ཕཱ་སེན་སི།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2021-11-27 16:54ལ་འགྲུབ།

ཕཱ་སེན་སི།

ཕཱ་སེན་སི།
ཁོང་ནི་སྤྱི་ལོ1854ལོའི་ཟླ6པའི་ཚེས13ཉིན་ལུན་ཏུན་དུ་འཁྲུངས་ཤིང་། ཅན་ཆའོ་སློབ་ཆེན་ནས་མཐར་ཕྱིན་པ་དང་རྩིས་རིག་གི་བསླབ་གནས་ཐོབ་ཡོད་ལ། སྤྱི་ལོ1931ལོའི་ཟླ2པའི་ཚེས11ཉིན་ཡཱ་མའེ་ཅཱ་ཡི་ཅིན་སི་ཏུན་དུ་ཚེ་ལས་འདས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
帕森斯
འཁྲུངས་ཡུལ།
ལུན་ཏུན།
ཕྱི་ཡིག་གི་མིང་།
Charles AlgornonParsons
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1854.6.13-1931. 2.11)
1 མི་ཚེའི་བརྒྱུད་རིམ།

ཡར་སྔོན་དབྱིན་ཇིའི་གློག་འདོན་དང་བཟོ་སྐྲུན་ཀུང་སིར་མཛུབ་སྟོན་བྱས་མྱོང་ལ། སྤྱི་ལོ1898ལོར་གོང་མའི་རྒྱལ་རྒྱུད་ཚོགས་པའི་ཚོགས་མིར་བདམས་པ་དང་། སྤྱི་ལོ1905ལོ་ནས་སྤྱི་ལོ1906ལོའི་བར་དུ་མཚོ་འགྲུལ་བཟོ་བཀོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཤིང་། སྤྱི་ལོ1919ལོ་ནས་སྤྱི་ལོ1920ལོའི་བར་དུ་དབྱིན་ཇིའི་ཚན་རིག་ཡར་སྐུལ་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས།

2 མི་སྣའི་གྲུབ་འབྲས།

སྤྱི་ལོ1877ལོར་ཕ་སེན་སིས་ཆུ་སྒུལ་འཕྲུལ་འཁོར་གྱི་རྩ་བའི་རིགས་པ་གཞིར་བཟུང་ནས་རླངས་འཁོར་ཇུས་འགོད་བྱེད་འགོ་བརྩམས།

སྤྱི་ལོ1884ལོར་མདའ་རྒྱུན་ཅན་གྱི་རིམ་པ་མང་བའི་ལོག་སྤྱོད་རྣམ་པའི་རླངས་སྒུལ་འཕྲུལ་འཁོར་གྱི་ཆེད་ཁེའི་བདག་དབང་ཐོབ།

སྤྱི་ལོ1888ལོར་ཉིའུ་ཁཱ་སི་ཨེར་གློག་འདོན་ས་ཚིགས་སུ་གློག་འདོན་ཚད་སྟོང་ཝ75ལ་བཀོལ་ཆོག་པའི་རླངས་འཁོར་བཟོས་པ་རེད།

སྤྱི་ལོ1891ལོར་ཁོས་རླངས་འཁོར་སྟེང་དུ་རླངས་འཁོར་དཀག་ཆས་སྒྲིག་སྦྱོར་བྱས་པས་རླངས་འཁོར་གྱི་ཚ་དྲོད་མཐོར་འདེགས་ཆེན་པོ་བྱུང་བ་དང་འབར་རྫས་ཟད་གྲོན་བྱེད་ཚད་ཇེ་དམའ་རུ་བཏང་།

སྤྱི་ལོ1894ལོར་ཕཱ་སེན་སི་མཚོ་འགྲུལ་གྱིས་རླངས་སྒུལ་སྒྲོ་གཤོག་ཀུང་སི་བཙུགས་པ་དང་། ཁོང་གིས་བཟོས་པའི་གློག་འདོན་ཚད་ཆན་ཝ1500ཟིན་པའི་རླངས་སྒུལ་འཕྲུལ་འཁོར་གྱི་གློག་འདོན་འཕྲུལ་འཁོར་ཚན་པས་སྐུལ་འདེད་བྱས་པའི“ཐུའུ་ཕིང་ཉི་ཡཱ”རྟགས་ཅན་གྱི་དམག་གྲུ་དེ་སྤྱི་ལོ1897ལོར་སྤེལ་བའི་དམག་གྲུའི་འགྲན་བསྡུར་ནང་ཟིན་ཐོ་གསར་བ་བཏོད་པ་དང་། མྱུར་ཚད་དང་འཕྲུལ་སྒུལ་རང་བཞིན་ལེགས་པོ་ཡོད་པས་རླངས་འཁོར་གྱིས་གྲུ་གཟིངས་ལ་སྐུལ་འདེད་གཏོང་བའི་དུས་སྐབས་གསར་བ་ཞིག་བཏོད་པ་རེད།

སྤྱི་ལོ1910ལོར་སླར་ཡང་སོ་འཁོར་གྱི་མྱུར་ཚད་ཇེ་ཞན་དུ་གཏོང་བའི་ཞིབ་འཇུག་གསར་བཟོ་བྱས།


དཔྱད་གཞིའི་ཡིག་ཆ།