ཕ་རི་སིའི་རྒྱལ་བཙུགས་མཐོ་རིམ་གཏེར་ལས་སློབ་གླིང་།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-25 09:54ལ་འགྲུབ།

ཕ་རི་སིའི་རྒྱལ་བཙུགས་མཐོ་རིམ་གཏེར་ལས་སློབ་གླིང་།

ཕ་རི་སིའི་རྒྱལ་བཙུགས་མཐོ་རིམ་གཏེར་ལས་སློབ་གླིང་།
ཕ་རི་སིའི་རྒྱལ་བཙུགས་མཐོ་རིམ་གཏེར་ལས་སློབ་གླིང་ནི་ཧྥ་རན་སེའི་རྩེར་སོན་བཟོ་བཀོད་པའི“སློབ་གྲྭ་ཆེན་མོ”ཞིག་ཡིན། ཧྥ་རན་སེའི་རྒྱལ་པོ་ལུའུ་དབྱི་སྐུ་ཕྲེང་བཅུ་དྲུག་གིས་སྤྱི་ལོ1783ལོར་བཙུགས་པ་དང་དེའི་དམིགས་ཡུལ་ནི“གཏེར་ལས་འཇོན་མི་གསོ་སྐྱོང་གཙོར་འཛིན་པ”ཡིན། སྐབས་དེར་གཏེར་འདོན་ལས་རིགས་ནི་ད་དུང་ཚན་རྩལ་མཐོ་བའི་བཟོ་ལས་ཀྱི་ཁོངས་སུ་གཏོགས་པ་དང་། ལོ་རྒྱུས་འཕེལ་རིམ་དང་། ཚན་རྩལ་ཡར་ཐོན་དང་བསྟུན་ནས་སློབ་གླིང་དེ་རིམ་བཞིན་རིག་ཚན་མང་པོ་སྣོལ་འདྲེས་བྱེད་པའི་སློབ་ཆེན་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国立巴黎高等矿业学院
ཕྱི་ཡིག་གི་མིང་།
MINES ParisTech
ངོ་བོ།
གཞུང་གཉེར་སློབ་ཆེན།
བཙུགས་ལོ།
སྤྱི་ལོ1783ལོར་བཙུགས།
ཁོངས་གཏོགས།
ཧྥ་རན་སི།
ད་ལྟའི་སློབ་གཙོ།
Vincent Laflèche
1 ངོ་སྤྲོད་མདོར་བསྡུས། 

ཕ་རི་སིའི་རྒྱལ་བཙུགས་མཐོ་རིམ་གཏེར་ལས་སློབ་གླིང(Ecole des Mines de Paris)ནི་སྤྱི་ལོ1783ལོར་ཧྥ་རན་སེའི་རྒྱལ་པོ་ལུའུ་དབྱི་སྐུ་ཕྲེང་བཅུ་དྲུག་གིས་བཙུགས་པའི་བཟོ་བཀོད་པའི་སློབ་གྲྭ་ཞིག་ཡིན་པ་དང་མིག་སྔར་ཕ་རི་སིའི་རིག་གནས་དང་རང་བྱུང་ཚན་རིག་ཞིབ་འཇུག་སློབ་ཆེན(Paris Science and Letter Research Universityདང་བསྡུས་མིང་ལ་PSLཟེར)མཐོ་རིམ་བཟོ་བཀོད་པའི་སློབ་གླིང(“སློབ་གྲྭ་ཆེན་མོ”)ཡིན། སློབ་གླིང་གིས་ཕྲག་ཏུ་འཁུར་བའི་ལས་འགན་ནི་བཟོ་སྐྲུན་དགེ་རྒན་དང་ཚན་རིག་ཞིབ་འཇུག་དང་དེ་བཞིན་སྤྱི་པའི་ཞབས་ཞུའི་བྱེད་སྒོ་འགའ་ཞིག་ལ་དོ་དམ་བྱེད་པ(དཔེ་མཛོད་ཁང་དང་གཏེར་རྫས་ཀྱི་དངོས་དཔེ་བསྡུ་ཉར)བྱ་རྒྱུ་དེ་ཡིན།

