ཡང་ཡོད་པ་དེ་ནི་ལི་ཀེན་དུས་རབས་ཀྱི“སྐར་མའི་གོ་ལའི་དམག་ཆེན་ཆེན་པོའི”འཆར་གཞིའི་ཇུས་འགོད་བྱེད་མཁན་ཡིན། ད་ལྟ་ཆའོ་ཀྲི་ཧྭ་ཧྲེང་ཏུན་སློབ་ཆེན་ནི་ཨ་རི་ཡོངས་ཀྱིFortune Global Forum(གོ་ལ་ཧྲིལ་པོའི་རྒྱུ་ནོར་གླེང་སྟེགས)ནང་ཞུགས་མཁན་སློབ་གསོའི་སྒྲིག་གཞིར་གྱུར་ཡོད། སློབ་གྲྭའི་ནང་ཁུལ་དུ་རྒྱུན་དུ་སྲིད་གཞུང་གི་དཔོན་རིགས་རྣམས་ཀྱི་གཟུགས་བརྙན་མཐོང་ཐུབ། སློབ་གྲྭའི་ནང་གི་དགེ་སློབ་ཚོས་གྲགས་ཅན་མི་སྣར་གཏམ་བཤད་བྱེད་སྐབས་ལས་རིགས་ཁག་གི་མི་སྣ་རྩེ་གྲ་དང་ཐུག་འཕྲད་དང་སྤེལ་རེས་བྱ་རྒྱུ་དེ་སྔ་ས་ནས་གོམས་གཤིས་སུ་གྱུར་ཡོད། སློབ་གྲྭས་རྒྱལ་ཁབ་མང་པོའི་ཙུང་ཐུང་དང་། ནོར་སྲིད་དཔོན་པོ། དེང་རབས་ཀྱི་རྩོམ་པ་པོ་གྲགས་ཅན་དང་གླུ་བ། དེ་བཞིན་ཞིབ་འཇུག་མཁས་པ་བཅས་ལ་རྒྱུན་ཆད་མེད་པར་སྣེ་ལེན་ཞུས་ཡོད། སློབ་མས་སློབ་གསེང་དུས་ཚོད་སྤྱད་དེ་གྲགས་ཅན་མི་སྣའི་གཏམ་བཤད་ཉན་པའམ་ཡང་ན་གྲགས་ཅན་མི་སྣ་དེ་དག་གི་གླེང་མོལ་ནང་ཞུགས་ཆོག སློབ་གྲྭའི་ཆབ་སྲིད་ཁྱབ་ཁོངས་ཀྱི་སློབ་གྲོགས་གྲགས་ཅན་ནི་གྲངས་ལས་འདས་པ་ཞིག་ཡོད། སློབ་གྲྭ་མཐོ་རིམ་ཆབ་སྲིད་རྩ་འཛུགས་སྣ་ཚོགས་ནང་ཞུགས་པ་མ་ཟད། སྲིད་ཕྱོགས་ཀྱི་བྱེད་སྒོ་ཆེ་གྲས་མང་པོ་དཔེར་ན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ལོ་ཚོགས་སོགས་ཀྱང་གཉེར་བ་རེད། སློབ་གྲྭས་འཛམ་གླིང་དངུལ་ཁང་དང་མཉམ་ལས་བྱས་ཏེ་སློབ་ཚན་ཞིག་བཀོད་སྒྲིག་བྱས་པ་དང་འཛམ་གླིང་དངུལ་ཁང་གི་མཐོ་རིམ་ཧང་ཀྲང་གཞོན་པ་དང་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་སྐུ་ཞབས་Basuདང་སློབ་གྲྭའི་དགེ་རྒན་ཆེན་མོ་དང་མཉམ་དུ་སློབ་ཁྲིད་བྱས་པས་སློབ་མ་ཚོར་འཛམ་གླིང་གི་འཐབ་ས་དང་པོའི་དཔལ་འབྱོར་རིག་པ་མཁས་ཅན་རྩེ་གྲ་དང་འབྲེལ་གཏུག་བྱེད་པའི་གོ་སྐབས་བྱུང་བས་དགའ་བསུ་ཆེན་པོ་ཐོབ་ཡོད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞི་ཟུར་པ་པོ་ནན་ཁེ་ཡིས་ཆའོ་ཀྲི་ཧྭ་ཧྲེང་ཏུན་སློབ་ཆེན་དུ་འཆད་ཁྲིད་བྱས་ནས་སློབ་མ་ཚོར་དཔལ་འབྱོར་གྱི་སྣང་ཚུལ་གསར་ཤོས་དང་ལྟ་བ་ཤེས་རྟོགས་བྱེད་པའི་སྒོ་མོ་ཕྱེ་ཡོད།

3 དཔེ་མཛོད་ཁང་། 

དཔེ་མཛོད་ཁང་དུ་དེབ་གྲངས་ཁྲི200ལས་བརྒལ་བ་དང་ཆེད་ལས་དཔེ་མཛོད་ཁང་དགུ་ལས་གྲུབ་ཡོད་དེ། 

Burns Law Libraryཔོ་ཨེན་སི་བཅའ་ཁྲིམས་དཔེ་མཛོད་ཁང་ནི་ཨ་རིའི་ཆེས་ཆེ་བའི་ཁྲིམས་ལུགས་རིག་གཞུང་དཔེ་མཛོད་ཁང་གི་གྲས་ཤིག་ཡིན། དེས་ཨ་རིའི་ལོ་རྒྱུས་དང་དེང་རབས་བཅའ་ཁྲིམས་ཐད་ཀྱི་ཉར་ཚགས་དཔྱད་ཡིག་ཕུན་སུམ་ཚོགས་པ་དང་དེ་བཞིན་རྒྱལ་སྤྱིའི་བཅའ་ཁྲིམས་དང་བསྡུར་བའི་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱས་ཡོད། ཉར་ཚགས་བྱས་པའི་དེབ་ཁྲི60ལས་བརྒལ་བ་དང་ད་དུང་གློག་རྡུལ་པར་གཞིའི་བཅའ་ཁྲིམས་ཆ་འཕྲིན་འབོར་ཆེན་ཡོད།

