ཏུ་ལི་སློབ་ཆེན།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-25 09:53ལ་འགྲུབ།

ཏུ་ལི་སློབ་ཆེན།

ཏུ་ལི་སློབ་ཆེན།
ཏུ་ལི་སློབ་ཆེན་ནི་རྒྱ་གར་གྱི་རྒྱལ་ས་ཞིན་ཏུ་ལིར་གནས་ཡོད། རྒྱ་གར་གྱི་མཐོ་རིམ་སློབ་གྲྭའི་ནང་གོ་གནས་མཐོ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་སློབ་ཆེན་ཞིག་ཡིན། ཏུ་ལི་སློབ་ཆེན་ནི་སྤྱི་ལོ1922ལོར་བཙུགས། ཏུ་ལི་སློབ་ཆེན་དུ་རིག་ཚན14དང་། སྡེ་ཁག86 སློབ་གླིང79བཅས་ཡོད། སློབ་གྲྭར་ཡོད་པའི་སློབ་མ་ཧ་ལམ་ཁྲི4དང་། དགེ་རྒན་སྟོང6ལྷག་ཡོད། དེ་ནི་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德里大学
ཕྱི་ཡིག་གི་མིང་།
University of Delhi
ངོ་བོ།
གཞུང་གཉེར་སློབ་ཆེན།
བཙུགས་ལོ།
སྤྱི་ལོ1922ལོར་བཙུགས།
རྣམ་པ།
ཕྱོགས་བསྡུས་རང་བཞིན།
ད་ལྟའི་སློབ་གཙོ།
མོ་ཧན་མོ་ཏུ·ཧ་སྨི་ཏུ·ཨན་སཱ་ལི།
ཁོངས་གཏོགས།
རྒྱ་གར།
སློབ་གླིང་དང་སྡེ་ཁག་གཙོ་བོ།
སྡེ་ཁག86དང་སློབ་གླིང79ཡོད།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོར་ལོན་ཏུན་དཔལ་འབྱོར་སློབ་གྲྭར་དཔེ་བལྟས་ནས་བཙུགས་པའི་ཏུ་ལི་དཔལ་འབྱོར་སློབ་གླིང་ནི་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་དཔལ་འབྱོར་རིག་པའི་མཐོ་རིམ་སློབ་ཁྲིད་དང་ཞིབ་འཇུག་སྒྲིག་གཞི་ཞིག་ཡིན་པ་དང་། རྒྱལ་ནང་གི་སྐད་གྲགས་ཆོད་པའི་མཁས་ཅན་མང་པོ་ཞིག་དགེ་རྒན་དུ་གདན་ཞུ་བྱས་ཡོད་པ་དང་སློབ་མ་ཚང་མ་ཡང་རྒྱ་གར་གྱི་ན་གཞོན་ཁྲོད་ཀྱི་ཕུལ་བྱུང་ཅན་རྐྱང་རྐྱང་ཡིན། དགེ་རྒན་ཆེན་མོ་མང་ཆེ་བས་སྔ་རྗེས་སུ་ཀྲུང་དབྱང་སྲིད་གཞུང་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་དཔལ་འབྱོར་བློ་འདྲི་སའི་འགན་བཞེས་མྱོང་། ལོ་བཅུ་ཕྲག་ཁ་ཤས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་ཏུ་ལི་སློབ་ཆེན་དེ་རྒྱ་གར་གྱི་སློབ་ཆེན་ཆེ་ཤོས་དང་སྐད་གྲགས་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