ཕ་རི་སིའི་རྒྱལ་བཙུགས་མཐོ་རིམ་གཏེར་ལས་སློབ་གླིང་གིས་དེའི་ཚན་ཞིབ་ལྟེ་གནས་ཀྱི་ཕུལ་བྱུང་མཚོན་ཚུལ་དང་དེ་བཞིན་རྒྱལ་སྤྱིའི་གྲགས་ཅན་སློབ་གླིང་གཞན་དག་དང་སྤུས་ཚད་མཐོ་བའི་མཉམ་ལས་ལ་སྐད་གྲགས་ཆོད་ཡོད། མཉམ་ལས་རོགས་ཟླའི་ནང་མ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་། ཅཱ་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཆིང་ཧྭ་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཞང་ཀང་སློབ་ཆེན། སིང་ཀ་ཕོར་གཞུང་བཙུགས་སློབ་ཆེན། ཞིས་པོ་ལི་ཡ་གསར་པའི་གཞུང་བཙུགས་སློབ་ཆེན། ཆི་ལིའི་གནམ་བདག་ཆོས་ལུགས་སློབ་ཆེན། ཐོ་ཁེའོ་བཟོ་ལས་སློབ་ཆེན་བཅས་ཚུད་ཡོད།

2 སློབ་གཉེར་ལོ་རྒྱུས། 

སྤྱི་ལོ1783ལོའི་ཟླ3པའི་ཚེས19ཉིན་ཧྥ་རན་སེའི་རྒྱལ་པོ་ལུའུ་དབྱི་ཡིས་བཀའ་རྒྱ་ཁྱབ་བསྒྲགས་བྱས་ཏེ་ཕ་རི་སིའིMonnaieགཞུང་ཁང་དུ་གཏེར་ལས་སློབ་གླིང་འཛུགས་རྒྱུ་ཁྱབ་བསྒྲགས་བྱས། སྐབས་དེའི་ཚན་རྩལ་མཐོ་གྲས་དང་འཐབ་ཇུས་ཐོན་ལས་ཀྱི“གཏེར་ལས”ཀྱི་འཇོན་མིའི་དགོས་མཁོ་སྐོང་ཐབས་བྱ་དགོས། ཧྥ་རན་སིའི་གསར་བརྗེ་ཆེན་མོ་འགོ་ཚུགས་རྗེས་སློབ་གླིང་གནས་སྐབས་སུ་སྒོ་བརྒྱབ་ཅིང་། གསར་བརྗེ་ལོ་གཉིས་བྱས་ནས(ཧྥ་རན་སིའི་སྤྱི་མཐུན་ལོ་ཐོ། སྤྱི་ལོ1794ལོའི་ཟླ6པའི་ཚེས19ཉིན་ནས་ཟླ7པའི་ཚེས18ཉིན་བར)ཧྥ་རན་སིའི་སྤྱི་པའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ད་གཟོད་སློབ་གླིང་བསྐྱར་འཛུགས་བྱས་པ་ཁྱབ་བསྒྲགས་བྱས། སློབ་གྲྭ་སླར་གསོ་བྱས་རྗེས། སྤྱི་ལོ1802ལོར་ཧྥ་རན་སིའི་སྲིད་གཞུང་གིས་སློབ་གླིང་སཱ་ཝ་ཞིང་ཆེན་དུ་སྤོས།

སྤྱི་ལོ1814ལོར་པོ་ཕང་རྒྱལ་རབས་སླར་གསོ་བྱུང་བ་དང་། སློབ་གླིང་དེ་མཐར་ཕ་རི་སིའི་གྲོང་ཁྱེར་ལྟེ་གནས་ཀྱི་ཁུལ་དྲུག་པར་གནས་པ་དང་། ལུ་ཙེམ་པོག་སྤྱི་གླིང་དང་ཉེ་བའི་དབང་ཏོ་མུའུ་ཀུང་ཁང(Hôtel de Vend me)དུ་གནས་སྤོ་བྱས་པ་དང་། སློབ་གླིང་གི་ཐོག་ཁང་གཙོ་བོས་དབང་ཏོ་མུའུ་ཀུང་ཁང་རྒྱུན་འཛིན་བྱས་ཤིང་། དེ་ནི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་རིམ་པ་གསུམ་གྱི་རྡོ་ཁང་བཟོ་སྐྲུན་ཞིག་ཡིན་པ་དང་དུས་ད་ལྟ་ད་དུང་སྤྱོད་བཞིན་ཡོད། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་ཕུད། སློབ་གྲྭས་ད་དུང་ཕ་རི་སིའི་གཏེར་རྡོའི་རྟེན་རྫས་བཤམས་མཛོད་ཁང་གི་དོ་དམ་བྱེད་འགན་འཁུར་བཞིན་ཡོད་པ་དང་། དེའི་ནང་དུས་རབས་རིམ་བྱུང་གི་བཟོ་སྐྲུན་པ་རྣམས་ཀྱིས་འཛམ་གླིང་གི་ས་གནས་ཁག་ནས་སྔོག་འདོན་བྱས་པའི་གཏེར་རྡོའི་མ་དཔེ་སྤུས་ལེགས་ཉར་ཚགས་བྱས་ཡོད་པ་དེས་སློབ་གླིང་གི་འོད་སྟོང་འབར་བའི་ལོ་རྒྱུས་མཚོན་ཡོད།

དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་ནས་བཟུང་ཕ་རི་སིའི་མཐོ་རིམ་གཏེར་ལས་སློབ་གླིང་གིས་ཞིབ་འཇུག་རྣམ་པའི་སློབ་གླིང་དུ་ཕྱོགས་སྒྱུར་བྱེད་འགོ་བཙུགས་ཏེ་ཧྥེང་ཏན་པའེ་ལུའུFontainebleauདང་། ཨེ་སུང་ཞིང་ཆེན་གྱི་ཁོར་པེ་ཡེ-ལི(Corbeil-Evry)ཉི་སི་ཞིང་ཆེན་སོ་ཧྥེ་ཡ་ཚན་རྩལ་གླིང(Sophia Antipolis)བཅས་སུ་ཚོད་ལྟ་ཁང་དང་ཡན་ལག་སློབ་ཁུལ་ཁ་ཤས་བཙུགས་ཡོད། སྤྱི་ལོ1985ལོ་ནས་བཟུང་འབུམ་རམས་པའི་སློབ་ཐོན་ལག་ཁྱེར་སྤྲད། སྤྱི་ལོ1987ལོ་ནས་བཟུང་ཆེད་ལས་རབ་འབྱམས་པའི་སློབ་ཐོན་ལག་ཁྱེར་སྤྲད། 

3 སློབ་ཁྲིད་མ་ལག 

ཕ་རི་སིའི་རྒྱལ་བཙུགས་མཐོ་རིམ་གཏེར་ལས་སློབ་གླིང་དུ་ད་ལྟ་སློབ་མ1100ཡོད་པའི་ནང་ནས270%ནི་ཕྱི་རྒྱལ་གྱི་སློབ་མ་ཡིན་པ་དང་། དགེ་རྒན250ཡོད་པ་དང་དེ་ནང་དུ་སློབ་ཆེན་དང་བཟོ་ལས་ལས་རིགས་ནས་ཡོང་བའི་དགེ་རྒན150ཡིས་སློབ་ཚན་སློབ་ཁྲིད་དང་སློབ་མར་མཛུབ་ཁྲིད་དོ་དམ་བྱེད་བཞིན་ཡོད། 

སློབ་གླིང་དུ་སློབ་གསོའི་བྱེད་སྒོ་མང་པོ་སྤེལ་བཞིན་ཡོད་ཅིང་། དེའི་ནང་སྔར་ནས་སྐད་གྲགས་ཡོད་པའི་བཟོ་བཀོད་པའི་དུས་རིམ་གྱི་སློབ་ཚན་གཉིས་ཡོད་པ་སྟེ།“ལས་རིགས་སྡེ་ཁག་གི་བཟོ་སྐྲུན་དགེ་རྒན(Master Spécialis)དང“སྤྱི་དམངས་ཀྱི་བཟོ་སྐྲུན་པའི་སློབ་ཚན”(Cycle Ingénieur-Civil)དང་། ཕྱི་མར་ལོ་རེར་སློབ་ཐོན་སློབ་མ་ཕལ་ཆེར150ཙམ་ཡོད། དེའི་ནང་ཐད་ཀར་ལོ་རིམ་གཉིས་པའི་སློབ་མ30ཡས་མས་ཡོད AST,Admis Sous Titreཡོད།

