སྤྱི་ལོ1834ལོའི་ཟླ3པའི་ཚེས17ཉིན་འཇར་མན་གྱི་ཧྥུའུ་ཐེང་པའོ་ལེ་མུའུ་སི་གཙང་པོའི་འགྲམ་གྱི་ཧྲེ་ཨུན་ཏུའོ་ཧྥུའུ་ཡི་ལག་ཤེས་བཟོ་ལས་ཀྱི་བཟོ་བའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་པ་དང་། ཨ་ཕ་ནི་བག་ལེབ་ཚོང་ཁང་གི་སྦྱིན་བདག་ཅིག་ཡིན།
སྤྱི་ལོ1852ལོར་སི་ཐུའུ་ཅཱ་ཐུའི་བཟོ་སྐྲུན་སློབ་གླིང་དུ་སློབ་གཉེར་བྱས།
སྤྱི་ལོ1872ལོར་ཁོང་གིས་སྒུལ་བྱེད་འཕྲུལ་འཁོར་ལ་ཇུས་འགོད་བྱས།
སྤྱི་ལོ1883ལོར་ཁོ་དང་གྲགས་ཅན་གྱི་གྲོགས་པོ་གསར་གཏོད་པ་ཝེ་ཨེར་ཧུ་མུའུ·མའེ་པཱ་ཧུ་གཉིས་མཉམ་ལས་བྱས་ཏེ་རླངས་སྣུམ་སྤྱོད་པའི་སྒུལ་བྱེད་འཕྲུལ་འཁོར་ཞིབ་འཇུག་གསར་བཟོ་བྱས་པ་དང་། སྤྱི་ལོ1885ལོར་སྒུལ་བྱེད་འཕྲུལ་འཁོར་དེ་ཤིང་བཟོས་འཁོར་ལོ་གཉིས་ཀྱི་རླངས་འཁོར་ནང་སྒྲིག་སྦྱོར་བྱས་པས་འཕྲུལ་རྟ་གསར་གཏོད་བྱས་པ་རེད།
སྤྱི་ལོ1886ལོར་ཏའེ་མུའུ་ལུ་ཡིས་སྒུལ་བྱེད་འཕྲུལ་འཁོར་དེ་རིགས་ཁོང་གིས་དགུང་ལོ43ལ་སླེབས་པའི་སྐྱེས་སྐར་ལ་ཉོས་པའི་ཤིང་རྟ་ཐོག་སྒྲིག་སྦྱོར་བྱས་ནས་ཏའེ་མུའུ་ལུ་རླངས་འཁོར་དང་པོ་བསྐྲུན་པ་རེད།
སྤྱི་ལོ1848ལོར་དགུང་ལོ་བཅུ་བཞི་ལ་སོན་པའི་ཏའེ་མུའུ་ལུ་ཡིས་ལྕགས་སྒྱོགས་རྡུང་བཟོ་བཟོ་གྲྭའི་ནང་སློབ་སྦྱོང་བྱེད་འགོ་བརྩམས།
སྤྱི་ལོ1852ལོར་སི་ཐུའུ་ཅཱ་ཐུ་བཟོ་ལས་གསབ་སྦྱོང་སློབ་གྲྭར་སློབ་གཉེར་བྱས།
སྤྱི་ལོ1857ལོར་སི་ཐུའུ་ཅཱ་ཐུ་མཐོ་རིམ་བཟོ་ལས་སློབ་གྲྭར་སློབ་གཉེར་བྱས།
སྤྱི་ལོ1859ལོར་བཟོ་ལས་གསབ་སྦྱོང་སློབ་གྲྭར་དངོས་སྦྱོང་བྱེད་སྐབས་ལྟ་རྟོག་ཐོབ་པའི་མེ་སི་ནཱ་རླངས་སྒུལ་མེ་འཁོར་བཟོ་གྲྭར་བྱ་བ་སྒྲུབ།