ལོ་རབས60པའི་དུས་འགོར་རྒྱ་གར་སློབ་ཆེན་གྱི་དངུལ་གཏོང་ཨུ་ཡོན་ལྷན་ཁང་གིས་རྒྱ་གར་རྒྱལ་ཡོངས་སུ་མཐོ་རིམ་ཞིབ་འཇུག་ལྟེ་གནས་བཙུགས་པ་རེད། ཆོག་མཆན་ཐོབ་པའི་ལྟེ་གནས18ཁྲོད་ཏུ་ལི་སློབ་ཆེན་གྱིས་ལྟེ་གནས6བཟུང་ཡོད། ལྟེ་གནས་དྲུག་པོ་ནི་དངོས་ལུགས་རིག་པ་དང་། རྫས་འགྱུར་རིག་པ། རྩི་ཤིང་རིག་པ། སྲོག་ཆགས་རིག་པ། དཔལ་འབྱོར་རིག་པ། སྤྱི་ཚོགས་རིག་པ་བཅས་ཡིན། སྤྱི་ལོ1973ལོར་ཏུ་ལི་སློབ་ཆེན་གྱིས་ཏུ་ལིའི་ལྷོ་རྒྱུད་དུ་སློབ་ཁུལ་ལྷོ་མ་བཙུགས་པ་དང་སློབ་ཁུལ་དེར་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལ་སྐད་གྲགས་ཆོད་ཡོད། སྤྱི་ལོ1983ལོར་སློབ་གྲྭས་ཏུ་ལི་རུ་སླར་ཡང་སློབ་ཁུལ་ཤར་མ་དང་ནུབ་མ་གཉིས་བཙུགས། སློབ་ཁུལ་ཤར་མ་ཏུ་གསོ་རིག་ཚན་རིག་ཆེད་ལས་ཀྱིས་སྐད་གྲགས་ཆོད་པ་དང་། སློབ་ཁུལ་ནུབ་མ་རུ་བཟོ་སྐྲུན་ལག་རྩལ་ཆེད་ལས་ཀྱིས་སྐད་གྲགས་ཆོད་ཡོད།

རྒྱ་གར་གྱི་སློབ་གྲྭ་མཐོ་ཤོས་ཡིན་པའི་ཏུ་ལི་སློབ་ཆེན་གྱིས་རྒྱ་གར་གྱིITལས་རིགས་འཕེལ་རྒྱས་ལ་རྩེར་སོན་འཇོན་མི་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཏུ་ལི་སློབ་ཆེན་ནི་ཚན་རིག་ཞིབ་འཇུག་དང་ཚན་རྩལ་མཐོ་བའི་བཀོལ་སྤྱོད་ཐད་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད།

ཏུ་ལི་སློབ་ཆེན་དུ་དཔེ་མཛོད་ཁང་གི་མ་ལག་འཐུས་སྒོ་ཚང་བ་ཞིག་བཙུགས་ཡོད་པས་དགེ་སློབ་ཚོར་ཆ་འཕྲིན་འཚོལ་བཤེར་གྱི་ཐབས་ལམ་སྟབས་བདེ་ཞིག་མཁོ་འདོན་བྱས་ཡོད་དེ། སློབ་གྲྭ་ཡོངས་སུ་དཔེ་མཛོད་ཁང་སྣ་ཚོགས30ལྷག་ཡོད་པའི་ནང་ཀྲུང་དབྱང་ཚན་རིག་དཔེ་མཛོད་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་དབྱིན་ཁྲེ་གྲུ་བཞི་མ22595དང་དཔེ་དེབ་ཁྲི18ཉར་ཚགས་བྱས་ཡོད།

ཏུ་ལི་སློབ་ཆེན་དུ་ད་ལྟ་རྩོམ་རིག་དང་། རང་བྱུང་ཚན་རིག སྤྱི་ཚོགས་རིག་པ། བཅའ་ཁྲིམས། སློབ་གསོ། རོལ་དབྱངས་མཛེས་རྩལ། རྩིས་རིག བཟོ་སྐྲུན་རིག་པ། རིག་ཚན་མང་པོའི་དངོས་སྤྱོད་རིག་པ། དོ་དམ་རིག་པ། གསོ་རིག ཨ་ཡུས་ཝེ་ཏ་དང་ཡིའུ་ན་ཨེ་གསོ་རིག དངོས་སྤྱོད་སྤྱི་ཚོགས་རིག་པ་དང་མི་ཆོས་བཅས་སྡེ་ཁག13དང་། རིག་ཚན་ཁག66དང་སློབ་གླིང70བཅས་ཡོད། དེའི་ནང་ནས12སློབ་གྲྭའི་ནང་ཡོད། ཏུ་ལི་སློབ་ཆེན་དུ་ཐོ་འགོད་བྱས་པའི་སློབ་མ་ཁྲི30ལྷག་ཙམ་གྱིས་སློབ་ཚན་སྣ་ཚོགས་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། དགེ་རྒན་དྲུག་སྟོང་ལྷག་དང་ལས་བཟོ་སུམ་སྟོང་ལྷག་ཡོད།