“སྤྱི་དམངས་ཀྱི་བཟོ་བཀོད་པའི་སློབ་ཚན་ནི“སློབ་གླིང་གི་སློབ་ཁྲིད་ཀྱི་ལྟེ་བ་ལྟ་བུ་ཡིན། དེའི་མིང་ལ“སྤྱི་དམངས”Civil(Civil)ནི་ཐོག་མའི་སློབ་གྲྭས་སློབ་མ་གསོ་སྐྱོང་བྱེད་པའི་དམིགས་ཚད་ལས་བྱུང་བ་སྟེ། སྐབས་དེའི་སྲིད་གཞུང་གི་ཚན་རྩལ་མཐོ་བའི་ཐོན་ལས་ཏེ་གཏེར་ལས་ལ་ཚན་རྩལ་དང་། དོ་དམ་འཇོན་མི། མཐོ་རིམ་གཞུང་ལས་པ་བཅས་གསོ་སྐྱོང་བྱ་རྒྱུ་དེ་རེད། ལོ་རྒྱུས་ཐོག་སློབ་ཐོན་སློབ་མས་རྒྱལ་དམངས་དཔལ་འབྱོར་ཁྲོད་ནུས་པ་གལ་ཆེན་འདོན་མྱོང་ཡོད་དེ་ཁོང་ཚོའི་མིང་ད་ལྟའི་བར་དུ་རྒྱུན་མཐུད་བྱས་ཡོད། སློབ་བསྡུ་བྱེད་སྟངས་ནི་ཧྥ་རན་སེའི་རྒྱུགས་ལེནConcoursབརྒྱུད་གཟེངས་སུ་ཐོན་པའི་ཕུལ་བྱུང་སློབ་མ120ལྷག་བསྡུ་བ་དང་སློབ་ཡུན་ལོ་གསུམ་ཡིན། སློབ་མ་ཁག་གཅིག་གིས་ལོ་རིམ་གཉིས་པ་མཇུག་འགྲིལ་སྐབས་ལོ་གཅིག་ནང་ཁེ་ལས་ཆེ་གྲས་ཁག་ཏུ་དངོས་སྦྱོང་བྱེད་པའམ་ཡང་ན་ཚོད་ལྟ་ཁང་དུ་ཚན་རིག་ཞིབ་འཇུག་བྱེད་པར་བསྐྱོད་ཆོག སློབ་མཐར་ཕྱིན་རྗེས་བཟོ་སྐྲུན་དགེ་རྒན་གྱི་སློབ་ཐོན་ལག་ཁྱེར་ཐོབ་པ་དང་། སློབ་གཉེར་བརྒྱུད་རིམ་དེ་རྒྱལ་སྤྱིའི་རབ་འབྱམས་པའི་སློབ་ཐོན་ལག་ཁྱེར་དང་གཅིག་མཚུངས་ཡིན། སློབ་མས་རྩིས་རིག་དང་དངོས་ལུགས། དཔལ་འབྱོར། སྤྱི་ཚོགས་རིག་པ་སོགས་རྨང་གཞིའི་སློབ་ཚན་སློབ་སྦྱོང་བྱེད་པ་མ་ཟད། ད་དུང་ཚན་རིག་ཞིབ་འཇུག་དང་ཁེ་ལས་ཀྱི་ལག་ལེན་གོ་སྐབས་མང་པོ་ཡོད་པས། མ་འོངས་པར་དོ་དམ་ལས་གནས་སམ་ཚན་རིག་ཞིབ་འཇུག་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ། སློབ་མ་མང་པོ་ཞིག་སློབ་མཐར་མ་ཕྱིན་སྔོན་ནས་ཧྥ་རན་སེ་དང་ཐ་ན་འཛམ་གླིང་གི་གྲགས་ཅན་ཁེ་ལས་དང་གདན་ཞུའི་གན་རྒྱ་བཞག་ཡོད།