སྤྱི་ལོ1861ལོར་དབྱིན་ཇི་མན་ཁྲེ་སིའི་ཨ་མུའུ་སི་ཐུ་ལང·ཧུའོ་ཐུ་ཝ་ཧྲི་བཟོ་གྲྭར་སློབ་སྦྱོང་བྱེད་པའི་ཞིབ་འཇུག་སློབ་མར་གྱུར།
སྤྱི་ལོ1867ལོར་ཏའེ་མུའུ་ལུ་དགུང་ལོ33ལ་སོན་ཞིང་ཨུན་མཱ་དང་གཉེན་སྒྲིག་བྱས།
སྤྱི་ལོ1883ལོར་ཏའེ་མུའུ་ལུ་ཉལ་སྟངས་རྣམ་པའི་སྒུལ་བྱེད་འཕྲུལ་འཁོར་ཐོག་མར་བཏོན།
སྤྱི་ལོ1884ལོར་ཡང་ནུས་པ་སྔར་ལས་ལེགས་པའི་ལངས་གཟུགས་སྒུལ་བྱེད་འཕྲུལ་འཁོར་བཏོན།
སྤྱི་ལོ1885ལོའི་ཟླ4བའི་ཚེས3ཉིན་འཇར་མན་གྱི་ཆེད་ཁེ་ཐོབ།
སྤྱི་ལོ1885ལོར་ཁོས་སྒུལ་བྱེད་འཕྲུལ་འཁོར་དེ་ཤིང་བཟོས་འཁོར་ལོ་གཉིས་ཀྱི་སྟེང་དུ་སྒྲིག་སྦྱོར་བྱས་ནས་བུ་པའོ་ལུའོ་ལ་ཁ་ལོ་བྱེད་དུ་བཅུག
སྤྱི་ལོ1886ལོར་ཆུང་མ་དགུང་ལོ43ལ་སླེབས་པའི་སྐྱེས་སྐར་ལ་དྲན་གསོ་ཞུ་ཆེད། ཏའེ་མུའུ་ལུ་ཡིས་ཤིང་རྟ་ཞིག་ཉོས་ནས་ཁོའི་ལངས་ཚུལ་གྱི་སྒུལ་བྱེད་འཕྲུལ་འཁོར་སྒྲིག་སྦྱོར་བྱས་པས་ཏའེ་མུའུ་ལུའི་རླངས་འཁོར་ཐོག་མ་དེ་བྱུང་བ་རེད།
སྤྱི་ལོ1890ལོར་ཏའེ་མུའུ་ལུ་ཡིས་རང་ཉིད་ཀྱི་རླངས་འཁོར་ཀུང་སི་བཙུགས།
སྤྱི་ལོ1897ལོར་ཏའེ་མུའུ་ལུའི་ཀུང་སིས“རྒྱ་བྱ”རྟགས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཐོན་སྐྱེད་བྱས།
སྤྱི་ལོ1900ལོའི་ཟླ3པའི་ཚེས6ཉིན་ཀུ་ཐུ་ལི་པུའུ·ཏའེ་མུའུ་ལུ་འཇར་མན་གྱི་སི་ཐུའུ་ཅཱ་ཐུ་ཡི་པཱ་ཐུ་ཁན་ཧྲི་ཐཱ་ཐུ་རུ་ཚེ་ལས་འདས།
སྤྱི་ལོ1926ལོའི་ཟླ6པའི་ཚེས29ཉིན་ཏའེ་མུའུ་ལུ་ཀུང་སི་དང་པིན་ཁྲི་ཀུང་སི་ཟླ་སྒྲིལ་བཏང་བ་དང་། ཁོ་ཚོས་ཐོན་སྐྱེད་བྱས་པའི་རླངས་འཁོར་ཚང་མར“མེ་སའེ་ཏུ་སི—པིན་ཁྲིMercedes-Benz”ཞེས་བཏགས།