2 སློབ་གཉེར་རྒྱ་ཁྱོན།

ཏུ་ལི་སློབ་ཆེན་གྱི་སློབ་གྲྭར་དབྱིན་མུའུ448ཡོད་པ་དང་མཐའ་འཁོར་གྱི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་དེ། རང་བྱུང་རིག་པའི་སྡེ་ཁག་དང་། རྩིས་རིག་སྡེ་ཁག རྩོམ་རིག་སྡེ་ཁག བཅའ་ཁྲིམས་སྡེ་ཁག སློབ་གསོའི་སྡེ་ཁག སྤྱི་ཚོགས་རིག་པའི་སྡེ་ཁག རོལ་དབྱངས་དང་མཛེས་རྩལ་སྡེ་ཁག རྒྱ་གར་གྱི་ཆོས་ལུགས་སློབ་གླིང་། སེན·སི་ཏི་ཧྥུན་སློབ་གླིང་། དོ་དམ་སློབ་གླིང་། ལ་མུའུ་ཅ་སི་སློབ་གླིང་། ཁེ་ལུའོ་ལི·མེར་སློབ་གླིང་། ཀུའུ་ལུའུ·ཐའེ་ཀེ·པ་ཧ་ཏུའུ་ཨེ་ཨེར་ཞིས་ཁེ་སློབ་གླིང་། སྨི་ལན་ཏ་བུད་མེད་སློབ་གླིང་། ཡིག་ཐོག་སློབ་ཁྲིད་སློབ་གླིང་སོགས་སྡེ་ཁག་དང་སློབ་གླིང་དག་སློབ་གྲྭའི་ནང་དུ་ཁྱབ་ཡོད། སྡེ་ཁག་སོ་སོ་དང་སློབ་གླིང་སོ་སོའི་འཛུགས་སྐྲུན་ལ་རང་རང་གི་ཁྱད་ཆོས་ལྡན་པ་སྟེ། དཔེར་ན། རྒྱ་གར་ཆོས་ལུགས་སློབ་གླིང་ནི་ཐོག་ཁང་དམར་པོ་ཐོག་བརྩེགས་གཉིས་པ་ཅན་ཞིག་ཡིན་པ་དང་། ཞི་ཁུ་ཆོས་ལུགས་ཀྱི་སློབ་གླིང་ནི་ཐོག་ཁང་མདོག་དཀར་པོ་ཅན་ཞིག་ཡིན།

ཏེ་ལེ་སློབ་ཆེན་ལ་དཔེ་མཛོད་ཁང་ཆེ་གྲས་དང་ཞིབ་འཇུག་སྒྲིག་བཀོད་སྣ་ཚོགས་ཡོད། དཔེ་མཛོད་ཁང་གི་མ་ལག་ལ་བློ་འདྲིའི་ཚན་པ24ཡོད་པ་དང་ཉར་ཚགས་བྱས་པའི་དཔེ་དེབ(དུས་དེབ་ཚུད་པ)དུང་ཕྱུར2དང་ཁྲི5ལས་བརྒལ་ཡོད། མཐོ་རིམ་སློབ་གསོའི་ལྟེ་གནས6གིས་སློབ་མར་ཞིབ་འཇུག་སྒྲིག་བཀོད་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་ཡོད།