སློབ་གླིང་གིས་ཀྱངLMD(ཤེས་རམས་པ་དང་རབ་འབྱམས་པ། འབུམ་རམས་པ)བསླབ་གནས་གསར་པའི་སྒྲིག་སྲོལ་གཞིར་བཟུང་ནས་ནུས་རྒྱུ་དང་། འགྲིམ་འགྲུལ། བཟོ་ལས་ཀྱི་ཉེན་ཁ་དང་དེ་བཞིན་རྒྱུ་ཆ་སོགས་རིག་ཚན་ཁྱབ་ཁོངས་ཀྱི་རབ་འབྱམས་པའི་བསླབ་གནས་སྤྲོད་བཞིན་ཡོད། སློབ་གྲྭས་ད་དུང་དུས་རིམ་གསུམ་པའི་སློབ་ཚན་འཕེལ་རྒྱས་བཏང་བ་སྟེ། དཔེར་ན། སློབ་གྲྭས་ཆེད་ལས་ཁྱབ་ཁོངས(ས་གཤིས་རིག་པ་དང་། ཁོར་ཡུག་རིག་པ། རྒྱུ་ཆ་རིག་པ། ནུས་ཁུངས་རིག་པ་སོགས)ལ་མཁས་པའི་ཆེད་ལས་ཀྱི་རབ་འབྱམས་པའི་སློབ་ཚན10དང་རྩིས་འཁོར་ཆ་འཕྲིན་བཟོ་བཀོད་པའི་སློབ་ཐོན་ལག་ཁྱེར་སློབ་ཚན། སློབ་གླིང་གི་ཚན་རིག་ཞིབ་འཇུག་ནི་གཙོ་བོ་བཟོ་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་ཁང་དང་ཞིབ་འཇུག་ལྟེ་གནས19ལ་བརྟེན་དགོས། ཕ་རི་སིའི་མཐོ་རིམ་གཏེར་འདོན་ཚན་རིག་ཞིབ་འཇུག་དང་བཟོ་ལས་ལས་རིགས་ཀྱི་འབྲེལ་བ་དེ་ཧྥ་རན་སེར་ཀུན་གྱིས་ཁས་ལེན་པའི་ཆེད་ལས་ཨང་དང་པོར་གྱུར་ཡོད། སློབ་གླིང་ཞིབ་འཇུག་པུའུ་ལ་ཆེད་བསྐོས་མི་སྣ600ཡོད་པའི་ནང་དགེ་རྒན་དང་ཞིབ་འཇུག་པ300ལྷག་ཡོད་པ་དང་ད་དུང་འབུམ་རམས་པའི་ཞིབ་འཇུག་སློབ་མ400ཡོད། སློབ་གླིང་ཞིབ་འཇུག་ལྟེ་གནས་ཀྱི་མ་དངུལ་ཕྱེད་ཀ་ནི་ཞིབ་འཇུག་གན་རྒྱ་ལས་བྱུང་བ་དང་། གཞན་ཞིག་ནི་སྲིད་གཞུང་གིས་བཏང་བ་ཡིན།

ཕ་རི་སིའི་རྒྱལ་བཙུགས་མཐོ་རིམ་གཏེར་ལས་སློབ་གླིང་གིས་རྒྱལ་སྤྱིའི་སྒོ་འབྱེད་ལག་བསྟར་བྱེད་པ་དང་། ཕྱི་རྒྱལ་གྱི་སློབ་ཆེན་དང་གྲོས་འཆམ་མང་པོ་བཞག་སྟེ། ཕྱི་རྒྱལ་གྱི་སློབ་མ་སྣེ་ལེན་བྱེད་པའི་མི་གྲངས་རྒྱུན་ཆད་མེད་པར་འཕར་སྣོན་འབྱུང་བཞིན་ཡོད། དེའི་ནང་སློབ་སྦྱོང་བྱེད་བཞིན་པའི་སྤྱི་དམངས་ཀྱི་བཟོ་བཀོད་པའི་སློབ་ཚན་གྱི་ཕྱི་རྒྱལ་སློབ་མར་སྣེ་ལེན་གྱི་ལེགས་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ཁོང་ཚོ་སློབ་གྲྭ་ནས་བར་ཐག་སྐར་མ་ལྔ་ལས་མེད་པའི་གཏེར་ལས་སློབ་གླིང་གི་ཁྱིམ་ཚང(སློབ་མའི་ལས་ཁང)དུ་སྡོད་ཆོག་པ་དང་། སློབ་གྲྭས་ཀྱང་དམིགས་བསལ་གྱི་ཟུར་ཁྲིད་བྱས་ཏེ་ཕྱི་རྒྱལ་གྱི་སློབ་མར་གང་ལེགས་བསྐྲུན་ཡོད། 

4 སློབ་ཐོན་ལག་ཁྱེར། 

བཟོ་བཀོད་པའི་སློབ་ཐོན་ལག་ཁྱེར(Ingénieur civil)ཕ་རི་སིའི་མཐོ་རིམ་གཏེར་ལས་སློབ་གླིང་དེ་ཧྥ་རན་སེའི་བཟོ་བཀོད་པའི་སློབ་གསོའི་མ་ལག་གི་ཁོངས་སུ་གཏོགས་པ་དང་། སྤྲད་པའི་བཟོ་བཀོད་པའི་སློབ་ཐོན་ལག་ཁྱེར་ནི་ཧྥ་རན་སེའི་གོ་ཆོད་ཚད་མཐོ་ཤོས་དང་ཚབ་མཚོན་རང་བཞིན་ཆེ་ཤོས་ལྡན་པའི་མཐོ་རིམ་སློབ་གསོའི་སློབ་ཐོན་ལག་ཁྱེར་ཡིན་པ་དང་། སློབ་ཡུན་ལོ་གསུམ་ཡིན། 