Chesapeake Information and Research Library Alliance CIRLAནི་ཐེ་ལ་ཧྭ་ཀྲོའུ་ཡི་སློབ་གསོ་རྩ་འཛུགས་དང་ཞིབ་འཇུག་ལས་ཁུངས་ཀྱིས་རང་འགུལ་ངང་བསྐྲུན་པའི་ཁེ་གཉེར་མིན་པའི་དཔེ་མཛོད་ཁང་ཞིག་ཡིན་པ་དང་། དེས་དུས་མཚུངས་སུ་ཚོགས་མི་བསྡུ་བཞིན་ཡོད། CIRLAདཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཆ་འཕྲིན་འབོར་ཆེན་ལ་བརྟེན་ནས་ཞིབ་འཇུག་རྣམ་གྲངས་ལ་ཞབས་འདེགས་ཞུ་བ་དང་། ཆ་འཕྲིན་ཚན་རྩལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བས། དེའི་ཚོགས་མི་རྣམས་ལ་སློབ་གསོ་དང་ཞིབ་འཇུག་ཐད་འཕེལ་རྒྱས་སྔར་ལས་ལེགས་པ་བྱུང་ཡོད།

Eckles Library at Mount Vernon Campus Gelman Libraryདཔེ་མཛོད་ཁང་དེས་གཙོ་བོ་སློབ་གྲྭར་ཡོད་པའི་སློབ་མ་དང་། དགེ་རྒན་ལས་བཟོ་པ། སློབ་གྲོགས་བཅས་ལ་ཞབས་འདེགས་ཞུ་བཞིན་ཡོད་པས། ནུས་ལྡན་གྱི་སློབ་གྲྭའི་ལག་ཁྱེར་ཡོད་ན་ད་གཟོད་དཔེ་མཛོད་ཁང་དེའི་ནང་དུ་འགྲོ་ཆོག

Himmelfarb Health Sciences Libraryགཙོ་བོ་ཆའོ་ཀྲི•ཧྭ་ཧྲེང་ཏུན་སློབ་ཆེན་གསོ་རིག་ལྟེ་གནས་ཀྱི་སློབ་མ་དང་དགེ་རྒན་དང་ལས་བཟོར་ཆ་འཕྲིན་དང་ཞབས་ཞུ་མཁོ་འདོན་བྱས་ཡོད།

Special Collections&University Archivesཐོག་ཡིག་ཚགས་ཡིག་ཆ་དང་། དཔེ་དེབ། པར་རིས། ལག་བྲིས་དེབ། ས་བཀྲ། ཡིག་ཆ་ཕྲན་བུ། ཡིག་ཆ། ཆེད་དོན་ཆེད་རྩོམ། སློབ་ཆེན་དཔེ་སྐྲུན་དངོས་པོ། དུས་དེབ། གདོད་མའི་སྐྱེ་དངོས་རྒྱུ་ཆ་བཅས་དང་དེ་བཞིན་སློབ་གླིང་གི་ཞིབ་འཇུག་དང་འབྲེལ་བ་ཐད་ཀར་མེད་པའི་ཆ་འཕྲིན་དཔྱད་ཡིག་ཁག་གཅིག་ཚུད་ཡོད།

University Art Galleriesདཔེ་མཛོད་ཁང་དེ་གསར་དུ་བསྐྲུན་པའི་Media and Public Affairsཐོག་བརྩེགས་ཁང་ཆེན་གྱི་རིམ་པ་གཉིས་པར་གནས་པ་དང་། དེ་ནི་ཆེད་ལས་ཧ་ཅང་ཆེ་བའི་སྒྱུ་རྩལ་ཐོན་རྫས་བཤམས་སྟོན་ཁང་ཞིག་ཡིན་པ་དང་། ལོ་རེར་འགྲེམས་སྟོན་ཐེངས6ནས8བར་བྱེད་པའི་ནང་སློབ་གླིང་དང་འབྲེལ་བ་ཡོད་པའི་འགྲེམས་སྟོན་དང་ཡུན་རིང་རང་བཞིན་གྱི་འགྲེམས་སྟོན་ཁག་གཅིག་ཚུད་ཡོད།  

Virginia Campus Library Washington Research Library Consortiumདཔེ་མཛོད་ཁང་དེ་སྤྱི་ལོ1987ལོར་བཙུགས་པ་དང་ཧྭ་ཧྲེང་ཏུན་ས་ཁུལ་གྱི་སློབ་ཆེན་གཙོ་བོ་ཁག་གཅིག་གིས་མཉམ་དུ་ཞུགས་ནས་སློབ་མ་དང་དགེ་རྒན་ལས་བཟོའི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་མ་ཟད། དེའི་ནང་ཞུགས་པའི་སློབ་ཆེན་ལ་ཞབས་ཞུ་སྣ་ཚོགས་ཀྱང་མཁོ་འདོན་བྱས་ཡོད།

གཞན་ཡང་ཉེ་འགྲམ་གྱི་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་གྲགས་ཅནLibrary of Congress,United States)ཡང་སྤྱད་ཆོག 

དཔྱད་གཞིའི་ཡིག་ཆ།