ཏུ་ལི་སློབ་ཆེན་གྱི་ཁོངས་གཏོགས་ཀྱི་སློབ་གླིང70ཡི་ནང་ཕོ་མོ་མཉམ་གནས་སློབ་གླིང41དང་། བུད་མེད་སློབ་གླིང19 སྐྱེས་པའི་སློབ་གླིང10བཅས་ཡོད་པ་དེ་དག་སོ་སོར་ཏུ་ལི་གྲོང་ཁྱེར་སྲིད་གཞུང་དང་། སྒེར་གྱི་ཚོགས་པ། ཏུ་ལི་སློབ་ཆེན་བཅས་ཀྱིས་བཙུགས་པ་ཞིག་རེད། སློབ་གླིང་འདི་དག་ཚང་མ་ནི་སློབ་གྲྭ་བཙུགས་པའི་ལས་ཁུངས་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་བསྐྲུན་པ་ཡིན། ཏུ་ལི་སློབ་ཆེན་དང་དེའི་ཁོངས་གཏོགས་ཀྱི་སློབ་གླིང་ནི་རྒྱལ་ཕྲན་མཉམ་འབྲེལ་རྣམ་པའི་རིམ་པ་གཉིས་ཀྱི་དོ་དམ་ལམ་ལུགས་ཤིག་ཡིན་པ་དང་སློབ་གླིང་ཁག་གི་སྲིད་འཛིན་ལས་དོན་དེ་སློབ་གྲྭ་འཛུགས་མཁན་ཚན་པས་དོ་དམ་ནང་ཞུགས་ཡོད་མོད། འོན་ཀྱང་དེའི95%ཡན་གྱི་འགྲོ་གྲོན་སྲིད་གཞུང་གིས་མཁོ་འདོན་བྱེད་བཞིན་ཡོད། སློབ་གླིང་འདི་དག་གི་འཛུགས་སྐྲུན་མང་ཆེ་བ་ནི་གསར་དུ་བཙུགས་པའི་ཐོག་ཁང་ཡིན་ལ། ཁང་པ་རྙིང་པའང་ཡོད། སློབ་གྲྭ་ཆེན་མོ་ཁག་གི་དགེ་རྒན་དང་། སློབ་ཁྲིད་ཀྱི་སྒྲིག་ཆས། སློབ་གྲྭ་གཉེར་བའི་ཆུ་ཚད་བཅས་ལ་ཁྱད་པར་ངེས་ཅན་ཡོད།

ཏུ་ལི་སློབ་ཆེན་གྱི་སློབ་གླིང་དང་སྡེ་ཁག་མང་པོའི་ཁྲོད་རྩོམ་རིག་སྡེ་ཁག་ནི་ཆེས་སྔ་ཤོས་དང་ཆེས་ཆེ་བའི་སྡེ་ཁག་ཅིག་ཡིན། རྩོམ་རིག་སྡེ་ཁག་གིས་ལོ་མང་རིང་རིག་གཞུང་ཆུ་ཚད་ཅུང་མཐོན་པོ་རྒྱུན་འཁྱོངས་བྱས་ཡོད་པ་དང་། རིག་གཞུང་ཁག་གི་ཞིབ་འཇུག་དཔྱད་རྩོམ་ལ་རྒྱལ་ཁབ་ཕྱི་ནང་དུ་གདེང་འཇོག་ཡག་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད། དེའི་ནང་སངས་རྒྱས་ཤཱཀྱ་མུ་ནེའི་འཁྲུངས་ནས་ལོ་ངོ2500འཁོར་བར་དྲན་གསོ་ཞུ་ཆེད་བཙུགས་པའི་ནང་བསྟན་རིག་པའི་ཞིབ་འཇུག་པུའུ་དེ་རྒྱལ་ཡོངས་ཀྱི་ནང་བསྟན་མཚན་ཉིད་རིག་པ་དང་པ་ལི་ཝུན་ལ་ཞིབ་འཇུག་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

དཔྱད་གཞིའི་ཡིག་ཆ།