ཆེད་ལས་རབ་འབྱམས་པའི་སློབ་ཐོན་ལག་ཁྱེར(Mastère spe cialis e)བཟོ་བཀོད་པའི་སློབ་ཐོན་ལག་ཁྱེར་ཕུད་ཕ་རི་སིའི་མཐོ་རིམ་གཏེར་ལས་སློབ་གླིང་གིས་ད་དུང་རབ་འབྱམས་པའི་ལས་གཞི་བཙུགས་ནས་འཛམ་གླིང་ཡོངས་ཀྱི་དངོས་གཞིའི་སྡེ་ཁག་གི་སློབ་ཐོན་སློབ་མ་ཟབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་བཞིན་ཡོད། ཆེད་ལས་ཀྱི་རབ་འབྱམས་པའི་ཁོངས་སུ་ནུས་རྒྱུ་དང་། ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། རྩིས་འཁོར། རང་འགུལ་ཅན། ལས་གྲྭའི་དོ་དམ། རྒྱུ་ཆའི་ཚན་རིག་སོགས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིག་ཚན་ཚུད་ཡོད་པ་དང་སློབ་ཡུན་སྤྱིར་བཏང་ལོ་གཉིས་ཡིན།

5 རིག་གཞུང་གྲུབ་འབྲས། 
5_1 ས་གཤིས་སྡོམ་རྩིས་རིག་པ། 

ས་གཤིས་སྡོམ་རྩིས་རིག་པGeostatisticནི་ཆེད་དུ་བར་སྣང་གི་སྐབས་བསྟུན་འགྱུར་ཚད་ལ་ཞིབ་འཇུག་བྱེད་པའི་སྡོམ་རྩིས་རིག་པའི་ཡན་ལག་ཅིག་ཡིན། དུས་རབས20པའི་ལོ་རབས50བའི་ནང་ལྷོ་ཨ་ཧྥེ་རི་ཁའི་གཏེར་ལས་ལག་རྩལ་ཆེ་མོ་བDanie G. Krigeལས་གྲྭའི་ཉམས་མྱོང་ལ་གཞིགས་ནས་ཁེ་ལི་གསེར་གྱི་བར་འཇུག་རིན་ཐང་བཏོན་ནས་གཏེར་རྡོའི་ཁྲོད་ཀྱི་འདུས་ཚད་ཁྱབ་ཚུལ་ཚོད་དཔག་བྱེད་པར་སྤྱོད་བཞིན་ཡོད། ཁོའི་བྱེད་ཐབས་འདིས་ཧྥ་རན་སིའི་གྲངས་རིག་མཁས་པGeorges Matheron(སྤྱི་ལོ1930ལོ་ནས་སྤྱི་ལོ2000ལོའི་བར)ལ་སྤྲོ་བ་བསྐྱེད་དེ། ལོ་རབས60བར་ས་གཤིས་སྡོམ་རྩིས་རིག་པའི་གཞུང་ལུགས་ནན་མོ་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་། ད་ལྟ་རིག་ཚན་དེ་ས་གཤིས་དང་། ས་ཁམས། ཞིང་ལས། ཁོར་ཡུག གནམ་གཤིས་སོགས་ཀྱི་རིག་ཚན་ནང་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད།

Georges Matheroནི་སྤྱི་ལོ1949ལོར་ཕ་རི་སིའི་ཕྱོགས་བསྡུས་རང་བྱུང་ཚན་རིག་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་རྒྱུགས་འཕྲོད་པ་དང་། སློབ་མཐར་ཕྱིན་རྗེསCorps des Minesནང་ཞུགས་ནསMinesཡི་ལག་རྩལ་གྱི་ཆེས་མཐོའི་བསླབ་གནས་ཐོབ། ཕ་རི་སི་ནས་རྩིས་རིག་འབུམ་རམས་པའི་བསླབ་གནས་བླངས་རྗེས་ཁོས་མུ་མཐུད་དུ་གཏེར་ལས་ཕྱོགས་སུ་ཞིབ་འཇུག་བྱས། སྤྱི་ལོ1968ལོར། ཁོང་གིས་ཧྥེང་ཏན་པའེ་ལུའུ་རུCentre de G ostique et de Morphologie Math e matiqueབཙུགས།

དཔྱད་གཞིའི་ཡིག་ཆ།